གསར་འཇུག

ང༽ ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག

ང༽ ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག   དང་པོ། ཇོ་བོས་རྒྱལ་སྲིད་སྤངས་ནས་ཐར་པ་ཇི་ལྟར་མཛད་པ་དང་། གཉིས་པ། ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར། གསུམ་པ། ཇོ་བོ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས། བཞི་པ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས། ལྔ་པ། དགེ་བཤེས་སྟོན་པས་མཛད་པའི་གླེགས་བམ་གྱི་བཀའ་རྒྱ། དྲུག་པ། ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར།

མུ་མཐུད་ཀློགས།

ག༽ ཇོ་བོ་རྗེའི་གསུང་ཐོར་བུ་སྣ་ཚོགས་པའི་སྐོར།

ག༽ ཇོ་བོ་རྗེའི་གསུང་ཐོར་བུ་སྣ་ཚོགས་པའི་སྐོར།   དེ་ཡང་བསྟན་འགྱུར་དང་། ཇོ་བོ་རྗེའི་གསུང་འབུམ། བློ་སྦྱོང་བརྒྱ་རྩ་སོགས་སུ་མ་གསལ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་ཐོར་བུར་གནས་པའི་རིགས་ལ། ༡༽ ཡི་གེ་དྲུག་པ་ལ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བསྟོད་པ་དང་། ༢༽ གཟུངས་བསྡུས་སུ་བཞུགས་པའི་ཇོ་བོ་རྗེའི་མཚན་འབུམ། ༣༽ ཇོ་བོས་སྙེ་ཐང་དགོན་པ་བ་ལ་གསུངས་པའི་ཚིག་དྲུག །༤༽ གངས་ཅན་པའི་དམིགས་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་གྱི་གསུང་བཏུས།  ༥༽ ཇོ་བོའི་གསུང་བཏུས།

མུ་མཐུད་ཀློགས།

ཁ༽ བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་།

ཁ༽ བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་།   དེ་ཡང་བློ་སྦྱོང་བརྒྱ་རྩའི་ནང་དུ་ཇོ་བོ་རྗེའི་མཛད་བྱང་གསལ་བའི་བློ་སྦྱོང་གི་བསྟན་བཅོས་ནི། ༡༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་སྟེ། གོང་གསལ་གསུང་འབུམ་ནང་གསལ་བ་དང་། བློ་སྦྱོང་བརྒྱ་རྩར་གསལ་བ་གཉིས་མཚན་བྱང་མཚུངས་ཀྱང་བསྟན་བཅོས་ཀྱི་གཞུང་དངོས་ཅུང་མི་འདྲ་བ་འདི་ཉིད་དང་། ༢༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་འགྲེལ་པའམ་རྩ་མཆན་སྦྲགས་མ་དང་། ༣༽ ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང༌། ༤༽ ཇོ་བོའི་བློ་སྦྱོང་དོན་བདུན་མ།

མུ་མཐུད་ཀློགས།

ཏ) བཀའ་གདམས་དཔེ་དཀོན་གྱི་རྩོམ་སྒྱུར་ཞུ་གསུམ་སྐོར།

ཏ) བཀའ་གདམས་དཔེ་དཀོན་གྱི་རྩོམ་སྒྱུར་ཞུ་གསུམ་སྐོར།   གོང་གསལ་བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་བྱུང་བའི་གསུང་བཟང་ཆོས་ཚན་ ༤༧ རྙེད་སོན་བྱུང་བའི་ཁྲོད་ནས་ཐོག་མར་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༢༧ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༢༠ བཞུགས་ལ། གསུང་དེ་དག་གི་མཇུག་མཐར་མཛད་བྱང་གསལ་བའི་ཆོས་ཚན་གྲངས་ ༣༧ དང་། མཛད་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༩ བཞུགས་པའི་ཁྲོད་ནས་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་ཞེས་དང་།

མུ་མཐུད་ཀློགས།

ཉ) བཀའ་གདམས་དཔེ་དཀོན་དུ་གསལ་བའི་གསུང་གི་མཚན་བྱང་།

ཉ) བཀའ་གདམས་དཔེ་དཀོན་དུ་གསལ་བའི་གསུང་གི་མཚན་བྱང་།   ཀ༽ ཇོ་བོའི་གསུང་ཐོར་བུ་ལས་བསྟོད་ཚོགས་ལ་ཆོས་ཚན་གཅིག་བཞུགས་སོ། །ཁ༽ ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་བའི་སྐོར་ལ། ༡༽ བདེན་གཉིས་ལ་འཇུག་པ། ༢༽ ལྟ་སྒོམ་ཆུང་ངུ་དང་། ༣༽ ལྟ་སྒོམ་འབྲིང་པོ། ༤༽ ལྟ་སྒོམ་ཆེན་མོ། ༥༽ དབུ་མའི་མན་ངག་གི་འབུམ། ༦༽ བདེན་གཉིས་ཀྱི་འབུམ། ༧༽ བདེན་གཉིས་སྤྱི་བཤད་དང་། བདེན་གཉིས་འཇོག་ཚུལ་བཅས་ཆོས་ཚན་བདུན་ནོ།།

