དབུ་མ་རྩ་བ་དང་། བཞི་བརྒྱ་པ། དབུ་མ་འཇུག་པ། སྤྱོད་འཇུག་བཅས་ཁ་ཏོན་དུ་བྱེད་པའི་སྔོན་དུ་འདོན་རྒྱུའི་བསྟོད་པ། ༼མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད།༽ སྭསྟི། ཐུབ་པའི་དབང་པོས་རྒྱལ་བའི་བསྟན་པ་ལ། ། བདག་ཉིད་ཇི་བཞིན་ལེགས་པར་བསྔགས་པ་ཡི། ། གདེངས་ཀ་ནོར་བུའི་འོད་ཆགས་སྐྱེ་དགུའི་གཉེན། ། འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། ། ཞེས་པ་འདི་ཡང་དབུ་མ་རྩ་བ་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།།
མུ་མཐུད་ཀློགས།གསར་འཇུག
ངོས་རང་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འཛིན་མཁན་ཞིག་ཆགས་ཡོད།
༄༅། །ངོས་རང་སྐྱེ་ས་མདོ་སྨད་ས་ཁུལ་དུ་སྐྱེས། དེ་ནས་ཡར་ལྷ་སར་སླེབས་ནས་དཔེ་ཆར་བལྟས། དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་གང་འཚམ་བལྟ་རྒྱུ་བྱུང་སྟེ་སློབ་གཉེར་ཡག་པོ་བྱས་པ་ཡིན། རིམ་པར་གྲྭ་སར་གྲྭ་སྐོར་བཞག་པའི་མཚམས་སུ་དུས་ཀྱི་འགྱུར་བའི་དབང་གིས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར། རྒྱ་གར་དུ་འབྱོར་རྗེས་དེ་སྔ་བོད་དུ་དཔེ་ཆར་བལྟས་པ་དེས་ཕན་ཐོགས་རྒྱ་ཆེར་བྱུང་།
མུ་མཐུད་ཀློགས།དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལ་བསྔགས་པ།
དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལ་བསྔགས་པ། རྩོམ་པ་པོ། སྙན་ངག་པ། ངུར་སྨྲིག ཡང་དག་དགོངས་པས་ལུམྦྷིའི་ཚལ་དུ་བལྟམས། ། མཛད་པ་བཅུ་གཉིས་སྒོ་ནས་གཟིགས་པའི་མཆོག ། བདུད་བཞི་བཅོམ་ཞིང་བདེ་བར་གཤེགས་པའི་དཔལ། ། བཅོམ་ལྡན་ཟས་གཙང་སྲས་པོའི་ཞབས་ལ་འདུད། ། བད་གཤེགས་ཟས་གཙང་སྲས་པོ་སྐུ་འདས་ནས། ། ལོ་ནི་བཞི་བརྒྱའི་མཚམས་ནས་བེདྷའི་སར། ། ཤིང་རྟའི་སྲོལ་འབྱེད་ངོ་མཚར་དགེ་སློང་མཆོག ། ཀླ་སྒྲུབ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།སློབ་དཔོན་ཀླུ་སྒྲུབ་ཀྱི་སྨོན་ལམ་རྒྱ་བོད་སྐད་གཉིས་ཤན་སྦྱར།
སློབ་དཔོན་ཀླུ་སྒྲུབ་ཀྱི་སྨོན་ལམ། 《龍樹菩薩祈願文》持明 仁增塔欽仁波切新譯 འཁོར་བ་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། ། 輪迴輪轉生世悉數時 ཆོས་ལ་བཟོད་པ་མ་ཐོབ་བར་དུ་ཡང་། ། 佛法忍位真諦獲得前 ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང་། ། 三惡道中永不生於此 མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག ། 三善道之人身願獲致
