ཙ༽ བྱས་ཅན་ལོ་པཎ་གྱི་བཀའ་དྲིན་ལ་བསྟོད་པ། དེ་ཡང་ས་སྐྱ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་གི་མཆོད་བརྗོད་ལས[1]། བོད་ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར། ། དམ་པ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྤར། ། བོད་འབངས་སེམས་ཅན་བདེ་ལ་འགོད་མཛད་པ། ། སྤྲུལ་པའི་རྒྱལ་བློན་རྣམས་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།བོད་ཀྱི་ལོ་ཙཱ་བ།
མ༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བའི་མཚན།
མ༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ་ ༨༩ ཡི་མཚན་གཞུང་། ༡༽ མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༡༽ ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས་དང་། ༢༽ ལོ་ཙཱ་བ་གླང་དཔལ་གྱི་སེངྒེ་།༣༽ ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ། ༤༽ ལོ་ཙཱ་བ་སཱུརྱ་ཀཱིརྟི། ༥༽ ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས། ༦༽ ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ། ༧༽ ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས། ༨༽ རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན། ༩༽ ལོ་ཙཱ་བ་འབྲོ་ཤེས་རབ་གྲགས། ༡༠༽ ལོ་ཙཱ་བ་རབ་ཞི་བཤེས་གཉེན།
མུ་མཐུད་ཀློགས།བ༽ ལོ་པཎ་གྲངས་འདྲེན་གྱི་འཁྲུལ་གཞི་བྱུང་རིགས།
བ༽ ལོ་པཎ་གྲངས་འདྲེན་གྱི་འཁྲུལ་གཞི་བྱུང་རིགས། དེ་ལྟར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཇི་ཙམ་བྱོན་མིན་དེབ་ཐེར་ཁག་ཏུ་གསལ་བའི་གྲངས་ལ་མང་ཉུང་གི་ཁྱད་པར་ཆེན་པོ་བྱུང་བ་ནི། དེབ་ཐེར་དེ་དག་གི་གཞི་འཛིན་སའི་ཡིག་ཆའི་ཁུངས་མི་འདྲ་བའི་དབང་གིས་ཡིན་ལ། ཡིག་ཚང་ཕལ་མོ་ཆེར་ལོ་ཙཱ་བའི་ཐོག་མ་ཐོན་མི་སམ་བྷོ་ཊ་ནས་ནམ་མཁའ་སྐྱོང་བར་བསྟན་པ་སྔ་དར་སྐབས་བྱོན་པའི་ལོ་ཙཱ་བ་ཇི་ཙམ་བྱོན་པ་བརྩི་ཚུལ་མཐུན་པར་བྱུང་ལ། དེ་དག་ལས་ཞལ་གསལ་ཞིང་ཆ་ལག་ཚང་བ་ནི།
མུ་མཐུད་ཀློགས།ཕ༽ ལོ་ཙཱའི་ཞལ་གྲངས་དང་། མཁས་པའི་བཞེད་ཚུལ།
ཕ༽ ལོ་ཙཱའི་ཞལ་གྲངས་དང་། མཁས་པའི་བཞེད་ཚུལ། བོད་ལ་པཎྜི་ཏ་ཇི་ཙམ་གདན་དྲངས་པ་ནི། མཁས་དབང་ནོར་བྲང་ཨོ་རྒྱན་ (འཁྲུངས་དུས། 1933-) ལགས་ཀྱིས་བརྩམས་པའི་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་ལས[1]། སྐབས་འདིར་བསྟན་པ་སྔ་དར། ཕྱི་དར་གཉིས་ལ་པཎྜི་ཏ་བོད་ལ་ཕེབས་པའི་བསྡུར་ཚད་སྐོར། བསྟན་པ་ཕྱི་དར་ལ་བྱོན་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ (ཕྱི་ལོའི་དུས་རབས་བཅུ་གཅིག་པའི་འགོར།) བུདྡྷ་པཱ་ལ་བོད་དུ་གདན་དྲངས་པ་ནས་པཎ་ཆེན་ནགས་ཀྱི་རིན་ཆེན་
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།