༄༅། །མེ་ཁ་ལིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།

༄༅། །མེ་ཁ་ལིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།

 

༄༅༅། །གུ་རུ་མེ་ཁ་ལིའི་ཞལ་ནས།

ཕྱི་དང་ནང་ཀུན་སེམས་སུ་འདུག །ཞེན་པ་མེད་ན་རོ་སྙོམས་ལྡན། །

འབད་སྩོལ་(རྩོལ)མེད་ན་སྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །

ཅེས་(ཞེས)སོ། །

འདིའི་དོན་ནི། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཅེས་(ཞེས)པ། ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་གྱི་བསྡུས་པའི་འཁོར་བའི་ཆོས། རྟོགས་པའི་རི་བོ་འདི་དག་ཐམས་ཅད་ཀྱང་སེམས་སུ་འདུས། ཅེས་(ཞེས)པའོ། །སེམས་རང་གི་རང་བཞིན་ཅི་ཞིག་ན། སེམས་ཅེས་(ཞེས)པ་རང་རིག་པའི་ངོ་བོ་འདུས་མ་བྱས་པ་གཅིག་ལ་བྱ་ལ། རིག་པའི་ངོ་བོ་དེ་རང་བདེ་བ་དབྱེར་མེད་པ་སྟོང་ཉིད་འོད་གསལ་འདུས་མ་བྱས་པ་གཅིག་ཡིན་གསུང་ངོ་། །དེ་ལྟ་བུ་ཡིན་ན་ལྟ་ཐོག་ན་སྤྱོད་པ་གཅིག་འདུག་ན་སྤྱོད་པ་ཐམས་ཅད་གཅིག་ཏུ་རོ་སྙོམས་པ་ལ་བྱ་སྟེ། དེ་ཡང་། ཞེན་པ་མེད་པ་རོ་སྙོམས་ལྡན། །ཞེས་པ་ཞེན་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་བློ་ཡིན་ལ། བློ་ནི་ཀུན་རྫོབ་ཀྱི་བློ་ཡིན་པས། བློ་དེ་བཞིན་པ་ཙམ་ན་ལྡན་ཞེས་བྱའོ། །དེ་ལྟར་ཞེན་པ་མེད་ན་འབད་སྩོལ་(རྩལ)བྲལ་ནས་འདུག་ཙམ་ན་སྒོམ་པའི་མཆོག་ཅེས་བྱའོ། །རྣལ་འབྱོར་མ་མེ་ཁ་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།།[1]

 

[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་དང་དེའི་དོན་འགྲེལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེབ་ཨང་ ༤༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༤༢ ནས་ ༦༤༣ བར་བཞུགས་པ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *