གསར་འཇུག

༄༅། །འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །   སྲིད་ཞི་བདེན་སྟོང་མཉམ་པ་ཉིད་གཟིགས་པས། ། ཕོ་མོ་མཉམ་ཉིད་གདོད་ནས་དག་པའི་གཤིས། ། ངོ་མཚར་རྟེན་འབྱུང་ཆོས་ཉིད་གསལ་མཛད་པའི། ། ཐུབ་དབང་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། །   བསྟན་ལ་ཞུགས་ནས་དབང་པོའི་རྟ་ཐུལ་ཞིང་། ། ཡིད་ལ་བསླབ་གསུམ་རྒྱན་གྱིས་མཛེས་པ་ཡི། ། སེམས་དཔའ་སེམས་མ་ཉན་རང་སློབ་མའི་ཚོགས། ། འདུས་པ་རྒྱ་མཚོར་གུས་པས་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

འཕགས་བོད་གྲུབ་ཆེན་སྐྱེས་མའི་རྣམ་ཐར་དད་པའི་མཆོད་སྤྲིན་གྱི་དཀར་ཆག

དཀར་ཆག ཕྱོགས་སྒྲིག་པའི་སྔོན་གླེང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ (A)   དང་པོ། དགྲ་བཅོམ་མ་སྐྱེ་དགུའི་བདག་མོའི་རྣམ་ཐར། ཀ༽ སྐྱེ་དགུའི་བདག་མོ་གཽ་ཏ་མཱི་སོགས་ཤཱཀྱ་མོ་ལྔ་བརྒྱ་བཅས་ རབ་ཏུ་བྱུང་ཚུལ་གྱི་ལོ་རྒྱུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ (1) ཁ༽ སྐྱེ་དགུའི་བདག་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་ལྷན་དུ་ངོ་མཚར་ བའི་རྟགས་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ (13) ག༽ སྐྱེ་དགུའི་བདག་མོ་གཽ་ཏ་མཱིས་སངས་རྒྱས་ཀྱིས་བུད་མེད་རྣམས་ལ་ཆོས་ཀྱི་ སྒོ་མོ་ཇི་ལྟར་ཕྱེས་ཚུལ་གསུངས་པའི་ལོ་རྒྱུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ (23)

མུ་མཐུད་ཀློགས།

ཕྱོགས་སྒྲིག་པའི་སྔོན་གླེང་།

ཕྱོགས་སྒྲིག་པའི་སྔོན་གླེང་།   དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལས[1]། གོང་དུ་འདུ་ཁང་ནང་ཡོང་སྐབས། ངོས་ཀྱི་སེམས་ནང་འདི་ལྟར་དྲན་བྱུང་། འདུ་ཁང་ནང་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཆ་ཚང་ཞིག་བཀྲམས་འདུག་པ་ཧ་ཅང་ཡག་པོ་འདུག །དེ་བཞིན་ཞིབ་འཇུག་བྱས་ནས་སྐྱེ་དགུའི་བདག་མོ་དང་། དེ་ནས་ངོས་ཀྱིས་ཤེས་ཚོད་བྱས་ན། དགེ་སློང་མ་དཔལ་མོ་ཡོངས་གྲགས་རེད། དེ་ནས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ནས་གྲུབ་ཆེན་ཞལ་གྲངས་བཞི་བུད་མེད་ཡིན་ཅིང་།

མུ་མཐུད་ཀློགས།

བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དང་ལོ་པཎ་དག་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་།

༄༅། །བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དང་ལོ་པཎ་དག་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།   མཛད་པ་པོ་མཁན་རིན་པོ་ཆེ་ཕྲིན་ལས་རྡོ་རྗེ།     ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། ། གངས་ཅན་ལྗོངས་འདིར་རྒྱལ་བསྟན་འབྱུང་ཁུངས་གནས། །ནཱ་ལེནྡྲ་དང་ལྷག་ལས་མི་དམན་པའི། ། བི་ཀྲ་མ་ལའི་གཙུག་ལག་ཁང་ཆེན་གྱི། །གནས་དང་གནས་བརྟན་ལོ་རྒྱུས་མདོ་ཙམ་བརྗོད། །

མུ་མཐུད་ཀློགས།

བོད་ཀྱི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད།

བོད་ཀྱི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་ནས་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས། གཙོ་བོ་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་རིགས་ལམ་གྱི་ལམ་ནས་དཔྱད་པ་བྱས་ནས། རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་པ་གཙོ་བོར་བརྩི་བས།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་མ་ཏང་ཀི་པའི་རྣམ་ཐར།

ར་ལུང་དཀར་བརྒྱུད་གསེར་འཕྲེང་གི་ཏཻ་ལོ་པའི་རྣམ་ཐར་ལས[1]། བཀའ་བབས་གཉིས་པའི་ལོ་རྒྱུས་ནི། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་ཅིག་ཅར་བར་བྱིན་གྱིས་བརླབས། སློབ་དཔོན་ཀླུ་སྒྲུབ་རིམ་སྐྱེས་པར་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་གཉིས་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ཡིན་ནོ། །

མུ་མཐུད་ཀློགས།

ནཱ་ལེནྡྲ་གཙུག་ལག་སློབ་གྲྭ་ཆེན་མོ། Nalanda University

Nalanda University was a center of learning in the ancient kingdom of Magadha (modern-day Bihar) in India from the 5th to 12th centuries: Foundation Emperor Kumaragupta I of the Gupta Empire founded Nalanda University around 427 CE.

