པཎ་གྲུབ་ཀྱི་རྣམ་ཐར།

ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་རྣམ་ཐར།

༄༅། །སློབ་དཔོན་སངས་རྒྱས་གཉིས་པའི་རྣམ་ཐར་ཐར་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ།།   འཇམ་དཔལ་རྩ་བའི་རྒྱུད་ལས། དེ་འོག་རྣམ་པར་གནས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་པ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བ་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །སའང་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱེད། །ཅེས་གསུངས་པ་བཞིན།

མུ་མཐུད་ཀློགས།

ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་ཇོ་བོ་ཨ་ཏི་ཤའི་གསོལ་འདེབས།

༄༅། །ཇོ་བོ་ཨ་ཏི་ཤའི་གསོལ་འདེབས།   སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། ། པདྨ་འབྱུང་གནས་དངོས་སྣང་ཨ་ཏི་ཤ། ། གངས་ཅན་བོད་ལ་བཀའ་དྲིན་མཚུངས་པ་མེད། ། དཱི་པཾ་ཀ་རའི་ཞབས་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་རྒྱལ་སྲས་ཞི་བ་ལྷའི་གསོལ་འདེབས།

༄༅། །རྒྱལ་སྲས་ཞི་བ་ལྷ་དང་ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས།   ཚེ་རབས་ཀུན་ཏུ་མགོན་པོ་འཇམ་དཔལ་དབྱངས། ། རིགས་ཀྱི་བདག་པོར་ཐོབ་ནས་འགྲོ་ཀུན་ལ། ། བྱང་ཆུབ་སྤྱོད་པའི་ལམ་བཟང་གསལ་མཛད་པ། ། རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག

༄༅། །ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོའི་ གསུང་ལས་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་ མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་ རྣམ་གཞག །ལེ་ཚན་ཆོས་འབྱུང་། རིགས་ལྡན་དྲག་ པོ་འབྱོན་དུས། བྱ་སྤྱོད་གཉིས་ཀྱི་ལམ་རིམ་ མདོར་བསྡུས། གཞུང་བསྒྱུར་ལེ་ ཚན་བཅས་བཞུགས་ སོ།།[1] (མཛད་པ་པོ། འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ (1745-1800) གྱིས་མཛད།)

མུ་མཐུད་ཀློགས།