༄༅། །རྒྱལ་སྲས་ཞི་བ་ལྷ་དང་ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས།
ཚེ་རབས་ཀུན་ཏུ་མགོན་པོ་འཇམ་དཔལ་དབྱངས། །
རིགས་ཀྱི་བདག་པོར་ཐོབ་ནས་འགྲོ་ཀུན་ལ། །
བྱང་ཆུབ་སྤྱོད་པའི་ལམ་བཟང་གསལ་མཛད་པ། །
རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །
ཞེས་ཀཿཐོག་སྐུ་འབུམ་དུ་བཞུགས་པའི་མཆོད་རྟེན་དྲུང་ནས་ཞབས་སྐོར་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།