ཙ༽ སློབ་དཔོན་སེངྒེ་བཟང་པོས་གསུང་རྩོམ་མཛད་ཚུལ། དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]། ཤེར་ཕྱིན་ཉི་ཁྲིའི་བསྡུས་དོན་ལེའུ་བརྒྱད་མ། ། བརྒྱད་སྟོང་འགྲེལ་ཆེན་འགྲེལ་བ་དོན་གསལ་དང་། ། སྡུད་འགྲེལ་རྟོགས་སླ་ཤེར་ཕྱིན་བསྒོམ་པ་སོགས། ། ལེགས་བཤད་གཏེར་ཆེན་སྤེལ་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།པཎ་གྲུབ་ཀྱི་རྣམ་ཐར།
མ༽ སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་དཀྱུས་ལ་འཇུག་པ།
མ༽ སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་དཀྱུས་ལ་འཇུག་པ། སློབ་དཔོན་འདིའི་རྣམ་ཐར་དཀྱུས་གཅིག་ཏུ་འགོད་པ་ལ། དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]། སྐྱེས་སྦྱངས་མཁྱེན་དཔྱོད་ཉིན་བྱེད་འོད་སྟོང་གིས། ། རང་གཞན་སྡེ་པའི་གཞུང་མང་འདམ་སྐྱེས་ཚལ། ། ལེགས་པར་ཕྱེ་བའི་གནད་དོན་སྦྲང་རྩིའི་བཅུད། ། ཐར་འདོད་ཚིམ་པར་མཛད་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།བ༽ སེངྒེ་བཟང་པོས་རྒྱ་ཆེན་གཞུང་ལ་བསླབས་ཏེ་ཉམས་རྟོགས་འཁྲུངས་ཚུལ།
བ༽ རྒྱ་ཆེན་གཞུང་ལ་བསླབས་ཏེ་ཉམས་རྟོགས་འཁྲུངས་ཚུལ། དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]། རྣལ་འབྱོར་སྤྱོད་པའི་དབུ་མའི་སྲོལ་བཟང་པོ། ། འབྱེད་མཁས་སློབ་དཔོན་ཞི་འཚོའི་ཞབས་བསྟེན་ནས། ། དབུ་མའི་གཞུང་དང་གདམས་པའི་བདུད་རྩི་ཡིས། ། ཐུགས་རྒྱུད་གཏམས་པར་མཛད་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།ཕ༽ སེང་བཟང་ཚིག་དོན་གཉིས་ཀར་མཁས་པ་ཡིན་ཚུལ།
ཕ༽ ཚིག་དོན་གཉིས་ཀར་མཁས་པ་ཡིན་ཚུལ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[1]། རབ་གསལ་ཆེས་མྱུར་སྤོབས་པས་བསྒྲུབས་པའི་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག །མི་ཤེས་ཚ་གདུང་ཀུན་ནས་བསིལ་བྱེད་ལེགས་བཤད་ཆུ་ཡི་ལྗིད་ཀྱིས་ནོན། །སྟོང་ཉིད་ང་རོ་རབ་ཏུ་བརྗིད་པའི་འབྲུག་སྒྲའི་དཔལ་གྱིས་ཉེར་མཛེས་པ། །སེང་བཟང་ཞེས་གྲགས་ཆུ་འཛིན་གང་དེ་ཐུབ་བསྟན་ནམ་མཁའི་རྒྱན་དུ་གྱུར། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།