མ༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བའི་མཚན།

མ༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ་ ༨༩ ཡི་མཚན་གཞུང་།

 

༡༽ མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༡༽ ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས་དང་། ༢༽ ལོ་ཙཱ་བ་གླང་དཔལ་གྱི་སེངྒེ་།༣༽ ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ། ༤༽ ལོ་ཙཱ་བ་སཱུརྱ་ཀཱིརྟི། ༥༽ ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས། ༦༽ ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ། ༧༽ ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས། ༨༽ རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན། ༩༽ ལོ་ཙཱ་བ་འབྲོ་ཤེས་རབ་གྲགས། ༡༠༽ ལོ་ཙཱ་བ་རབ་ཞི་བཤེས་གཉེན།

༡༡༽ ལོ་ཙཱ་བ་དིང་རི་ཆོས་གྲགས། ༡༢༽ ལོ་ཙཱ་བ་ཡར་ལུང་པ་སེངྒེ་རྒྱལ་མཚན། ༡༣༽ ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་པ། ༡༤༽ ལོ་ཙཱ་བ་ཆེན་པོ་ཁུ་མདོ་སྡེ་འབར། ༡༥༽ ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས། ༡༦༽ ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ། ༡༧༽ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས། ༡༨༽ ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི། ༡༩༽ ལོ་ཙཱ་བ་དགེ་ཚུལ་ནམ་མཁའ་རྡོ་རྗེ། ༢༠༽ ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ། ༢༡༽ ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས། ༢༢༽ ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས། ༢༣༽ རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ། ༢༤༽ ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ། ༢༥༽ ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོ། ༢༦༽ ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ། ༢༧༽ ཨཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་བཅས་ཉེར་བདུན་ནོ།།

༢༽ སློབ་དཔོན་འཕགས་པ་ལྷའི་གསང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༢༨༽ ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོ་དང་། ༢༩༽ ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་གཉིས། ༣༽ སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་ནི། ༣༠༽ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། ༤༽ སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༣༡༽ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་། (1040འདས།) དང་། ༣༢༽ ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་གཉིས།

༥༽ དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༣༣༽ ལོ་ཙཱ་བ་དབས་མཉྫུ་ཤྲཱི་དང་། ༣༤༽ ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར། ༣༥༽ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི། ༣༦) བ་རི་ཆོས་གྲགས། ༣༧) བ་རི་ལོ་ཙཱ་བ་རིན་ཆེན་གྲགས། (1040-1111) ༣༨༽ ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས།(1055ལོར་འཁྲུངས།) ༣༩༽ ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ་བཅས་སོ།།

༦༽ རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༤༠༽ ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ༤༡༽ ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། ༤༢༽ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ།(958-1055) ༤༣༽ ལོ་ཙཱ་བ་འཕགས་པ་ཤེས་རབ། ༤༤༽ ལོ་ཙཱ་བ་རྨ་བན་ཆོས་འབར།(1044-1089) ༤༥༽ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ།(1059-1111) ༤༦༽ ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་བ། ༤༧༽ ལོ་ཙཱ་བ་ཐར་ལོ་ཉི་མ་རྒྱལ་མཚན། ༤༨༽ འགོས་ལོ་ཙཱ་བ་གཞོན་ནུ་དཔལ།(1392-1481) ༧ མཁན་ཆེན་ཞི་བ་འཚོའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༤༩༽ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ་དང་། ༥༠༽ འགོས་ལོ་ཁུག་པ་ལྷས་བཙས། ༥༡༽ ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ། ༨ ཀ་མ་ལ་ཤཱི་ལའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༥༢༽ ལོ་ཙཱ་བ་ནམ་མཁའ་སྐྱོང་དང་། ༥༣༽ ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ། ༥༤༽ ཨོང་པོ་ལོ་ཙཱ་བ། ༥༥༽ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ།(1441-1527)

༩ འཕགས་པ་ཐོགས་མེད་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༥༦༽ རྨ་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་དང་། ༥༧༽ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ༥༨༽ གནུབས་ལོ་ཙཱ་བ་བྱམས་པའི་དཔལ།(1173-1225) ༡༠ སློབ་དཔོན་དབྱིག་གཉེན་གྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༥༩༽ ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ་དང་། ༦༠༽ ལོ་ཙཱ་བ་བནྡེ་བཟང་སྐྱོང་། ༦༡༽ ལོ་ཙཱ་བ་ལྷ་བཙུན་ཆོས་ཀྱི་རིན་ཆེན། ༡༡ སློབ་དཔོན་ཕྱོགས་གླང་གི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༦༢༽ ལོ་ཙཱ་བ་བནྡེ་རྨ་རིན་ཆེན་མཆོག་དང་། ༦༣༽ ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀ །༦༤༽ ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན། ༦༥༽ ལོ་ཙཱ་བ་མར་ཐུང་དད་པ་ཤེས་རབ། ༦༦༽ ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོ། ༦༧༽ ལོ་ཙཱ་བ་འཇམ་དཔལ་གཞོན་ནུ། ༦༨༽ ལོ་ཙཱ་བ་ཡར་ལོ་གྲགས་པ་རྒྱལ་མཚན། ༦༩༽ ལོ་ཙཱ་བ་དགེ་བཤེས་སྟོན་གཞོན། ༡༢ དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༧༠༽ ལོ་ཙཱ་བ་དྲན་པ་ནམ་མཁའ་དང་། ༧༡༽ ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད། ༧༢༽ ལོ་ཙཱ་བ་གཉན་དར་མ་གྲགས། ༧༣༽ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས། ༧༤༽ ལོ་ཙཱ་བ་ཅོག་གྲུ་ཏིང་འཛིན་བཟང་པོ། ༧༥༽ ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན།(1182-1251) ༧༦༽ ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།(1197-1264) ༧༧༽ ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ༡༣ འཕགས་པ་གྲོལ་སྡེའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། ཞི་བ་ལྷའི་སྐབས་སུ་བཀོད་ཟིན་ཏོ།།

༡༤ སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༧༨༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།(1011-1064) དང་། ༧༩༽ ལོ་ཙཱ་བ་ཤོང་བློ་གྲོས་བརྟན་པ། ༨༠༽ ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད། ༡༥ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་ནི། ༨༡༽ ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས།(1107-1190) ༡༦ སློབ་དཔོན་ཤཱཀྱ་འོད་ཀྱི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༨༢༽ ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏ་དང་། ༨༣༽ དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར།(1044-1089རྨ།) ༡༧ ཇོ་བོ་རྗེའི་གསུང་གི་སྒྱུར་བྱེད་ལོ་ཙཱ་བ་རྣམས་ནི། ༨༤༽ ལོ་ཙཱ་བ་ཁུ་དངོས་གྲུབ་དང་། ༨༥༽ གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། ༨༦༽ མར་པ་དོ་བ་ཆོས་ཀྱི་དབང་ཕྱུག (1012-1097) ༨༧༽ གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ༨༨༽ ལོ་ཙཱ་བ་ཁུ་ནེ་ཙོ། ༨༩༽ ལོ་ཙཱ་བ་གླན་དར་མ་བློ་གྲོས་བཅས་གོང་གསལ་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་བོད་སྐད་དུ་སྒྲ་སྒྱུར་མཛད་པ་པོ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞལ་གྲངས་ ༨༩ བྱོན་པ་རྣམས་ཀྱི་མཚན་གཞུང་ལགས་ཤིང་། ལོ་ཙཱ་བ་འདི་དག་གི་རྣམ་ཐར་སྙིང་བསྡུས་ཏེ་ཟུར་དུ་ཕྱོགས་བསྒྲིགས་ཞུས་ཏེ་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་གི་མཇུག་མཐར་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ་སོ་སོའི་རྣམ་ཐར་རེ་བཀོད་ཡོད་པ་ལས་མཁྱེན་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༡ ནས་ ༣༦༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *