༢༦༽ སློབ་དཔོན་མཉྫུ་ཀིརྟི། དེ་ཡང་པཎ་ཆེན་མཉྫུ་ཀིརྟི་ནི། དཔེ་མེད་འཚོའི་[1]བརྒྱུད་པའི་གསོལ་འདེབས་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་གསོལ་འདེབས་བྱིན་རླབས་རོལ་མཚོ་ལས[2]། དཔལ་ན་ལེནྡྲའི་གཞལ་ཡས་སུ། །པཎ་ཆེན་མཉྫུ་ཀིརྟི་ལ་གསོལ་བ་འདེབས། ། ཞེས་གསུངས་པ་ལྟར། དུས་ཞབས་པ་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པའི་སློབ་མ་པཎ་ཆེན་མཉྫུ་ཀིརྟིའི་ཞབས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོའི་པཎ་ཆེན་ཞིག་ཡིན་པར་གསུངས་ཤིང་།
མུ་མཐུད་ཀློགས།པཎ་གྲུབ་ཀྱི་རྣམ་ཐར།
༢༥༽ བཻ་རོ་ཙ་ན་རཀྵི་ཏའི་རྣམ་ཐར།
༢༥༽ བཻ་རོ་ཙ་ན་རཀྵི་ཏ། དེ་ཡང་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། བཻ་རོ་ཙ་ན་རཀྵི་ཏ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཀོ་པ་ལའི་གྲོང་ཁྱེར་སོམ་མ་པཱུ་རིར། རྒྱལ་པོ་ཙ་ནའི་རིགས་སུ་འཁྲུངས། ཡུམ་ནི་སྐལ་བ་བཟང་མོ་ཞེས་བྱ།
མུ་མཐུད་ཀློགས།༢༤༽ རིགས་པའི་ཁུ་བྱུག་ཆུང་བའི་རྣམ་ཐར།
༢༤༽ རིགས་པའི་ཁུ་བྱུག་ཆུང་བ། དེ་ཡང་རིགས་པའི་ཁུ་བྱུག་གཉིས་པ་ནི། སྐྱོབ་པ་འཇིག་རྟེན་གསུམ་མགོན་ (1143-1217) གྱིས་མཛད་པའི་བཀའ་བརྒྱུད་འབྲི་གུང་པ་ལུགས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ལས[1]། རྟེན་འབྲེལ་མངོན་གྱུར་ཨ་ཝ་དྷཱུ་ཏི་པ། ། ཞེས་ཡོངས་སུ་གྲགས་པའི་རིགས་པའི་ཁུ་བྱུག་ཆུང་བར་གྲགས་པ་ནི།
མུ་མཐུད་ཀློགས།༢༣༽ བླ་མ་རིགས་པའི་ཁུ་བྱུག་ཆེ་བའི་རྣམ་ཐར།
༢༣༽ བླ་མ་རིགས་པའི་ཁུ་བྱུག་ཆེ་བ། བླ་མ་རིགས་པའི་ཁུ་བྱུག་ནི། དཔལ་ནཱ་ལེནྡྲའི་པཎ་གྲུབ་སྙན་གྲགས་ཅན་གྱི་བླ་སློབ་ཏུ་གྱུར་པ་ཞིག་སྟེ། དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དེ་སྲས་ཐུ་བོ་རིགས་པའི་ཁུ་བྱུག་ཆེ། ། ཞེས་དང་། དེ་བཞིན་སྐྱོབ་པ་འཇིག་རྟེན་གསུམ་མགོན་ (1143-1217) གྱིས་མཛད་པའི་བཀའ་བརྒྱུད་འབྲི་གུང་པ་ལུགས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ལས་[2]ཀྱང་།
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།