སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག བདུན་པ། འདུལ་བའི་སྐོར།

བདུན་པ། འདུལ་བའི་སྐོར།

 

༣༤༽ འདུལ་བ་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ས་མ་ཡ་བྷེ་དོ་བ་ཡཱུར་ཧ་ཙ་ཀྲཾ། བོད་སྐད་དུ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། བཙུན་པ་དབྱིག་གི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བནྡེ་བཟང་སྐྱོང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ། །འདི་དབྱིག་གཉེན་གྱིས་མཛད་པ་དང་།

དབྱིག་བཤེས་ཀྱིས་མཛད་པ་བཅས་བཞེད་པ་གཉིས་བྱུང་བ་ཞིབ་ཕྲ་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼སུ༽ ཚན་གྲངས་ ༡༢ ལྡེབ་ ༡༤༡ན༥ ནས་ ༡༤༧ན༣ བར་ཡིག་ཕྲེང་ ༨༣ ཚེག་ཁྱིམ་ ༤༧༣༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀཱ་རི་ཀཱ། པོད་རྟགས། ༼ཨུ༽ ཚན་གྲངས་ ༡༡ ལྡེབ་ ༡༦༨བ༧ ནས་ ༡༧༧ན༡ བར་ཡིག་ཕྲེང་ ༡༣༢ ཚེག་ཁྱིམ་ ༤༧༣༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སུ༽ ཚན་གྲངས་ ༡༡ ལྡེབ་ ༡༥༧ན༢ ནས་ ༡༦༣བ༣ བར་ཡིག་ཕྲེང་ ༩༣ ཚེག་ཁྱིམ་ ༤༧༣༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཨུ༽ ཚན་གྲངས་ ༡༢ ལྡེབ་ ༡༤༡ན༥ ནས་ ༡༤༧ན༣ བར་ཡིག་ཕྲེང་ ༨༣ ཚེག་ཁྱིམ་ ༤༧༣༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ་ ༼སུ༽ དེབ་ཨང་ ༩༣ ཤོག་གྲངས་ ༡༡༢༦ ནས་ ༡༡༤༠ བར་བཞུགས་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༡ ནས་ ༣༠༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *