གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་རྣམ་ཐར། ཀ༽ ཨཱརྱ་དེ་ཝའི་མཚན་དོན་དང་། ཨཱརྱ་དེ་ཝ་འཕགས་པ་ཡིན་མིན། ཁ༽ སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས། ག༽ རྒྱལ་བའི་ལུང་གིས་ཟིན་ཚུལ་དང་། དུས་ནམ་བྱོན་པ། ང༽ ཨཱརྱ་དེ་ཝ་འཁྲུངས་ཡུལ་སིངྒ་ལ་ངོ་སྤྲོད། ཅ༽ འཕགས་པ་ལྷ་རྫུས་སྐྱེས་ཡིན་མིན་སྐོར། ཆ༽ ཨཱརྱ་དེ་ཝ་པདྨ་ལས་ཇི་ལྟར་འཁྲུངས་ཚུལ། ཇ༽ ཨཱརྱ་དེ་ཝ་སིངྒ་ལའི་རྒྱལ་སྲས་སུ་འཁྲུངས་ཚུལ། ཉ༽ ཀླུ་སྒྲུབ་བསྟེན་ནས་མཁས་པར་གྱུར་ཚུལ། ཏ༽ སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ།
མུ་མཐུད་ཀློགས།ཁ༽ སློབ་དཔོན་འཕགས་པ་ལྷའི་རྣམ་ཐར།
༡) ཀླུ་བོས་དང་འཕགས་པ་ལྷས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ།
༡) ཀླུ་བོས་དང་འཕགས་པ་ལྷས་མཁན་པོ་མཛད་ཚུལ། དེ་ཡང་འཕགས་པ་ལྷ་དང་སློབ་དཔོན་ཀླུ་བོས་རྣམ་གཉིས་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་ནི། སློབ་དཔོན་འཕགས་པ་ལྷ་རང་ཉིད་ཀྱིས་མཛད་པའི་དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བའི་མཛད་བྱང་ལས[1]། དེ་བས་ན་མདོ་སྡེ་དུ་མ་ནས་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བར་བྱའོ། །
མུ་མཐུད་ཀློགས།རྒྱ་གར་པཎ་གྲུབ་གྲགས་ཅན་རྣམས་ཀྱི་གསུང་རྣམ།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[2]། དེ་ལྟར་རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་བསྡུ་བ་རིམ་པ་གསུམ་བྱུང་། དགྲ་བཅོམ་བདག་ཉིད་ཆེན་པོ་རྣམས་ཀྱིས་ཐུབ་པའི་བསྟན་པ་མ་ཉམས་པར་བཟུང་། དེ་ནས་རིམ་གྱིས་སེམས་ཅན་རྣམས་བསོད་ནམས་དམན་པས་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་སོགས་ཐུབ་པའི་བསྟན་པ་ཉམས་དམས་པར་གྱུར།
མུ་མཐུད་ཀློགས།རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར།
༄༅། །ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོའི་གསུང་ལས་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག །ལེ་ཚན་ཆོས་འབྱུང་། རིགས་ལྡན་དྲག་པོ་འབྱོན་དུས། བྱ་སྤྱོད་གཉིས་ཀྱི་ལམ་རིམ་མདོར་བསྡུས། གཞུང་བསྒྱུར་ལེ་ཚན་བཅས་བཞུགས་སོ།།[1] (མཛད་པ་པོ། འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ (1745-1800) གྱིས་མཛད།)
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།