10 དབྱིག་གཉེན་གྱི་གསུང་འབུམ་དཀར་ཆག

༢༽ དབྱིག་གཉེན་གྱི་གསུང་བཟང་མ་རྙེད་པའི་རིགས། ཚད་མ་སྨྲ་བའི་སྒྲོན་མ།

༢༽ ཚད་མ་སྨྲ་བའི་སྒྲོན་མ།   དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[1]། ཕྱིས་དབྱིག་གཉེན་གྱིས་ཚད་མ་སྨྲ་བའི་སྒྲོན་མ་མཛད། དེ་རྣམས་ཚད་མའི་བསྟན་ཆོས་བརྩམས་ཚུལ་ལོ། །ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་ཚད་མ་སྨྲ་བའི་སྒྲོན་མ་ཞེས་པའི་ཚད་མའི་གཞུང་ཞིག་མཛད་ཚུལ་གསལ་ལ། དེ་བཞིན་ཀློང་ཆེན་ (1308-1363/64) ཆོས་འབྱུང་ལས་[2]ཀྱང་།

མུ་མཐུད་ཀློགས།

ཅ༽ དབྱིག་གཉེན་གྱི་གསུང་བཟང་མ་རྙེད་པའི་རིགས། ༡༽ སཱ་ལུ་ལྗང་པའི་མདོ་འགྲེལ།

ཅ༽ གསུང་བཟང་མ་རྙེད་པའི་རིགས། ༡༽ སཱ་ལུ་ལྗང་པའི་མདོ་འགྲེལ།   དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[1]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད་གསུམ་གྱི་འགྲེལ་པ། རྣམ་བཤད་རིག་པ། ལས་སྒྲུབ་པའི་རབ་ཏུ་བྱེད་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཉི་ཤུ་པ་དང་། སུམ་ཅུ་པའི་རབ་བྱེད་དེ་པྲ་ཀ་ར་ཎ་སྡེ་བརྒྱད་དོ། །

མུ་མཐུད་ཀློགས།

ང༽ སློབ་དཔོན་དབྱིག་གཉེན་གྱི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་ལོ་པཎ།

ང༽ བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་ལོ་པཎ།   ༡༽ སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་རྒྱ་དཀར་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི།

མུ་མཐུད་ཀློགས།

ག༽ མཛད་པ་པོའི་མཚན་དང་། བསྒྱུར་བྱའི་སྐད་ཡིག

ག༽ མཛད་པ་པོའི་མཚན་དང་། བསྒྱུར་བྱའི་སྐད་ཡིག   དང་པོ། ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་གྱི་གསུང་ལ་མཚོན་ན། བསྟོད་ཚོགས་དང་། རྒྱུད། ཤེར་ཕྱིན། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། སྤྲིང་ཡིག་བཅས་སྡེ་ཚན་ཁག་དགུ་ལ་གསུང་ཆོས་ཚན་རྣམ་གྲངས་ ༣༩ བཞུགས་པ་ལས། བསྟོད་ཚོགས་སུ་ཆོས་ཚན་ ༡ དང་། རྒྱུད་ལ་ ༡ ཤེར་ཕྱིན་ལ་ ༢ མདོ་སྡེ་ལ་ ༡༠ སེམས་ཙམ་ལ་ ༡༥ མངོན་པ་ལ་ ༤

མུ་མཐུད་ཀློགས།