གསར་འཇུག

༡༽ པཎྜི་ཏ་དཱ་ན་ཤཱི་ལའི་རྣམ་ཐར།

༡༽ པཎྜི་ཏ་དཱ་ན་ཤཱི་ལ་སྔ་ཕྱི་གཉིས་བྱོན་པ་ནི། བུ་སྟོན་ཆོས་འབྱུང་དུ་གསལ་བར་གསུངས་ཏེ། བོད་དུ་བྱོན་ནས་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དགུ་བཅུ་གོ་གསུམ་གྱི་མཚན་ཐོ་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལས། དཱ་ན་ཤཱི་ལ་སྔ་མ་ནི་གྲངས་ ༡༧ པ་དང་། དཱ་ན་ཤཱི་ལ་ཕྱི་མ་ནི་གྲངས་ ༧༡ པ་ཡིན། དེས་ན་དཱ་ན་ཤཱི་ལ་སྔ་མ་ནི། ཕྱི་ལོའི་དུས་རབས་བརྒྱད་པར་ཀསྨིར་སྐུ་འཁྲུངས་ཤིང་།

མུ་མཐུད་ཀློགས།

༣༽ ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ།

༣༽ ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ།   ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ་མཆོག་ནི། (འདི་ལ་སྔོན་གྱི་དཔྱད་འབྲས་སུ་ཁེའུ་བརྒད་ཡོན་ཏན་དཔལ་དང་། ཁྱེའུ་གད་ཡོན་ཏན་དཔལ། ཁེར་གད་པ་ཡོན་ཏན་དཔལ་བ་ཞུ་བའང་མཐོང་།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཁོང་གི་འགྱུར་ལ། བསྟན་འགྱུར་ལས། བསྟོད་ཚོགས་པོད་ ༼ཀ༽ པར། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ་དང་།

མུ་མཐུད་ཀློགས།

༢༽ འགོས་ལོ་ཁུག་པ་ལྷས་བཙས།

༢༽ འགོས་ལོ་ཁུག་པ་ལྷས་བཙས།   འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་མཆོག་ནི།  ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་འཁྲུངས་པས། མཚན་ལ་འགོས་ཁུག་པ་ལྷས་བཙས་ཞེས་ཐོགས། མར་པ་ཆོས་ཀྱི་བློ་གྲོས་ (1012-1095) དང་དུས་མཉམ། རྗེ་ཙོང་ཁ་པས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[1]།

མུ་མཐུད་ཀློགས།

ཅ༽ སྒྱུར་བྱེད་ལོ་པཎ་གྱི་རྣམ་ཐར་སྙིང་བསྡུས། ༡༽ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ།

ཅ༽ སྒྱུར་བྱེད་ལོ་པཎ་གྱི་རྣམ་ཐར་སྙིང་བསྡུས། ༡༽ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ།   ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ་མཆོག་ནི། ཕྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་ཤིང་། སྒྲ་སྒྱུར་ལ་ཤིན་ཏུ་མཁས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན།[1] ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།

མུ་མཐུད་ཀློགས།

ང༽ མཁན་ཆེན་ཞི་བ་འཚོའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ།

ང༽ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ། ༡༽ སྟོང་པ་ཉིད་ཉི་ཤུ་པའི་འགྲེལ་པ།   དེ་ཡང་དཀར་ཆག་འཕང་ཐང་མ་ལས[1]། སྟོང་པ་ཉིད་ཉི་ཤུ་པའི་འགྲེལ་པ། སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ་ཤུ་ལོག །ཅེས་བྱུང་ཡང་། བསྟན་བཅོས་འདི་ཉིད་ཀྱི་མ་ཡིག་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

མུ་མཐུད་ཀློགས།

ག༽ ཞི་འཚོའི་གསུང་བསྒྱུར་ཞུས་གཏན་འབེབས་གནང་མཁན་གྱི་ལོ་པཎ།

ག༽ བསྒྱུར་ཞུས་གཏན་འབེབས་གནང་མཁན་གྱི་ལོ་པཎ།   མཁན་ཆེན་བཀའ་དྲིན་ཅན་གྱི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་ལ་འབེབས་མཁན། དང་པོ། རྒྱ་གར་གྱི་མཁན་པོ་དང་། པཎྜི་ཏ་རྣམས་ནི། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། པཎྜི་ཏ་དཱ་ན་ཤཱི་ལ། སློབ་དཔོན་བོ་དྷི་ས་ཏྭ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ །རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། ཛྙཱ་ན་གརྦྷ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི།

མུ་མཐུད་ཀློགས།

ཁ༽ མཁན་ཆེན་ཞི་འཚོའི་གསུང་གི་མཚན་བྱང་།

ཁ༽ མཁན་ཆེན་ཞི་འཚོའི་གསུང་གི་མཚན་བྱང་།   དེ་ཡང་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁན་ཆེན་ཞི་བ་འཚོའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། དབུ་མ། སེམས་ཙམ། ཚད་མ་བཅས་སྡེ་ཚན་ཁག་ལྔའི་ཁྲོད་དུ་ཆོས་ཚན་ ༡༨ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་གསུམ་སྟེ། ༡ བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་དང་།

མུ་མཐུད་ཀློགས།

མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག ལྔ་པ། ཚད་མའི་སྐོར།

ལྔ་པ། ཚད་མའི་སྐོར།   ༡༩༽ ཚད་མ་ ༼ཞེ༽ པ་ལ། རྒྱ་གར་སྐད་དུ། བཱ་ད་ནྱ་བ་བྲིཏྟི་བི་པཉྫི་ཏཱ་ནྲ་ནཱ་མ། བོད་སྐད་དུ། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ། དཔལ་ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་དང༌། འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

མུ་མཐུད་ཀློགས།

མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག། བཞི་པ། སེམས་ཙམ་སྐོར།

བཞི་པ། སེམས་ཙམ་སྐོར།   ༡༨༽ སེམས་ཙམ་ ༼ཧི༽ པ་ལ། རྒྱ་གར་སྐད་དུ། སཾ་བ་ར་བིང་ཤིཿཀ་བྲིཏྟི། བོད་སྐད་དུ། སྡོམ་པ་ཉི་ཤུ་པའི་འགྲེལ་པ། སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

མུ་མཐུད་ཀློགས།

མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག། གསུམ་པ། དབུ་མའི་སྐོར།

གསུམ་པ། དབུ་མའི་སྐོར།   ༡༥༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། ས་ཏྱ་ཡ་བི་བྷཾ་ག་པཉྫི་ཀ བོད་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ། སློབ་དཔོན་ཞི་བ་འཚོས་མཛད་པ། བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

མུ་མཐུད་ཀློགས།