༄༅༅། །རྒྱ་གར་སྐད་དུ། བཱ་ད་ནྱཱ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རྩོད་པའི་རིགས་པ་ཞེས་བྱ་བའི༌རབ་ཏུ་བྱེད་པ།བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྩོད་པ་དག་ལ་རིགས་པ་སྨྲ་བ་རྣམས་ཀྱང་ཡང་དག་པ་མ་ཡིན་པའི་རྣམ་པར་གཞག་པ༌ཉེ་བར་དགོད་པའི་སྒོ་ནས་གཡོ་སྒྱུ་ཅན༌ཚར་གཅོད་པར་བྱེད་པའི་ཕྱིར་དེ་སུན་དབྱུང་བའི་དོན་དུ་འདི་བརྩམས་སོ། །སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་གཅད་པ༌ཡི་གནས་ཡིན་གྱི། །གཞན་ནི་
མུ་མཐུད་ཀློགས།གསར་འཇུག
འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ།
༄༅༅། །རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵ་པྲ་ཀ་ར་ཎ། བོད་སྐད་དུ། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ངོ་བོ་འདྲེས་པ་འབྲེལ་ཡིན་དུ། །གཉིས་ཉིད་ཡིན་ན༌ཇི་ལྟར་འགྱུར། །དེ་ཕྱིར་རང་བཞིན་ཐ་དད་པ། །འབྲེལ་པ་ཡང་དག་ཉིད་དུ་མེད། །གཞན་ལྟོས་པ་ནི་འབྲེལ་པར་ཡང་། །མེད་ན་དེ་ནི༌ཇི་ལྟར་ལྟ
མུ་མཐུད་ཀློགས།གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
༄༅༅། །རྒྱ་གར་སྐད་དུ། ཧེ་ཏུ་བིན་དུ༌ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།འཇམ་དཔལ་གཞོན་ནུར་གྱུར་པ༌ལ་ཕྱག་འཚལ་ལོ། །དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་ནི། རྗེས་སུ་དཔག་པ་ཉིད་ཡིན་པས། དེ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར། མདོར་བསྡུས་ནས་འདི་བརྩམ་མོ། །ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཕྱོགས་ནི་ཆོ
མུ་མཐུད་ཀློགས།རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
༄༅༅། །རྒྱ་གར་སྐད་དུ། ནྱཱ་ཡ་བིན་དུ་ན་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡང་དག་པའི་ཤེས་པ་ནི། སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །རྟོག་པ་ནི། ཤེས་པ་ལ་བརྗོད་པ་དང་འདྲེར་རུང་བ་སྣང་བ་སྟེ་ད
མུ་མཐུད་ཀློགས།ཚད་མ་རྣམ་པར་ངེས་པ།
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནི་ཤྩ་ཡ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ལ་འཕགས་པ་ཉིད་བྱོན་རྗེས་གཟུང༌དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་བ་གསལ་བར་མི་ཤེས་པས། །ཉེར་བསྟེན༌འཇིག་རྟེན་རྒྱལ༌མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཕན་པ་དང་མི་ཕན་པ་ཐོབ་པ་དང
མུ་མཐུད་ཀློགས།རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ།
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བཱར་ཏི་ཀཱ་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། ༈ །སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་
མུ་མཐུད་ཀློགས།ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག
༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་མ་ར་ཧོ་མ་མཎྜལོ་པ་ཡི་ཀ །བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི༌དཀྱིལ་འཁོར་གྱི་ཆོ་ག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདེར་གཤེགས་གཙོ་དང་སྲས་པོ་དང་པོ་དང་། །རྒྱལ་སྲས་ལྷག་མ་དང་ནི་རིགས་ཀྱི་ཡུམ་རྣམས་དང་། །ཕྱི་ནང་ལྷ་མོ་སྒོ་སྐྱོང་བཅས་པ་ལ། །དངོས་པོ་ཀུན་གྱི༌དང་བས་
མུ་མཐུད་ཀློགས།དཀྱིལ་འཁོར་གྱི་ཐིག་གི་ཆོ་ག
༄༅༅། །དཀྱིལ་འཁོར་གང་ཡང་ཐིག་གདབ་པ། །ས་གཞི་ཆ་མཉམ་འཐས་བྱས་ལ། །ཚངས་ཆེན་ལ་སོགས་ཐིག་ཆེན་བརྒྱད། །ཤིན་ཏུ་འགྲུས་མེད་མཉམ་པོར་གདབ། །ཕྱོགས་རེ་དཀྱིལ་འཁོར་ཕྱེད་ཆ་ལ། །རེའུ་མིག་ཉི་ཤུ་བཞི་བཞིར་བྱ། །གཅིག་པ་སོར་གཉིས་ཚད་དུ་བྱ། །གཉིས་པ་སྒོ་ཁྱུད་སོར་གཉིས་ཚད། །གསུམ་པ་སོར་བཞིའི་ཚད་དུ་བྱ། །བཞི་པ་སྒོ་ལོགས་སོར་བཞིའི་ཚད། །ལྔ་པ་སོར་གཉིས་ནམ་མཁའ་སྟེ། །དྲུག་པ་སོར་གཉིས་ཀ་བའོ། །བདུན་པ་དང་ནི་བརྒྱད་པ་གཉིས། །དེ་ནི་ལྷ་ཡི་སྣམ་བུ་སྟེ། །
མུ་མཐུད་ཀློགས།དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་སྱ་སྟོ་ཏྲ༌དཎྜ་ཀ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ།དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཨུཏྤལ་མདོག་སྔོན་ཆར་སྤྲིན་ཕྲེང་བ་དྲི་མེད་ནམ་མཁའ་སྔོན་པོའི་མཆོག་རླུང་ཆེན་མེ་ཆུ་ས་ཡི་དཀྱིལ་འཁོར་སྟེང་དུ་གནས་པའི་གསེར་གྱི་རི་བོའི་སྟེང་ན་པདྨ་རྒྱས་པའི་གདན་གནས་དབང་ཕྱུག་མནན་ཅིང་དཀར་མོའི་ནུ་མ་གཉིས་པོ་མཉམ་བརྫིས་ཟིལ་གྱིས་དབང་པོ་ཉེ་དབང་ཉི་མ་ཟླ་བ་ལ་སོགས་ལྷ་ར
མུ་མཐུད་ཀློགས།སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ།
༄༅༅། །རྒྱ་གར་སྐད་དུ། བུདྡྷ་སྱ་ནིརྦཱ་ཎ་སྟོ༌ཏྲཾ། བོད་སྐད་དུ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་སེར་སྐྱའི་གཞིར་ནི་ཤཱཀྱའི་རིགས་སུ་འཁྲུངས། །གང་གིས་མཉམ་དགར༌བྱང་ཆུབ་དམ་པ་ཐུགས་སུ་ཆུད། །གང་གིས་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །སཱ་ལའི་ཚལ་དུ་མྱ་ངན་འདས་གྱུར་དེ་བསྟོད་པ། །ཀྱི་ཧུད་སྙིང་རྗེ་ལྡན་མགོན་རྒྱལ་བའི་སྡིག་པ་ཞི། །ཀྱི་ཧུད་སེམས་ཅན་མཉེས༌གཤིན་ཁ་ལོས་སྒྱུར
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



