དྲུག་པ། མངོན་པའི་སྐོར།
༡༡༽ མངོན་པ་ ༼ཉུ་སྨད་༽ ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་མརྨ་པྲ་དཱི་པ་ནཱ་མ་བྲིཏྟི། བོད་སྐད་དུ། ཆོས་མངོན་པའི་ (མཛོད་ཀྱི་} འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་དངོས་ཀྱི་འགྱུར་བྱང་ལས། གཞུང་གི་ཚད་ཤོ་ལོ་ཀ་བཞི་སྟོང་ངོ་། །བློ་གྲོས་ཕུན་སུམ་ཚོགས་པ་སངས་རྒྱས་གཉིས་པ་ལྟར་གྱུར་དབྱིག་གཉེན་དེས་མཛད་ཆོས་མངོན་མཛོད། །
ཚིག་ལེའུར་བྱས་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་འཇམ་དབྱངས་ཕྱོགས་ཀྱི་གླང་པོས་སྦྱར། །དེ་ཉིད་འཛམ་གླིང་ཉི་མ་ཤཱཀྱའི་མཚན་ཅན་ཆོས་རྗེ་དེ་སྲས་ཐུ་བོར་གྱུར་པ་ཡི། །པཎ་ཆེན་རྣལ་འབྱོར་ཟླ་བ་གྲགས་ལྟར་མཁས་མཆོག་གང་ཡིན་དེ་དང་འཇམ་དཔལ་གཞོན་ནུས་བསྒྱུར། །ཞེས་གསུངས་པ་ལྟར། པཎྜི་ཏ་ཆེན་པོ་རྣལ་འབྱོར་ཟླ་བ་དང༌། ལོ་ཙཱ་བ་འཇམ་དཔལ་གཞོན་ནུས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཉུ༽ ཚན་གྲངས་ ༢ ལྡེབ་ ༩༥བ༡ ནས་ ༢༡༤ན༧ བར་ཡིག་ཕྲེང་ ༡༦༦༦ ཚེག་ཁྱིམ་ ༡༠༠༤༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མཛོད་འགྲེལ། པོད་རྟགས། ༼ཐུ༽ ཚན་གྲངས་ ༢ ལྡེབ་ ༡༤༤ན༨ ནས་ ༢༨༦བ༡ བར་ཡིག་ཕྲེང་ ༢༢༧༤ ཚེག་ཁྱིམ་ ༡༠༠༣༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཐུ༽ ཚན་གྲངས་ ༢ ལྡེབ་ ༡༤༥བ༣ ནས་ ༢༩༢བ༦ བར་ཡིག་ཕྲེང་ ༢༠༦༢ ཚེག་ཁྱིམ་ ༡༠༠༣༤༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཉུ༽ ཚན་གྲངས་ ༢ ལྡེབ་ ༩༧བ༢ ནས་ ༢༡༤བ༡ བར་ཡིག་ཕྲེང་ ༡༦༣༨ ཚེག་ཁྱིམ་ ༡༠༠༤༨༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཉུ༽ དེབ་ཨང་ ༨༢ པ། ཤོག་གྲངས་ ༩༩༧ ནས་ ༡༢༩༢ བར་བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༧ ནས་ ༣༥༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།