སྣར་ཐང་བཀའ་འགྱུར་གྱི་བྱུང་འཕེལ་དང་རྒྱལ་ཕྱི་རྒྱལ་ནང་གི་ཞིབ་འཇུག་གནས་བབ་སྐོར་རགས་ཙམ་གླེང་བ། གནད་བསྡུས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་ནང་པའི་ཕྱག་དཔེ་ཕྱོགས་བསྒྲིགས་མཛད་པ་གལ་ཆེན་གཉིས་ཀྱི་ཡ་གྱལ་ཞིག་རེད། དཔྱད་རྩོམ་འདིའི་ནང་བཀའ་འགྱུར་ལ་ཞིབ་འཇུག་མཛད་པའི་རྒྱ་བོད་དབྱིན་གསུམ་གྱི་ཁུངས་བཙན་ཡིག་ཆ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་མང་དག་ལ་བརྟེན་ནས་བསྟན་པ་ཕྱི་དར་སྐབས་བཅོམ་ལྡན་རིག་པའི་རལ་གྲི་སོགས་མཁས་པ་རྣམས་ཀྱིས་སྣར་ཐང་བཀའ་འགྱུར་གྱི་ཐོག་མའི་མ་དཔེ་དབུས་གཙང་མངའ་རིས་དང་བཅས་པའི་ས་ཕྱོགས་ཁག་ནས་འཚོལ་བསྡུ་དང་ཕྱོགས་བསྒྲིགས་ཇི་ལྟར་མཛད་ཚུལ་དང་།
མུ་མཐུད་ཀློགས།གསར་འཇུག
སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས།
སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་སྦས་པ། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་མཆོག་ནི། རབ་བྱུང་གཉིས་པའི་མེ་ཕག་ཕྱི་ལོ་ ༡༡༠༧ ལོར་ཡབ་སྟེང་པ་ཏོག་འབར་དང་། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་དགུ་པར་བསྙེན་པར་རྫོགས་རྗེས་གསེར་ཞོ་བཅུ་གཉིས་བསྣམས་ཏེ་རྒྱ་གར་གྱི་གྲོང་ཁྱེར་མ་ག་དྷར་ཕེབས།
མུ་མཐུད་ཀློགས།ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ལོ་རྒྱུས།
༄༅། །ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ལོ་རྒྱུས་བཞུགས་སོ།། ༄༅། །དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ལོ་རྒྱུས་ནི། མ་ཁོལ་གྱིས་ནང་པའི་གཞུང་ཐམས་ཅད་བསུན་ཕྱུང་བའི་དུས་སུ་ན་ལེནྡྲའི་པཎྜི་ཏ་རྣམས་ཀྱིས། དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས་པ་ལ། མ་ཁོལ་གྱི་རྩོད་པ་ཁོང་གིས་བཟློག་ན་ཟློག །གཞན་གྱིས་མི་བཟློག་པས་མྱ་ངན་གྱིས་ཟིན་ནས་ཡོད་པ་ལ། དཔོན་གྱི་རྨི་ལམ་དུ་གཟུགས་ནི་མ་མཐོང་བར་ནང་པར་ཚ་བའི་གྲལ་ལ་འོང་གིས། ང་ལ་འཕྲིན་ཡིག་སྤྲིང་ཟེར་བ་ཐོས་ནས།
མུ་མཐུད་ཀློགས།དཔལ་ནཱ་ལནྡཱའི་ལོ་རྒྱུས།