མུ་མཐུད་ཀློགས།དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ།
པཎྜི་ཏ་ནགས་ཀྱི་རིན་ཆེན་ཞབས་ལ་ན་མོ། (Vanaratna) ཕྱོགས་སུ་འཛིན་པ་ཇི་སྙེད་པ། །དེ་ཉིད་ཤར་ན་གོལ་བའི་ཕྱིར། ། ཕྱོགས་གྲོལ་ཞེས་བྱའི་བླ་མ་ནི། །(རྐང་པ་ཕྱི་མ་གསལ་བར་མི་མཇལ།) ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་རུ་བ་ན་རཏྣ་སྟོ་ཏྲ་སབྟ་ཀཾ །བོད་སྐད་དུ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་ཞབས་ལ་ཕྱག་འཚལ་ལོ། །བལ་པོའི་ཡུལ་གྱི་རྒྱལ་པོ་བདེ་བར་གཤེགས་པ་ཡི། །ལུགས་ལ་རྟག་ཏུ་རྗེས་སུ་བརྩོན་པ་ལ་བཀོད་ཅིང་། །མཁས་པ་རྣམས་ཀྱི་མཛོད་གྱུར་མཐར་ཐུག་ཡོན་ཏན་གྱི། །ཚོགས་ཀྱི་ཟབ་མོ་སྣང་མཛད་དགེ་སློང་རྒྱལ་པོ་སྟེ། །
མུ་མཐུད་ཀློགས།ནང་བསྟན་ཆོས་ལུགས་ཚང་མའི་ཁུངས་ནཱ་ལེནྡཱར་གཏུགས་དགོས་པ་ལས་རྔ་རྡུང་འཆམ་འཁྲབ་སོགས་ལ་ངོ་མཚར་རྒྱུ་མེད།
ནང་བསྟན་ཆོས་ལུགས་ཚང་མའི་ཁུངས་ནཱ་ལེནྡཱར་གཏུགས་དགོས་པ་ལས་རྔ་རྡུང་འཆམ་འཁྲབ་སོགས་ལ་ངོ་མཚར་རྒྱུ་མེད། བོད་ཀྱི་ཆོས་བརྒྱུད་ཚང་མའི་རྩ་བ་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་སྟབས། རྔ་རྡུང་། འཆམ་འཁྲབ། ཆོ་ག་འདོན་རྒྱུ་བཅས་ལ་ངོ་མཚར་གང་ཡང་མི་གནང་པར་རྒྱུན་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གནད་ཆེར་ངོས་འཛིན་དགོས་པར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལ་དད་པ་ཡོད་མེད་ལ་ལྟོས་མེད་རྒྱུན་དུ་མི་བཟང་པོ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་དང་། གཞན་ལ་ཕན་ཐོགས་བྱེད་དགོས་པ། དེ་ལྟར་མ་བྱུང་ཡང་གནོད་པ་མི་བྱེད་པ་ཞིག་བྱེད་རྒྱུ་ནི་ཆོས་ཀྱི་སྙིང་པོ་དང་འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཡང་ཡིན་པར་ལམ་སྟོན་སྩལ་ཡོད།
མུ་མཐུད་ཀློགས།སྲིད་བློན་མོ་དྷི་མཆོག་གི་ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གསར་པ་དབུ་འབྱེད་གནང་བར་མགོན་པོ་གང་ཉིད་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་བ།
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གསར་པ་དབུ་འབྱེད་གནང་བར་མགོན་པོ་གང་ཉིད་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གིས་བི་ཧར་མངའ་སྡེའི་གནས་ཆེན་རྒྱལ་པོའི་ཁབ་ཏུ་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་རྒྱག་ལེགས་གྲུབ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མུ་མཐུད་ཀློགས།སྲིད་བློན་མོ་དྷི་མཆོག་གིས་ནཱ་ལེནྡྲའི་སློབ་གཉེར་ཁང་པ་དབུ་འབྱེད་མཛད་པ།