མུ་མཐུད་ཀློགས།

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བརྒྱུད་རིམ་ཐང་ག་བཞུགས།

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ནི། རྙིང་མ་དང་། བཀའ་གདམས། བཀའ་བརྒྱུད། ཤངས་པ། ས་སྐྱ། སྦྱོར་དྲུག བསྙེན་སྒྲུབ། ཞི་བྱེད། གཅོད་བཅས་སོ།། ཤིང་རྟ་དགུ་ཐང་། རི་མོ་འདིའི་མ་དཔེ་པར་རྩ་པར་ཤིང་སྡེ་དགེ་པར་ཁང་དུ་བཞུགས་ཡོད་ཤིང་། ཐང་བླ་ཚེ་དབང་ནས་བྲིས་པ་དང་ལྷ་བཀོད་པེ་ཝར་རིན་པོ་ཆེ་དང་ལྷན་དུ་བགྲོས་ནས་གནང་བ་ཞིག་རེད། གཞི་རྩ་ཤིང་རྟ་དགུ་ཐང་ལ་གཙོ་བོ་རྡོ་རྗེ་འཆང་ཅན་དཔལ་སྤུངས་ལྷ་ཁང་རྒྱ་མཐོང་ཁའི་ལོག་བྲིས་བེ་རི་མཁྱེན་བརྩེས་ལྷ་བཀོད་གནང་བ་དེ་ལྟར་ཡིན་ཡང་། འདིར་བཀའ་གདམས་གསར་མའི་ཐང་ག་རྗེ་ཡབ་སྲས་གཙོས་པའི་ལྷ་བཀོད་ཅན་དང་གཙོ་ཐང་གུ་རུ་པདྨ་གནང་ཡོད། པར་ཤིང་སྦྱིན་བདག་ནི་པར་ཁང་གཞུང་གཙོ་བོ་པར་དཔོན་བཀྲ་རྡོ་རེད།

མུ་མཐུད་ཀློགས།

ནཱ་ལེནྡྲའི་གཙུག་ལག་ཁང་ངོ་སྤྲོད་སྙིང་བསྡུས། (བོད་རྒྱ་དབྱིན་གསུམ།)

ནཱ་ལེནྡྲ་དགོན་པ་ནི་ནང་པའི་ཆོས་ལུགས་ཀྱི་ཐད་ནས་མཐོ་རྩེར་སོན་པའི་སློབ་གཉེར་ཁང་ཞིག་ཡིན། འོན་ཀྱང་དེ་ནི་ཏུ་རུ་ཀའི་མི་རིགས་བཀྵ་ཏི་ཡར་ཁལ་ཇིས་རྒྱ་གར་ནས་ནང་བསྟན་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བཟུང་བར་བརྟེན་ནས་གཏོར་བཤིག་ཚབས་ཆེན་བྱུང་། ཕྱི་ལོ་ ༡༡༩༣ ལོར་ཁལ་ཇིས་ནཱ་ལེནྡྲ་གཏོར་བཤིག་བཏང་བ་དེ་ནི་རྒྱ་གར་ནང་ནང་བསྟན་ཉམས་རྒུད་དུ་ཕྱིན་པའི་དོན་རྐྱེན་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཕར་སི་ཡའི་ལོ་རྒྱུས་སྨྲ་བ་མིན་ཧ་ཛིས་ཁོའི་ལོ་རྒྱུས་ཡིག་ཆའི་ནང་། ཁལ་ཇིས་ནཱ་ལེནྡྲར་བཙན་འཛུལ་བྱས་རྗེས་ཟླ་བ་མང་པོའི་རིང་དཔེ་ཆ་མེར་སྲེག་བཏང་བའི་སྐོར་བཀོད་ཡོད། ཁོས་”ཉིན་མང་པོའི་རིང་དཔེ་ཆ་མེར་སྲེག་བཏང་བ་ལས་བྱུང་བའི་དུ་བ་དེ་རི་ཆུང་ཆུང་ཞིག་གི་སྟེང་གི་དུ་བ་ནག་པོ་དང་འདྲ་བར་གྱུར།” ཅེས་བྲིས་ཡོད།

མུ་མཐུད་ཀློགས།

ཇོ་བོའི་སྒྲོལ་མ་གསུང་བྱོན་མ་དང་། སྒྲོལ་མ་བསྡུས་པ།

༄༅། །ན་མོ་ཨཱརྱ་ཏཱ་རེ་ཡ། ཨོཾ་བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ། ། ཏུས་རེས་དོན་རྣམས་ཐམས་ཅད་སྟེར་མ། །སྭཱཧཱ་ཡི་གེ་བཅུ་ལ་རབ་འདུད། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འདི་ཡི་ལོ་རྒྱུས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྙེ་ཐང་འོར་དུ་བཞུགས་པའི་ཚེ་ལེགས་པའི་ཤེས་རབ་གློ་བུར་དུ་བསྙུང་བ་ལ། འབྲོམ་སྟོན་པས་པྲ་ཕབས་པར་དུས་གཅིག་ལ་སྒྲོལ་མ་ཁྲི་ཚར་བཏོན་ན། ནད་ལས་གྲོལ་ཞེས་བྱུང་བ་ན།

མུ་མཐུད་ཀློགས།