ཉ༽ རབ་ཏུ་བྱུང་སྟེ་སྡེ་པའི་བདག་པོར་གྱུར་པ། དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]། བསླབ་གསུམ་སྦྲང་རྩིའི་རྒྱལ་མཚན་དཔལ་འབར་བ། ། ཁོ་ནས་ཐུབ་བསྟན་དགའ་ཚལ་མཛེས་དགོངས་ཏེ། ། དོན་ཀུན་གྲུབ་པ་གཞན་བཞིན་རབ་བྱུང་བས། ། ཐུབ་དབང་གཉིས་པར་གྱུར་པ་ཁྱོད་ཕྱག་འཚལ། །
མུ་མཐུད་ཀློགས།པཎ་གྲུབ་ཀྱི་རྣམ་ཐར།
ཇ༽ ཇོ་བོས་བླ་མ་གང་དག་བསྟེན་ནས་གདམས་ངག་ཞུས་ཚུལ།
ཇ༽ ཇོ་བོས་བླ་མ་གང་དག་བསྟེན་ནས་གདམས་ངག་ཞུས་ཚུལ། དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]། མཁྱེན་པའི་ཆུ་འཛིན་བརྩེ་བའི་ཆུ་ཁུར་ཅན། ། བརྒྱ་དང་ལྔ་བཅུའི་ཐུགས་བཅུད་བདུད་རྩིའི་ཆར། ། དྲི་བྲལ་ཁྱོད་ཐུགས་ཤེལ་གྱི་བུམ་བཟང་དེར། ། ནམ་ཡང་དོག་པ་སྤངས་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།ཆ༽ ཇོ་བོས་རྒྱལ་སྲིད་སྤངས་ཏེ་གསན་བསམ་མཛད་ཚུལ།
ཆ༽ ཇོ་བོས་རྒྱལ་སྲིད་སྤངས་ཏེ་གསན་བསམ་མཛད་ཚུལ། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[1]། རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟ་བུར་སྤངས། ། རིག་འབྱུང་མཁས་པའི་སློབ་གྲྭ་ན་ལན་དྲར། ། གཙུག་གི་ནོར་བུ་ལྔ་བརྒྱའི་ཐམས་ཅད་མཁྱེན། ། བསླབ་གསུམ་རིན་ཆེན་ཐོད་བཞིན་སྤྱི་བོས་བཀུར། །
མུ་མཐུད་ཀློགས།ཅ༽ ཇོ་བོ་རྗེ་རྒྱལ་སྲས་གཞོན་ནུའི་སྐབས་ཀྱི་མཛད་སྤྱོད།
ཅ༽ ཇོ་བོ་རྗེ་རྒྱལ་སྲས་གཞོན་ནུའི་སྐབས་ཀྱི་མཛད་སྤྱོད། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[1]། སྔོན་ཚེ་རྒྱལ་སྲས་གཙོ་བོ་བཟང་སྐྱོང་ནི། ། ཟ་ཧོར་རྒྱལ་པོའི་སྲས་འཁྲུངས་སྔགས་སྤྱོད་གྲུབ། ། སླར་ཡང་ཕལ་ཆེན་སྡེ་ལས་རབ་ཏུ་བྱུང་། ། རིག་གནས་སྡེ་སྣོད་མདོ་རྒྱུད་མ་ལུས་མཁྱེན། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།