གནའ་བོའི་དུས་སུ་དཔལ་ཎཱ་ལེན་ཌའི་གནས་མཆོག་ཏུ་གྲགས་པའི་མཁས་པའི་བསྟི་གནས་སུ་གྱུར་པའི་དཔལ་ཎཱ་ལེན་ཌའི་གནའ་བོའི་གནས་མཆོག་འདི་ནས་ང་ཚོས་སྔོན་དུས་ཀྱི་མཁས་པའི་མཛད་རྗེས་རྣམས་མཐོང་ཐུབ་པར་མ་ཟད། དཔལ་ཎཱ་ལེན་ཌའི་རིག་གཞུང་གི་བསམ་བློའི་ནུས་པ་ཡང་ང་ཚོའི་རྒྱལ་ཁབ་ཀྱི་ནང་དུ་དར་ཞིང་རྒྱས་བཞིན་ཡོད། སྲིད་བློན་མོ་དྷི་མཆོག་གི་ངོ་དེབ་ལས་བཏུས་ཏེ་བོད་ཡིག་ཏུ་བསྒྱུར་བའོ།།
མུ་མཐུད་ཀློགས།རྒྱ་གར་དུ་ནང་ཆོས་རྩ་གཏོར་གཏོང་མཁན་དེ་བོད་པས་རྩ་གཏོར་བཏང་བ།
རྒྱ་གར་དུ་ནང་ཆོས་རྩ་གཏོར་གཏོང་མཁན་དེ་བོད་པས་རྩ་གཏོར་བཏང་བ། བརྗོད་གཞི་ནི། རྒྱ་གར་གྱི་ན་ལེནྡྲ་སོགས་ནང་པའི་གནས་གཞི་ཁག་གཏོར་བཅོམ་བྱེད་མཁན་གཙོ་བོ་ཁེལ་ཇིའི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། བོད་པས་ཕམ་ཉེས་བཏང་བའི་སྐོར་དེ་ཡིན། འདི་བོད་ཀྱི་ལོ་རྒྱུས་ཁག་ནང་གསལ་པོ་ཞིག་མེད་འདྲ་བས་ས་བོན་ཙམ་ཞིག་གླེང་སློང་བྱས་ཚེ་སླད་ནས་མཁས་པ་ཚོས་ཁ་སྐོང་བྱེད་ངེས་རེད་སྙམ། ཐོག་མར་གནས་ཚུལ་འདི་ཝི་ཁེ་རིག་མཛོད་ནང་མཐོང་བས་ཆ་འཇོག་འོས་པ་ཨི་ཡིན་སྙམ་ནས་དོ་སྣང་ཆེར་མ་བྱས་མོད། ཞིབ་ཏུ་བལྟས་སྐབས་ཁུངས་ལུང་དང་དཔྱད་གཞི་ལོ་རྒྱུས་དེབ་ཐེར་མང་ཙམ་འདུག་པས་འདིར་མདོར་བསྡུས་ཤིག་བཤད་འདོད་བྱུང་།
མུ་མཐུད་ཀློགས།བཏགས་ཡོད་མིང་རྐྱང་ཙམ་གྱི་རྟེན་འབྱུང་ཧ་ཅང་གསལ་པོར་གསུང་མཁན།
ངས་ནམ་རྒྱུན་སློབ་དཔོན་ལེགས་ལྡན་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཡིན་པ་དང་། དབུ་མ་སྙིང་པོ་རྩ་འགྲེལ་ཧ་ལས་པ་རེད། བུདྡྷ་པཱ་ལི་ཏའམ་སློབ་དཔོན་སངས་རྒྱ་བསྐྱངས་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཡིན་ན་ཡང་། བཏགས་ཡོད་མིང་རྐྱང་ཙམ་གྱི་རྟེན་འབྱུང་ཧ་ཅང་གསལ་པོར་གསུང་མཁན་དེ་བུདྡྷ་པཱ་ལི་ཏ་རེད། སློབ་དཔོན་ལེགས་ལྡན་དེ་འདྲ་རང་ཆགས་མེད་སྟབས། ངས་ནམ་རྒྱུན་རྩེ་མོ་རྩེས་ནས་སློབ་དཔོན་ལེགས་ལྡན་དང་བུདྡྷ་པཱ་ལི་ཏ་གཉིས་ཀས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་མདུན་ནས་རྩ་བ་ཤེས་རབ་གསན་ཡོད་ཀྱང་།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