མུ་མཐུད་ཀློགས།

ཇ༽ ཇོ་བོའི་གསུང་ཐོར་བུ་ལས་ཆོ་གའི་སྐོར།

ཇ༽ ཇོ་བོའི་གསུང་ཐོར་བུ་ལས་ཆོ་གའི་སྐོར།   ༡༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །ཞེས་པ་ལས་རྒྱ་གར་སྐད་མི་གསལ། སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཆེ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བ་ལྟར་མར་མེ་མཛད་བཟང་པོ་ཇོ་བོའི་མཚན་གྱི་རྣམ་གྲངས་སུ་ངོས་བཟུང་བར་སྣང་ངོ་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ།

མུ་མཐུད་ཀློགས།

ཆ) ཇོ་བོའི་གསུང་ཐོར་བུ་ལས་སྒྲུབ་ཐབས་སྐོར།

ཆ) ཇོ་བོའི་གསུང་ཐོར་བུ་ལས་སྒྲུབ་ཐབས་སྐོར།   ༡༽ རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སྱ་བྷ་ག་ཝ་ཏེ་ཨ་བྷི་ས་མ་ཡ། བོད་སྐད་དུ། བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ། མཛད་བྱང་ལས། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། (གསུང་འདི་ཉིད། བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས། ཇོ་བོའི་གསུང་ཆོས་ཀྱི་སྐོར། ཞེས་པའི་ཁྲོད་དུ་བཞུགས་པས་ཇོ་བོའི་གསུང་མིན་ནམ་སྙམ་མོད།

མུ་མཐུད་ཀློགས།

ཅ) ཇོ་བོའི་གསུང་ཐོར་བུ་ལས་གསང་སྔགས་ལམ་རིམ་གྱི་སྐོར།

ཅ) ཇོ་བོའི་གསུང་ཐོར་བུ་ལས་གསང་སྔགས་ལམ་རིམ་གྱི་སྐོར།   ༡༽ ཇོ་བོ་རྗེས་དགོན་པ་བ་ལ་གནང་བའི་ཕྱག་ཆེན། རྒྱ་གར་སྐད་མི་གསལ་ཞིང་། སློབ་དཔོན་པའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་སྦྱོར་བྱ་བ་ཇོ་བོས་དགོན་པ་བ་ལ་གནང་བའི་གདམས་ངག་ཤིན་ཏུ་ཟབ་པ་ཡིན་གསུངས་ཤིང་། མཇུག་བྱང་ལས། ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་མདོར་བསྡུས་སྙིང་པོ་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཀུ་མ་ར་ཡིས་ཡི་གེར་བཀོད་པའོ། །བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཌོཾ་བྷི་ཧེ་རུ་ཀ །ཇོ་བོ། དགོན་པ་བ། སྟོན་པ། པོ་ཏོ་བ། ཤར་བ་ན། སྟབས་ཁ་བ་ནས་རིམ་པར་བརྒྱུད་དེ།

མུ་མཐུད་ཀློགས།

ང) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་སྐོར།

ང) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་སྐོར།   ༡༽ བྱང་ཆུབ་ལམ་རིམ། རྒྱ་གར་སྐད་དུ། བོ་དྷི་པ་ཐ་དྲ་མ། བོད་སྐད་དུ། བྱང་ཆུབ་ལམ་གྱི་རིམ་པ། མཚན་རྒྱས་པར། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་བཞུགས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༢༨ ནས་  ༤༦༤ བར་བཞུགས་སོ།།

མུ་མཐུད་ཀློགས།

ག) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་སྤྱོད་པའི་སྐོར།

ག) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་སྤྱོད་པའི་སྐོར།   ༡༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ཇོ་བོ་ཆེན་པོ་རྗེས་མཛད་པ་བཞུགས། རྒྱ་གར་སྐད་དང་། མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ། བསྟན་བཅོས་ཀྱི་མཚན་བྱང་དང་མཛད་བྱང་གཉིས་ཀར། ཐེག་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ཇོ་བོ་ཆེན་པོ་རྗེས་མཛད་པའོ། །བླ་མ་གསེར་གླིང་པ་ལས་བརྒྱུད་པའོ། །ཞེས་བྱུང་ལ། དེ་འཕྲོས། མགོན་པོ་གསེར་གླིང་པའི་ཞལ་ནས། ཞེས་པ་ནས། བློ་སྦྱོང་སེམས་པའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ། །

མུ་མཐུད་ཀློགས།