11 ཕྱོགས་གླང་གི་གསུང་འབུམ་དཀར་ཆག

༢༽ ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ཤོ་ཀ

༢༽ ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ཤོ་ཀ   དགེ་སློང་དྷརྨ་ཨཱ་ལོ་ཀ་མཆོག་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། རབ་བྱུང་བསྒྲུབས་ཤིང་རྟེན་དགེ་སློང་ཡིན། སྒྱུར་རྩོམ་གཙོ་གྲས་ནི་བསྟན་འགྱུར་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཕྱོགས་ཆོས་དགུའི་འཁོར་ལོ་དང་།

མུ་མཐུད་ཀློགས།

ཇ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་བནྡེ་རྨ་རིན་ཆེན་མཆོག

ཇ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་བནྡེ་རྨ་རིན་ཆེན་མཆོག   ལོ་ཙཱ་བ་བནྡེ་རྨ་གཙོ་རིན་ཆེན་མཆོག་ནི། (རྨ་རིན་ཆེན་མཆོག་ཅེས་བྱ།) ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་པར་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ལུགས་ཤིང་ཡོས་ (775) ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་དང་།

མུ་མཐུད་ཀློགས།

ཆ༽ ཕྱོགས་གླང་གི་གསུང་གི་མ་དཔེ་མ་རྙེད་པའམ་རྩ་བརླག་སོང་བ།

ཆ༽ མ་དཔེ་མ་རྙེད་པའམ་རྩ་བརླག་སོང་བ།   དེ་ཡང་ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བསྟན་བཅོས་ཀྱི་ཁྲོད་ནས་བོད་བསྒྱུར་མ་གནང་བའམ། བོད་བསྒྱུར་གནང་ཟིན་ནའང་བསྟན་འགྱུར་དུ་མ་འཁོད་པའམ། མ་དཔེ་མ་རྙེད་པ། ཡང་ན་མ་དཔེ་གཏན་བརླག་སོང་ཟིན་པ་རྣམས་ནི། ༡༽ གཏན་ཚིགས་ཀྱི་སྒོ། འདིའི་ལུང་ཚད་ཆེན་དཀའ་འགྲེལ་དུ་དྲངས་འདུག ། (༡༠༩༦ ཤོག་ ༤༡༧།) འདི་རྒྱ་ལོ་ཨིཏ་སིང་གི་ལོ་རྒྱུས་དང་། དེར་བསྡུས་པའི་ཕྱོགས་གླང་གི་བསྟན་བཅོས་བརྒྱད་ཀྱི་མིང་ཐོར་ཡང་འཁོད་ཡོད། ༢༽ སྤྱི་མཚན་བརྟག་པ། སློབ་དཔོན་ཀ་ནི་གོ་མིས་མཛད་པའི་རྣམ་འགྲེལ་རང་འགྲེལ་གྱི་འགྲེལ་བཤད་ (རྣམ། རང་། ཤོག་ ༣༣༡ ལེའུ། ༡) དུ་འདི་ནས་ལུང་དྲངས་འདུག །རྒྱའི་བསྟན་འགྱུར་ནང་དུའང་བཞུགས། འདི་ཡོད་པ་རྒྱལ་བ་པའི་གཞུང་དུའང་བཤད། ༣༽ རིགས་པ་བརྟག་པ། འདི་ཡོད་པ། ཚད་ཀུན། རང་། ཤོག་ ༨༥ ཚད་མ། ༼ཅེ༽ སྡེ། ལ་བཤད་ཅིང་། ཞི་འཚོས་མཛད་པ་རྩོད་རིག་གི་འགྲེལ་པ་ཤོག་ ༢༣༥ པར་བཤད། གོང་གསལ་དེ་དག་ལས་གཞན་པའི་སློབ་དཔོན་ཕྱོགས་གླང་གི་གཞུང་ཞིག་རྒྱ་སྐད་དུ་ཡོད་པ་འདི་རྒྱའི་བསྟན་འགྱུར་ནང་བཞུགས་ཀྱང་དེའི་དབུར་ལེགས་སྦྱར་གྱི་མིང་མེད་པས་མ་གོ །འདི་ཡོད་པ། སྡེ་བསྟན། ཚད་མ། ༼ཅེ༽ ཚད་ཀུན། རང་། ཤོག་ ༨༥ གསལ་ཡོད། ༤༽ རྐང་མིག་གི་རིགས་པ་བརྟག་པ། བསྟན་བཅོས་འདི་གཉིས་རིགས་པ་བརྟག་པའི་ཡན་ལག་ཡིན་ནམ་དཔྱད། ༥༽ རྩོད་པའི་རབ་བྱེད། འདི་ཡོད་པ་རྣམ་བཤད་ཐར་ལམ་གསལ་བྱེད་སོགས་ཀུན་ལ་གྲགས་ཆེ། འོན་ཀྱང་གཞུང་དེ་དང་དེར་འདིའི་ལུང་འདྲེན་ཚེ། རླུང་གི་རབ་བྱེད་ལས། …

མུ་མཐུད་ཀློགས།

ཅ༽ ཕྱོགས་ཀྱི་གླང་པོའི་གསུང་བོད་བསྒྱུར་ཞུ་རྒྱུའི་རིགས།

ཅ༽ བོད་བསྒྱུར་ཞུ་རྒྱུའི་གསུང་གི་རིགས།   དེ་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། ༡༽ ཕྱོགས་གླང་གིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྫོགས་པར་བསྡུས་པ་སྦྱིན་སྲུང་གི་འགྱུར། (བོད་མ་མེད་གསུངས།) ཞེས་གསལ་བ་ལྟར་གསུང་འདི་ཉིད་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་བ་ཡོད་ཀྱང་། བོད་སྐད་དུ་བསྒྱུར་བ་མི་སྣང་ལ། གཞན་ཡང་རྒྱ་ནག་གི་བསྟན་འགྱུར་ལྟར་ན།

མུ་མཐུད་ཀློགས།