རྒྱན་དྲུག་མཆོག་གཉིས་ཀྱི་གསུང་རྒྱ་ཡིག་ནས་བོད་བསྒྱུར་ཞུ་བསྡད་དཀར་ཆག

༄༅། །པཎ་གྲུབ་བཅུ་བདུན་ལས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་གསུང་བཟང་རྒྱའི་སྐད་ནས་

བོད་སྐད་དུ་བསྒྱུར་རྒྱུ་ཇི་ཡོད་ཀྱི་དཀར་ཆག་གཤམ་གསལ།།

 

དང་པོ། མགོན་པོ་ཀླུ་སྒྲུབ། 《  龍樹》

 

༡༽ 《  大智度論》   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་བསྟན་བཅོས། T25, No1509 (ཡིག་འབྲུ་གྲངས་ 957730 ཡོད།)

༢༽ 《  十住毘婆沙論》   ས་བཅུའི་འགྲེལ་པ། T26, No1521 (ཡིག་འབྲུ་གྲངས་ 127775 ཡོད།)

༣༽ 《  十二門論》   སྒོ་བཅུ་གཉིས་ཀྱི་བསྟན་བཅོས། T30, No1568 (ཡིག་འབྲུ་གྲངས་ 11150 ཡོད།)

༤༽ 《  壹輸盧迦論》   ཚིགས་བཅད་གཅིག་མ། T30, No1573 (ཡིག་འབྲུ་གྲངས་ 1263 ཡོད།)

༥༽ 《  十八空性論》   སྟོང་ཉིད་བཅོ་བརྒྱད་པ། T31, No1616 (ཡིག་འབྲུ་གྲངས་  8792 ཡོད།)

༦༽ 《  釋摩訶衍論》   ཐེག་པ་ཆེན་པོའི་ཆོས་འགྲེལ་པ། T32, No1668 (ཡིག་འབྲུ་གྲངས་  3101797 ཡོད།)

༧༽ 《  福蓋正行所集經》   མདོ་ལས་བཏུས་པའི་བསོད་ནམས་དང་༼ཁྱབ་པའམ༽ ལྡན་པའི་ཡང་དག་པའི་སྤྱོད་པ། T32, No1671 (ཡིག་འབྲུ་གྲངས་ 34233 ཡོད།)

༨༽ 《  廣大發願頌》   སྨོན་ལམ་རྒྱ་ཆེ་བཏབ་པའི་ཚིགས་སུ་བཅད་པ། T32, No1676 (ཡིག་འབྲུ་གྲངས་ 532 ཡོད།)

 

གཉིས་པ། འཕགས་པ་ལྷ། 《  提婆》

༡༽ 《  百字論》   ཡི་གེ་བརྒྱ་པ། T30, No1572   ༼བོད་པས་ཀླུ་སྒྲུབ་ཀྱི་གསུང་དང་། རྒྱས་འཕགས་པ་ལྷའི་གསུང་དུ་བཞེད།༽ (ཡིག་འབྲུ་གྲངས་ 3455 ཡོད།)

༢༽ 《  提婆菩薩破楞伽經中外道小乘四宗論》   འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་གྱི་གྲུབ་མཐའ་བཞི་འགག་པ། T32, No1639 (ཡིག་འབྲུ་གྲངས་ 2240 ཡོད།)

༣༽ 《  提婆菩薩釋楞伽經中外道小乘涅槃論》   T32, No1640 འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་པའི་མྱང་འདས་ཀྱི་ལྟ་བ་འགྲེལ་པ། (ཡིག་འབྲུ་གྲངས་  ཡོད།)

 

གསུམ་པ། འཕགས་པ་ཐོགས་མེད། 《  無著》

༡༽ 《  能斷金剛般若波羅蜜多經論頌》   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་ཚིགས་སུ་བཅད་པའི་བསྟན་བཅོས། T25, No1514 (ཡིག་འབྲུ་གྲངས་ 1548 ཡོད།)

༢༽ 《  順中論義入大般若波羅蜜經初品法門》   དབུ་མ་རྩ་ཤེ་དང་རྗེས་སུ་མཐུན་པའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལ་འཇུག་པའི་འཇུག་ངོགས་དང་པོ། T30, No1565 龍樹菩薩造  無著釋 (ཡིག་འབྲུ་གྲངས་ 13795 ཡོད།)

༣༽ 《  顯揚聖教論》   འཕགས་པའི་ཆོས་གཟེངས་སུ་བསྟོད་པ། T31, No1602 (ཡིག་འབྲུ་གྲངས་ 137919 ཡོད།)

༤༽ 《  顯揚聖教論頌》   འཕགས་པའི་ཆོས་གཟེངས་སུ་བསྟོད་པའི་ཚིགས་སུ་བཅད་པ། T31, No1603 (ཡིག་འབྲུ་གྲངས་ 5148 ཡོད།)

 

བཞི་པ། སློབ་དཔོན་དབྱིག་གཉེན། 《  世親》

༡༽ 《  六門陀羅尼經論》   འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་བསྟན་བཅོས། T21, No1361 (ཡིག་འབྲུ་གྲངས་ 4019 ཡོད།)

༢༽ 《  金剛般若波羅蜜經論》   རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས། T25, No1511 ༼ཉམས་ཞིབ་པ་དག་གིས་སློབ་དཔོན་དབྱིག་གཉེན་གྱི་གསུང་འདི་དང་། གོང་གསལ་ཐོགས་མེད་ཀྱི་གསུང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་བསྟན་བཅོས།應為 No1514之同本異譯 འདི་གཉིས་ཀ་ཐོགས་མེད་ཀྱིས་མཛད་པའི་གསུང་གཅིག་ཡིན་ནའང་། བསྒྱུར་མི་འདྲ་བ་གཉིས་བྱུང་བས་ལོ་ཙཱ་བ་གཅིག་གིས་དབྱིག་གཉེན་གྱི་གསུང་ཡིན་པར་བཀོད་འདུག་པ་བཅས་སོ།། (ཡིག་འབྲུ་གྲངས་ 20740 ཡོད།)

༣༽ 《  金剛仙論》   རྡོ་རྗེ་ལྷ། T25, No1512 ༼འདི་དབྱིག་གཉེན་གྱི་མཚན་གཡར་བ་ཞིག་ཡིན་པར་བརྗོད་སྲོལ་ཡོད་འདུག༽ (ཡིག་འབྲུ་གྲངས་ 110454 ཡོད།)

༤༽ 《  能斷金剛般若波羅蜜多經論釋》   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་བསྟན་བཅོས་ཀྱི་འགྲེལ་པ། T25, No1513 (ཡིག་འབྲུ་གྲངས་ 12583 ཡོད།)

༥༽ 《  寶髻經四法憂波提舍》   འཕགས་པ་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བའི་མདོའི་ཆོས་བཞི་འགྲེལ་བ། T26, No1526 (ཡིག་འབྲུ་གྲངས་ 4997 ཡོད།)

༦༽ 《  涅槃經本有今無偈論》   གདོད་མ་ནས་ཡོད་ཀྱང་ད་ལྟར་མེད་ཅེས་པའི་མྱང་འདས་མདོའི་ཚིགས་སུ་བཅད་པ། T26, No1528 ༼གདོད་ནས་ཡོད་ཀྱང་ད་ལྟར་མེད། །ཅེས་པའི་ཚིགས་སུ་བཅད་པ་ཐོག་མའི་ཆ་ནས་མཚན་བཏགས་པ་ཡིན། མདོ་བོད་བསྒྱུར་གྱིས་བཀའ་འགྱུར་གྱི་མྱ་ངན་ལས་འདས་པའི་མདོའི་ནང་བཞུགས་ཡོད། བོད་བསྒྱུར་ནང་ཚིགས་རྐང་དེ་ཉིད་ཇི་བཞིན་ཡིིན་མིན་དཔྱད་བསྡུར་ཞུ་དགོས།༽ (ཡིག་འབྲུ་གྲངས་ 2586 ཡོད།)

༧༽ 《  遺教經論》   བཀའ་ཆེམས་མདོ་དང་བསྟན་བཅོས། T26, No1529 (ཡིག་འབྲུ་གྲངས་ 11575 ཡོད།)

༨༽ 《  勝思惟梵天所問經論》   འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས། T26, No1532 (ཡིག་འབྲུ་གྲངས་ 26027 ཡོད།)

༩༽ 《  轉法輪經憂波提舍》   ཆོས་འཁོར་སྐོར་བའི་མདོའི་འགྲེལ་པ། T26, No1533 (ཡིག་འབྲུ་གྲངས་ 3971 ཡོད།)

༡༠༽ 《  六門教授習定論》   སྒོ་དྲུག་ནས་ཏིང་ངེ་འཛིན་བསླབ་པར་གདམས་པའི་བསྟན་བཅོས། T31, No 1607 (ཡིག་འབྲུ་གྲངས་ 4038 ཡོད།)

༡༡༽ 《  佛性論》   སངས་རྒྱས་ཀྱི་རིགས། T31, No1610 (ཡིག་འབྲུ་གྲངས་ 37154 ཡོད།)

本論詳釋究竟一乘寶性論中第五至第七等三品,闡明一切眾生悉有佛性之義。

༡༢༽ 《  止觀門論頌》   ཞི་ལྷག་ཆོས་སྒོའི་བསྟན་བཅོས་ཚིགས་སུ་བཅད་པ། T32, No1655  修不淨觀之法門也 (ཡིག་འབྲུ་གྲངས་ 1678 ཡོད།)

༡༣༽ 《  發菩提心經論》   བྱང་ཆུབ་སེམས་བསྐྱེད་ཀྱི་མདོ་དང་བསྟན་བཅོས། T32, No1659 (ཡིག་འབྲུ་གྲངས་  ཡོད།)

 

ལྔ་པ། སློབ་དཔོན་ཕྱོགས་གླང་། 《  陳那》

༡༽ 《  取因假設論》   ཚོད་དཔགས་རྟགས་ལེན་གྱི་བསྟན་བཅོས་སམ། རྟགས་ལེན་བཏགས་པའི་བསྟན་བཅོས།T31, No1622 (ཡིག་འབྲུ་གྲངས་ 3592 ཡོད།)

༢༽ 《  觀總相論頌》   སྤྱི་མཚན་བརྟག་པའི་བསྟན་བཅོས་ཚིགས་སུ་བཅད་པ། T31, No1623 (ཡིག་འབྲུ་གྲངས་ 220 ཡོད།)

 

དྲུག་པ། དཔལ་ལྡན་ཆོས་གྲགས། 《  法稱》

༡༽ 《  金剛針論》   རྡོ་རྗེ་ཁབ། T32, No1642 (ཡིག་འབྲུ་གྲངས་ 3522 ཡོད།)

 

མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་གྲངས་ ༨ དང་། འཕགས་པ་ལྷའི་བསྟན་བཅོས་ ༣ འཕགས་པ་ཐོགས་མེད་ཀྱི་བསྟན་བཅོས་ ༤ སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་ ༡༣ སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་ ༢ དཔལ་ལྡན་ཆོས་གྲགས་ཀྱི་བསྟན་བཅོས་ ༡ བཅས་རྒྱན་དྲུག་གི་བསྟན་བཅོས་ཞལ་གྲངས་ ༣༣ རྣམས་རྒྱའི་སྐད་དུ་བཞུགས་ཀྱང་འདི་དག་བོད་འགྱུར་ཞུ་རྒྱུ་ཡིན། གོང་གསལ་བསྟན་བཅོས་རྣམས་ལ་ཡིག་འབྲུ་གྲངས་ ༡༦༥༨༨༢༢ ཡོད་པ་ལས་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བསྟན་པའི་བསྟན་བཅོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་བསྟན་བཅོས། T25, No1509 (ཡིག་འབྲུ་གྲངས་ 957730 ཡོད་པ་འདི་ཀླུ་སྒྲུབ་ལ་ཁ་གཡར་བ་ནས་ཀླུ་སྒྲུབ་ཀྱིས་གསུང་དངོས་མིན་པར་སྣང་བས་དེ་འཕྲོས་བསྟན་བཅོས་ ༣༢ རྣམས་ལ་ཡིག་འབྲུག་ ༧༠༡༠༩༢ ཡོད་པ་རྣམས་བོད་འགྱུར་ཞུ་དགོས་སོ།།

པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ཁང་། ཕྱོགས་སྒྲིག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༥ དགེ་བར།

 

Leave a Reply

Your email address will not be published. Required fields are marked *