དཔལ་ནཱ་ལནྡཱའི་ལོ་རྒྱུས། རྨད་བྱུང་མཚན་དཔེ་བཟང་པོ་འབར་བའི་སྐུ།། དྲི་མས་མ་གོས་ཡན་ལག་དྲུག་ཅུའི་གསུང་།། མཁྱེན་བརྩེའི་བདག་ཉིད་ཡེ་ཤེས་ཐུགས་མངའ་བའི།། དུས་གསུམ་བདེ་གཤེགས་རྣམས་ཀྱི་ཞབས་ལ་འདུད།། ཕྱི་ལྟར་འདུལ་འཛིན་སྡོམ་བརྩོན་དམ་པའི་མཆོག། ནང་ལྟར་ཡུམ་དོན་དགོངས་པའི་གནས་ལ་མཁས།། གསང་བ་ངེས་གསང་རྡོ་རྗེའི་རྣལ་འབྱོར་མང་།། སྐྲུན་གནས་ཆོས་སྡེ་ཆེན་མོ་རྗེས་སུ་དྲན།།
མུ་མཐུད་ཀློགས།མགོན་པོ་བྱ་རོག་གདོང་ཅན་གྱི་ལོ་རྒྱུས།
༄༅། །ནག་པོ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལོ་རྒྱུས་ལས་ཚོགས་དང་བཅས་པའོ།། ༄༅། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཤྲཱི་ན་ལནྡ་ན་མགོན་པོ་བརྒྱད་ཡོད་ཀྱང་ཆོས་སྐྱོང་གི་གཙོ་བོ་བྱ་རོག་ནག་པོ་ཆེན་པོ་འདིར་འདུག་གསུངས། བླ་མ་ཨ་བྷ་ཡ་ན་རེ། སློབ་དཔོན་རྟ་དབྱངས་ཀྱིས་མུ་སྟེགས་ཀྱི་གྲུབ་མཐའ་བཟུང་ནས་བསྟན་པ་ཉམས་པར་བྱས་པའི་དུས་སུ་ཡང་བྱ་རོག་ཏུ་སྤྲུལ་ནས་སློབ་དཔོན་ཀླུ་སྒྲུབ་ལ་འཕྲིན་སྐྱེལ་མཁན་ཡང་འདི་ཡིན་པས། བྱ་རོག་ཆེན་པོ་ཞེས་གྲགས་པ་ཡིན་གསུངས།
མུ་མཐུད་ཀློགས།ཤཱཀྱ་ཐུབ་པའི་མཛད་པ་ཆིག་བརྒྱ་ཉེར་ལྔ།
རང་ཅག་གི་སྟོན་པའི་མཛད་པ་ཆེ་ལོང་ཙམ་བསྡུས་ན། དང་པོ་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་གྱུར་པ་དང་། རྒྱལ་རིགས་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་ཀྱི་ཡབ་ཡུམ་རང་རང་གི་ཡར་གྱི་བདུན་བརྒྱུད་བར་དུ་སྐྱོན་མེད་སོགས་ཀྱི་གཏམ་དང་། གཟིགས་པ་ལྔ་ལ་གཟིགས་པ་དང་། དགའ་ལྡན་ནས་འཕོས་ཏེ་ལྷུམས་སུ་འཇུག་པ་དང་། ཡུམ་གྱི་ལྷུམས་སུ་མི་གཙང་བས་མ་གོས་པར་བཞུགས་པའི་གནས་སྐབས་དང་།
མུ་མཐུད་ཀློགས།འཛམ་གླིང་སྤྱིའི་ཁྱད་ནོར་དང་སྤྱི་ནོར་དུ་གྱུར་པའི་ནཱ་ལེནྡྲའི་རིག་གཞུང་།
ང་ཚོས་བཤད་པ་ནི་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། འདས་པའི་ལོ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ལ་ཚན་རིག་པ་དང་འཛམ་གླིང་གི་མཁས་དབང་མང་པོར་ཐུག་ཡོད་པ་རེད། ཁོ་ཚོར་ཐུག་ཡོང་སྐབས་ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ནཱ་ལེནྡྲ་ནས་ཡོང་བའི་ཤེས་ཡོན་དེ་ནི་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པས་ཧ་ཅང་གལ་ཆེན་པོ་ཞིག་རེད།
མུ་མཐུད་ཀློགས།མཁན་པོ་བོདྷི་ས་ཏྭས་མཛད་པ་ལྷ་མོའི་རིགས་ལྔའི་གྲིབ་སེལ།
༄༅། །མཁན་པོ་བོདྷི་ས་ཏྭས་མཛད་པ་ལྷ་མོའི་རིགས་ལྔའི་གྲིབ་སེལ་ཞེས་བྱ་བ་བཞུགས་སོ།།[1] ༄༅། །ཨོཾ་སྭ་སྟི། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་རང་ངམ་གཞན་ལ་གྲིབ་ཕོག་པར་གྱུར་ན། དེ་ཉིད་སེལ་བའི་ཐབས་ལ། ཟན་ནག་པོས་གྲིབ་བདག་གི་གཟུགས་ཁྲུ་གང་ལ་གྲིབ་རྟ་ནག་པོ་ཞོན་པ། གྲིབ་གོས་ནག་པོ་གྱོན་པ། གྲིབ་ཞ་ནག་པོ་གྱོན་པ། གྲིབ་འཕྲུ་ནག་པོ་བཙུགས་པ། གྲིབ་དར་ནག་པོ་གཡས་སུ་བཟུང་བ། གྲིབ་ཁྱི་ནག་པོ་གཡོན་དུ་འཁྲིད་པ། གྲིབ་བྱ་ནག་པོ་ཀླད་ལ་ལྡིང་བ།
མུ་མཐུད་ཀློགས།ཨ་ཙ་རའི་ཆར་ཆོག་བདུད་རྩིའི་ལྗོན་ཤིང་།
༄༅། །ཨ་ཙ་རའི་ཆར་ཆོག་བདུད་རྩིའི་ལྗོན་ཤིང་བཞུགས་སོ།།[1] ༄༅། །ན་མོ་ནཱ་ག་ཛུ་ན་གརྦྷོ། མགོན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཨ་ཙ་རའི་ཆར་འབོད་འདི་ལ་འཁོར་ལོ་བསྐོར་བ་དང་། བསྒོམ་བཟླས་དང་། ཆར་གཏའ་བཀྲམ་པའོ། །དང་པོ་འཁོར་ལོ་ནི། གཞུང་ལྟར་འཁོར་ལོ་བྲིས་ལ། ཤིང་ལེབ་གཅིག་ལ་པདྨ་འདབ་བཞི་བྲིས་པའི་ཕྱོགས་བཞི་དབུས་ལྔར་པུ་རེ་བྲིས། ལྟེ་བའི་པུ་ལ་འཁོར་ལོའི་སྲོག་ཤིང་དྲངས། སྲོག་ཤིང་གི་རྩ་བའི་དཀར་གཏོར་མགོ་དགུ་པ་གཅིག་དང་།
མུ་མཐུད་ཀློགས།ཆར་འབེབས་ཤིན་ཏུ་ཟ་བའི་ལུགས་རྒྱ་ནག་ཆུ་འཁོར།
༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆར་འབེབས་ཤིན་ཏུ་ཟ་བའི་ལུགས་རྒྱ་ནག་ཆུ་འཁོར་བཞུགས་སོ།།[1] ༄༅། །བཛྲ་པཱ་ཎི་ལ་ན་མོ། ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་ནག་ཆུ་འཁོར་ལོ་འདི་ལ་མུ་ཁྱུད་རིམ་པ་བཅུ་གཉིས་བསྐོར་བའི་དབུས་སུ་ལྟེ་བ་ཟླུམ་པོ་སོར་གང་ཙམ་སྲོག་ཤིང་གཟེར་བ། དེའི་ཕྱི་རིམ་མུ་ཁྱུད་སོར་ཕྱེད་ཙམ་དུ་མེ་རིས། དེའི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན་ཏེ། ༈ ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་སྭཱཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ནི་ཡེ་ཏ་ཐཱ་ག་ཏ་ཡ། ཏདྱ་ཐཱ། ཨོཾ་པུ་ཙེ་པུ་ཙེ། ས་མ་ཡ་པུ་ཙེ་ད་ཧ་པུ་ཙེ་བྲ་བྷ་ར་པུ་ཙེ་པུ་རུ་དུ་རུ་སྭཱཧཱ།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



