11 ཕྱོགས་གླང་གི་གསུང་འབུམ་དཀར་ཆག

སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག དྲུག་པ། མངོན་པའི་སྐོར།

དྲུག་པ། མངོན་པའི་སྐོར། ༡༡༽ མངོན་པ་ ༼ཉུ་སྨད་༽ ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་མརྨ་པྲ་དཱི་པ་ནཱ་མ་བྲིཏྟི། བོད་སྐད་དུ། ཆོས་མངོན་པའི་ (མཛོད་ཀྱི་} འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་དངོས་ཀྱི་འགྱུར་བྱང་ལས། གཞུང་གི་ཚད་ཤོ་ལོ་ཀ་བཞི་སྟོང་ངོ་། །བློ་གྲོས་ཕུན་སུམ་ཚོགས་པ་སངས་རྒྱས་གཉིས་པ་ལྟར་གྱུར་དབྱིག་གཉེན་དེས་མཛད་ཆོས་མངོན་མཛོད། །

མུ་མཐུད་ཀློགས།

སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག ལྔ་པ། སེམས་ཙམ་སྐོར།

ལྔ་པ། སེམས་ཙམ་སྐོར།   ༡༠༽ སེམས་ཙམ་ ༼ཧི༽ པ་ལ། རྒྱ་གར་སྐད་དུ། ཡོ་ག་ཨ་བ་ཏ་ར། བོད་སྐད་དུ། རྣལ་འབྱོར་ལ་འཇུག་པ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ་རིན་ཆེན་བཟང་པོའི་འགྱུར།

མུ་མཐུད་ཀློགས།

སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག བཞི་པ། མདོ་སྡེའི་སྐོར།

བཞི་པ། མདོ་སྡེའི་སྐོར།   ༩༽ མདོ་སྡེ་ ༼ཉི༽ པ་ལ། རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ནརྠ་སཾ་གྲ་ཧ་ཀྲི་ཏི་ཨཱ་ཙཱརྱ་དིཀ་ནཱ་ག་པཱ་དེ་ན། བོད་སྐད་དུ། འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ། སྡེ་བསྟན་དཀར་ཆག་ལས[1]། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཞེས་འབྱུང་། འགྱུར་བྱང་མི་གསལ་ཡང་།

མུ་མཐུད་ཀློགས།

སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག གསུམ་པ། ཤེར་ཕྱིན་གྱི་སྐོར།

གསུམ་པ། ཤེར་ཕྱིན་གྱི་སྐོར།   ༨༽ ཤེར་ཕྱིན་ ༼ཕ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། (ཤིང་རྟའི་སྲོལ་འབྱེད་བཞི་པ་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་} འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིགས་ལེའུར་བྱས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །

མུ་མཐུད་ཀློགས།