10 དབྱིག་གཉེན་གྱི་གསུང་འབུམ་དཀར་ཆག

༡༠༽ དབྱིག་གཉེན་གྱི་གསུང་བཟང་མ་རྙེད་པའི་རིགས། བསྟན་བཅོས་སྒྲོལ་མ།

༡༠༽ བསྟན་བཅོས་སྒྲོལ་མ།   དེ་ཡང་སློབ་དཔོན་ཝེན་ཚེགས་ (613-696) ཀྱིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས[1]། གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན་དེ་དེ་ལས་གླེང་གཞིའི་ཕྱོགས་ལ་དོན་རྣམ་པ་དྲུག་ཏུ་ཕྱེ་ནས་བསྟན་ཏེ། ཡིད་ཆེས་པ་དང་། ཐོས་པ་དང་། དུས་དང་། བདག་པོ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །

མུ་མཐུད་ཀློགས།

༩༽ དབྱིག་གཉེན་གྱི་གསུང་བཟང་མ་རྙེད་པའི་རིགས། མཆོག་གསུམ་རྗེས་སུ་དྲན་པ།

༩༽ མཆོག་གསུམ་རྗེས་སུ་དྲན་པ།   དེ་ཡང་ཀུན་མཁྱེན་འཇིགས་མེད་དབང་པོའི་ (1728-1791) གསན་ཡིག་ལས[1]། སློབ་དཔོན་དབྱིག་གཉེན་གྱིས་མདོ་ལས་ཕྱུང་བའི་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། ༼༥༦༽ ཆོས་རྗེས་སུ་དྲན་པ། ༼༥༧༽ དགེ་འདུན་རྗེས་སུ་དྲན་པ། ༼༥༨༽ འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་དང་བཅས་བཞི་སློབ་དཔོན་དྷརྨཱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།

མུ་མཐུད་ཀློགས།

༥༽ མྱང་འདས་ཀྱི་འགྲེལ་པ་དང་། ༦༽ ཚེ་མདོའི་ཊཱིཀ་སོགས།

༥༽ མྱང་འདས་ཀྱི་འགྲེལ་པ་དང་། ༦༽ ཚེ་མདོའི་ཊཱིཀ ༧༽ རྫོགས་པ་གསུམ་གྱི་མདོའི་འགྲེལ་པ། ༨༽ ཆོས་འཁོར་མའི་འགྲེལ་པ།   གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། དབྱིག་གཉེན་གྱིས་མཛད་པའི་མྱང་འདས་ཀྱི་འགྲེལ་པ་དྷརྨ་བོ་དྷིའི་འགྱུར། ཡང་མྱང་འདས་ཆེ་ཆུང་གི་འགྲེལ་པ་གཉིས་མཛད་བྱང་མི་གསལ། དབྱིག་གཉེན་གྱིས་མཛད་པའི་ཚེ་མདོའི་ཊཱི་ཀ་བོདྷི་རུ་ཙིའི་འགྱུར། དེས་མཛད་པའི་རྫོགས་པ་གསུམ་གྱི་མདོའི་འགྲེལ་པ། (གོང་གསལ་གཉིས་བོད་མ་ཡོད་གསུངས།)

མུ་མཐུད་ཀློགས།

༣༽ གཙུག་རིན་གྱིས་ཞུས་པའི་འགྲེལ་པ་དང་། ༤༽ རྡོར་གཅོད་ཀྱི་ཊཱིཀ་དང་ཡང་ཊཱིཀ

༣༽ གཙུག་རིན་གྱིས་ཞུས་པའི་འགྲེལ་པ། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། དབྱིག་གཉེན་གྱིས་མཛད་པའི་གཙུག་རིན་གྱིས་ཞུས་པའི་འགྲེལ་པ་དྲང་སྲོང་པི་མུ་ཏྲིའི་འགྱུར། ཞེས་གསལ་བ་ལྟར་འདི་ཉིད་རྒྱའི་སྐད་ཡིག་ཏུ་བསྒྱུར་ཡོད་ཀྱང་། བོད་སྐད་དུ་བསྒྱུར་བ་མ་མཇལ་བས་དཔྱད་དགོས།  །།

མུ་མཐུད་ཀློགས།