སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག གསུམ་པ། ཤེར་ཕྱིན་གྱི་སྐོར།

གསུམ་པ། ཤེར་ཕྱིན་གྱི་སྐོར།

 

༨༽ ཤེར་ཕྱིན་ ༼ཕ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། (ཤིང་རྟའི་སྲོལ་འབྱེད་བཞི་པ་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་} འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིགས་ལེའུར་བྱས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །

བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་བརྒྱད་སྟོང་པའི་དོན་བསྡུས་དང་། དེའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་གཉིས་རྔོག་འགྱུར། ཞེས་འབྱུང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ལས་[2]ཀྱང་། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཉེ་བར་སྦྱར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་སློབ་དཔོན་བླ་མ་དཀོན་མཆོག་གསུམ་གྱི་འབངས་ཀྱིས་མཛད་པ་རྫོགས་སོ། །ཞེས་ཀྱང་བྱུང་ལ། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། པཎྜི་ཏ་མི་ཕམ་མགོན་པོས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (佛母般若波羅蜜多圓集要義論 T25, No1518) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༢ ལྡེབ་ ༢༩༢བ༤ ནས་ ༢༩༤བ༧ བར་ཡིག་ཕྲེང་ ༣༢ ཚིག་རྐང་ ༧-༢༣༢ ཚེག་ཁྱིམ་ ༡༧༠༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༢ ལྡེབ་ ༣༣༣ན༦ ནས་ ༣༣༦ན༢ བར་ཡིག་ཕྲེང་ ༤༥ ཚིག་རྐང་ ༧-༢༣༢ ཚེག་ཁྱིམ་ ༡༧༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཕ༽ ཚན་གྲངས་ ༢ ལྡེབ་ ༣༣༣བ༧ ནས་ ༣༣༦བ༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༣༢ ཚེག་ཁྱིམ་ ༡༧༡༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༢ ལྡེབ་ ༢༩༩ན༣ ནས་ ༣༠༡བ༣ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༢༣༢ ཚེག་ཁྱིམ་ ༡༧༠༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་ ༥༥ པ། ཤོག་གྲངས་ ༡༣༧༧ ནས་ ༡༣༨༢ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༡

[2] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་ ༥༥ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༣༥

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༡ ནས་ ༣༥༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *