༠༡ མགོན་པོ་ཀླུ་སྒྲུབ་ཀྱི་གསུང་འབུམ།

སློབ་དཔོན་ཀླུ་སྒྲུབ་ཀྱི་སོར་མོ་བཅུའི་མངོན་ཤེས།

༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སོར་མོ་བཅུའི་མངོན་ཤེས་ཞེས་བྱ་བ་བཞུགས་སོ།།[1]   ༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སོར་མོ་བཅུའི་མངོན་ཤེས་བྱ་ཚུལ་འདི་ནི་དོན་མཁན་ལ་དམིགས་ནས་དོན་འདྲི་བ་པོ་དེའི་ལག་པ་གཡས་གཡོན་གང་ཟུང་གཅིག་གི་སོར་མོ་གཅིག་གི་མངོན་ཤེས་ཟེར། ༈ ལག་པ་གཡས་པའི་མཐེ་བོང་བསྟན་ན་བཟང་། མགྲོན་པོ་མྱུར་དུ་འོང་། ཕྱུགས་ལ་བཟང་། ཅི་བསམ་ཐམས་ཅད་ཀྱི་དོན་གྲུབ། ༈ མཛུབ་མོ་བསྟན་ན་གཏམ་སྙན་ཐོས། བོར་སྟོར་ཕྱི་དལ་ཆེ། མགྲོན་དུ་མྱུར་དུ་འོང་།

མུ་མཐུད་ཀློགས།

ཐོད་པ་རིན་པོ་ཆེའི་དངོས་གྲུབ་བྱུང་བའི་མཆོད་པ།

༄༅། །ཐོད་པ་རིན་པོ་ཆེའི་དངོས་གྲུབ་བྱུང་བའི་མཆོད་པ་བཞུགས་སོ།།[1]   ༄༅། །རྒྱ་གར་སྐད་དུ། ཀ་པཱ་ལ་རཏྣ་པཱུ་ཛ་ཙི་དྲ་མཎྜ། བོད་སྐད་དུ། ཐོད་པ་རིན་པོ་ཆེའི་དངོས་གྲུབ་འབྱུང་བའི་མཆོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལ་རྣལ་འབྱོར་པས་ཀ་པཱ་ལ་མཆོད་པར་འདོད་པ་འདི་ལྟར་བྱ་སྟེ། ཀ་པཱ་ལ་མ་མཆོད་ན་བྱིན་རླབས་མི་འབྱུང་སྟེ། དཔེར་ན།

མུ་མཐུད་ཀློགས།

འཕགས་པ་གསེར་འོད་ལས་གསེར་ཅན་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་གསེར་འོད་ལས་གསེར་ཅན་ཞེས་བྱ་བའི་གཟུངས།[1]   ༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏ་དྱ་ཐཱ། ཀུ་ཊི་ཀུ་ཊི་ནི། ཨི་མི་རི་ཏོ། ཀོ་ཥ་ཎི། ཨི་ཡི་རཱི་ཎི། ཨི་རཱི་སྭཱཧཱ། ཚོགས་བདག་གི་སྙིང་པོ་ནི། ཏ་དྱ་ཐཱ། ན་མ་སྟུ་ཡེ། ག་ཎ་པ་ཏེ། ཡས་མ་ཡ། མ་ནུ་སྨ་ར། རུ་དི་ཏྲ་བཱ་ཏྲ་ན་ཡེ་སྭཱཧཱ། ཨོཾ་བ་སུ་དྷ་རེ་སྭཱཧཱ། ཨོཾ་བ་སུ་ཤྲི་ཡེ་སྭཱཧཱ། སྙིང་པོ་འདི་རྟག་ཏུ་བཟླ་ན་ཁམས་གསུམ་གྱི་ཟས་དང་ནོར་ཐམས་ཅད་ལ་དབང་བྱེད་ཅིང་ལག་ཏུ་འོང་ངོ་། །ཚེ་འདི་དང་ཕྱི་མ་ལ་ཡང་སྐྱིད་ཅིང་རྒྱགས་པར་འགྱུར་རོ། །འགྲོ་བ་མི་ཕོ་མོ་ཐམས་ཅད་དབང་དུ་འདུའོ། །ཧ།།

མུ་མཐུད་ཀློགས།

གླང་པོ་རིན་པོ་ཆེའི་ནོར་གྱི་ཆར་འབེབས།

༄༅། །གླང་པོ་རིན་པོ་ཆེའི་ནོར་གྱི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།[1]   ༄༅། །རྒྱ་གར་སྐད་དུ། ཧ་སྟི་རཏྣ་དྷ་ན་མ་ཡེ་ཏི་ཨུ་པ་དྷི་ཤ་ནཱ་མ། བོད་སྐད་དུ། གླང་པོ་རིན་པོ་ཆེ་ལས་ནོར་བུ་བླངས་པའི་མན་ངག་ཅེས་བྱ་བ། དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ། །རིན་ཆེན་བདུན་ལས་ཁྱད་པར་དུ་འཕགས་པ། །བསམ་པའི་རེ་བ་མ་ལུས་སྐོང་མཛད་པ། །གླང་ཆེན་གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང་། །གང་ཞིག་ནོར་རྫས་སྒྲུབ་འདོད་པའི། །

མུ་མཐུད་ཀློགས།