པཎ་གྲུབ་ཀྱི་རྣམ་ཐར།

བཅུ་བདུན་པ། ཇོ་བོ་རྗེའི་རྣམ་ཐར། ཀ༽ ཇོ་བོའི་མཚན་དོན་དང་མཚན་གྱི་རྣམ་གྲངས།

བཅུ་བདུན་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ ༼དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།༽ རྣམ་ཐར།   ཀ༽ ཇོ་བོའི་མཚན་དོན་དང་མཚན་གྱི་རྣམ་གྲངས།   དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[1]། ཤར་ཕྱོགས་བྷཾ་ག་ལ་རུ་སྐུ་འཁྲུངས་ཤིང་། ། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་འཇིངས་ལས་བརྒལ། ། འཕགས་བོད་ཡུལ་གྲུར་བསྟན་པའི་ཕྱག་རྗེས་ཅན། ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཆོད། །

མུ་མཐུད་ཀློགས།

གནས་བརྟན་བཅུ་དྲུག་དང་། པཎ་གྲུབ་བཅུ་བདུན།

གནས་བརྟན་བཅུ་དྲུག་དང་། པཎ་གྲུབ་བཅུ་བདུན། འཕགས་པའི་གནས་བརྟན་བཅུ་དྲུག་ནི། སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ། དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་

མུ་མཐུད་ཀློགས།

བ༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་གྱི་སྙིང་པོ།

བ༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་གྱི་སྙིང་པོ།   ནུབ་ཕྱོགས་ཡུལ་དུ་རྒྱལ་པོའི་རིགས་སུ་འཁྲུངས། ། ནཱ་ལེནྡྲ་རུ་སྡེ་སྣོད་གསུམ་ལ་སྦྱངས། ། འདུལ་བའི་གཞུང་མཛད་ཁ་ཆེར་འགྲོ་དོན་བསྐྱངས། ། འདུལ་འཛིན་མཆོག་གྱུར་ཤཱཀྱ་འོད་ལ་འདུད། ། ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཤཱཀྱ་པྲ་བྷ་ (शाक्यप्रभा,) (Sakyaprabha) དང་། རྒྱའི་སྐད་དུ་ (釋迦光) ཞུ་ཞིང་། བོད་སྐད་དུ་སློབ་དཔོན་ཤཱཀྱ་འོད་ཅེས་ཞུ་ཞིང་།

མུ་མཐུད་ཀློགས།

ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ། (ཤཱཀྱ་འོད།)

ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།   རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་རིང་དུ་སྤེལ་སླད་རྒྱ་ཆེན་དམ་ཆོས་འདུལ་བའི་གཞུང་གི་དགོངས་དོན་ལེགས་པར་བཀྲལ་བའི་སྒོ་ནས་སློབ་དཔོན་ཤཱཀྱ་འོད་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]། བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། ། འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

མུ་མཐུད་ཀློགས།