པཎ་གྲུབ་ཀྱི་རྣམ་ཐར།

༤༽ བུདྡྷ་པཱ་ལི་ཏ་དང་ཕ་དམ་པ་གཅིག་ཡིན་མིན།

༤༽ བུདྡྷ་པཱ་ལི་ཏ་དང་ཕ་དམ་པ་གཅིག་ཡིན་མིན། དེ་ཡང་ཕ་དམ་པ་སངས་རྒྱས་ནི། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས[1]། རྒྱ་གར་བེ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་[2]བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་སུ་གྲགས་པ་དེས།

མུ་མཐུད་ཀློགས།

༣༽ སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་མིན།

༣༽ སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་མིན།   གྲུབ་ཆེན་སངས་རྒྱས་བསྐྱངས་ཞེས་པ་ཡོངས་གྲགས་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་སངས་རྒྱས་བསྐྱངས་མིན་སྙམ་ན། གུང་རུ་རྒྱལ་མཚན་བཟང་པོས་ (1383-1450) མཛད་པའི་དབུ་མ་བཞི་བརྒྱ་པའི་འགྲེལ་པ་ལས[1]། ཀླུ་སྒྲུབ་སྙིང་པོ་འཕགས་པ་ལྷ་དང་གྲུབ་ཆེན་སངས་རྒྱས་བསྐྱངས། ། ཟླ་བ་གྲགས་པའི་ཞབས་སོགས་འདྲེན་པ་རྣམས་ལ་རབ་བཏུད་ནས། །

མུ་མཐུད་ཀློགས།

༢༽ རྒྱ་ཡིག་ཐོག་གསལ་བའི་རྣམ་ཐར།

༢༽ རྒྱ་ཡིག་ཐོག་གསལ་བའི་རྣམ་ཐར།   འོ་ན་སློབ་དཔོན་སངས་རྒྱས་བསྐྱངས་བྱོན་ཡུལ་རྒྱ་ནག་རི་བོ་རྩེ་ལྔ་ཡིན་པ་དང་། རྣམ་རྒྱལ་མའི་གཟུངས་མཆོག་ཀྱང་ལེགས་སྦྱར་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་བ། བོད་ཡིག་ཏུ་གསལ་བའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་སོགས་ལ་རྒྱའི་ཡིག་ཆའི་ཁུངས་གང་ཞིག་ཡོད་ཅེ་ན། དེ་ཡང་རྒྱ་ནག་གི་སུང་རྒྱལ་རབས་[1]སྐབས་སུ་བརྩམས་པའི་ཡིག་ཆའི་[2]ནང་ཇི་ལྟར་འབྱུང་བ་བཞིན་བོད་བསྒྱུར་[3]ཞུས་པ་གཤམ་གསལ།

མུ་མཐུད་ཀློགས།

ཏ༽ སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པའི་རྣམ་ཐར། ༡༽ བོད་ཡིག་ཐོག་གསལ་བའི་རྣམ་ཐར།

ཏ༽ སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པའི་རྣམ་ཐར། ༡༽ བོད་ཡིག་ཐོག་གསལ་བའི་རྣམ་ཐར།   སློབ་དཔོན་སངས་རྒྱས་བསྐྱངས་[1]ནི། རྒྱ་གར་ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་པར་སྐུ་འཁྲུངས། ནང་པའི་བསྟན་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ཀླུ་སྒྲུབ་དང་། ཀླུ་བཤེས་ཀྱི་སློབ་མ་དགེ་འདུན་སྲུང་སོགས་ལས་གཞུང་གསན་པས་རང་གཞན་གྱི་གྲུབ་མཐའ་མ་ལུས་པ་མཁྱེན་ཅིང་། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་མཛད་པས།

མུ་མཐུད་ཀློགས།