གཉིས་པ། རྒྱུད་ཀྱི་སྐོར། ༢༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་མུ་ཁ་ཥ་ཊ་དྷཱ་ར་ཎི་བྱཱ་ཁྱ་ཏ། བོད་སྐད་དུ། འཕགས་པ་སྒོ་དྲུག་པའི་གཟུངས་[1]ཀྱི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བར་གསལ་ལོ། །གཞུང་ཚད་ཤླཽ་ཀ་སུམ་ཅུ་རྩ་གཅིག་གོ །
མུ་མཐུད་ཀློགས།10 དབྱིག་གཉེན་གྱི་གསུང་འབུམ་དཀར་ཆག
བཅུ་པ། སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག ཀ༽ དང་པོ། བསྟོད་ཚོགས།
བཅུ་པ། སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག དང་པོ། བསྟོད་ཚོགས། ༡༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བསྟོད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
མུ་མཐུད་ཀློགས།རྒྱན་དྲུག་མཆོག་གཉིས་ཀྱི་གསུང་རྒྱ་ཡིག་ནས་བོད་བསྒྱུར་ཞུ་བསྡད་དཀར་ཆག
༄༅། །པཎ་གྲུབ་བཅུ་བདུན་ལས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་གསུང་བཟང་རྒྱའི་སྐད་ནས་ བོད་སྐད་དུ་བསྒྱུར་རྒྱུ་ཇི་ཡོད་ཀྱི་དཀར་ཆག་གཤམ་གསལ།། དང་པོ། མགོན་པོ་ཀླུ་སྒྲུབ། 《 龍樹》 ༡༽ 《 大智度論》 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་བསྟན་བཅོས། T25, No1509 (ཡིག་འབྲུ་གྲངས་ 957730 ཡོད།) ༢༽ 《 十住毘婆沙論》 ས་བཅུའི་འགྲེལ་པ། T26, No1521 (ཡིག་འབྲུ་གྲངས་ 127775 ཡོད།)
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།