མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག གཉིས་པ། (རྒྱུད་ཀྱི་སྐོར།)

གཉིས་པ། རྒྱུད་ཀྱི་སྐོར།

 

ད་ནི་རིག་པའི་གནས་ལྔ་ལས། ནང་རིག་པའི་བསྟན་བཅོས་ལ། འབྲས་བུ་

གསང་སྔགས་དང་། རྒྱུ་མཚན་ཉིད་ཐེག་པའི་སྐོར་གཉིས་ལས།

དང་པོ་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐོར་ནི།

༢༠༽ རྒྱུད་ ༼ཇ༽ པ་ལ། རྒྱ་གར་སྐད་དུ། ས་མཱ་དྷི་བྷཱ་ཥ་ཊཱི་ཀ །བོད་སྐད་དུ། དགོངས་པའི་སྐད་ཀྱི་འགྲེལ་པའམ། བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ་དང༌།

བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་ཡེར་པའི་དབེན་གནས་སུ་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇ༽ ཚན་གྲངས་ ༨ བཤད་རྣམ་ ༧ ལྡེབ་ ༢༩༧ན༥ ནས་ ༣༠༡བ༤ བར་ཡིག་ཕྲེང་ ༦༣ ཚེག་ཁྱིམ་ ༣༩༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཝ༽ ཚན་གྲངས་ ༨ བཤད་རྣམ་ ༧ ལྡེབ་ ༣༣༥བ༦ ནས་ ༣༤༡ན༥ བར་ཡིག་ཕྲེང་ ༨༨ ཚེག་ཁྱིམ་ ༣༩༥༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཝ༽ ཚན་གྲངས་ ༨ བཤད་རྣམ་ ༧ ལྡེབ་ ༣༣༤ན༦ ནས་ ༣༣༩བ༤ བར་ཡིག་ཕྲེང་ ༧༥ ཚེག་ཁྱིམ་ ༣༩༤༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇ༽ ཚན་གྲངས་ ༨ བཤད་རྣམ་ ༧ ལྡེབ་ ༢༩༧ན༤ ནས་ ༣༠༡བ༤ བར་ཡིག་ཕྲེང་ ༦༤ ཚེག་ཁྱིམ་ ༣༩༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇ༽ དེབ་ཨང་ ༤ པ། ཤོག་གྲངས་ ༡༥༣༧ ནས་ ༡༥༤༧ བར་བཞུགས་པ་བཅས་སོ།།

༢༡༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཀ་ཀྵ་པ་ཏ། བོད་སྐད་དུ། མཆན་ཁུང་གི་སྦྱོར་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༢ ལྡེབ་ ༧༢བ༡ ནས་ ༧༣བ༥ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༡༣༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༢ ལྡེབ་ ༨༩བ༢ ནས་ ༩༡ན༤ བར་ཡིག་ཕྲེང་ ༢༧ ཚིག་རྐང་ ༧-༡༣༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢ ལྡེབ་ ༧༩བ༣ ནས་ ༨༡ན༢ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༣༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༢ ལྡེབ་ ༧༢ན༧ ནས་ ༧༣བ༥ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༣༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ ཤོག་གྲངས་ ༡༨༧ ནས་ ༡༩༠ བར་བཞུགས་པ་བཅས་སོ།།

༢༢༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དྷརྨ་བཛྲ་དང༌། བོད་ཀྱི་རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན་[2]གྱིས་ལེགས་པར་བསྒྱུར་ཅིང་ཞུས་ཆེན་མཛད་པའོ། །ཆོས་འཁོར་འཇོ་འཇོའི་གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱིས་ཡོན་བདག་མཛད་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ། །གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། ལོ་ཙཱ་བ་དཔྱལ་པདྨོ་ཅན་གྱི་འགྱུར་ལ། བསྟན་འགྱུར་ལས། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་བྱུང་བས། འགྱུར་བྱང་ལྟར་ན། སྒྲོལ་མའི་སྒྲུབ་ཐབས་དང་། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་བཅས་ཆོས་ཚན་གཉིས་ཡོད་པ་ལས། སྒྲོལ་མའི་སྒྲུབ་ཐབས་དེ་ཉིད་དཔྱལ་ལོ་ཙཱ་བས་བསྒྱུར་བར་གསལ་བས་གང་ཡིན་དཔྱད་དགོས་པར་སྣང་ལ། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་ནི། བསྟན་བཅོས་མ་རྙེད་པའི་ཁོངས་སུ་ངོ་སྤྲོད་ཞུས་ཡོད།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༥བ༧ བར་ཡིག་ཕྲེང་ ༥༩ ཚེག་ཁྱིམ་ ༣༣༢༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༦བ༧ བར་ཡིག་ཕྲེང་ ༨༢ ཚིག་རྐང་ ༣༣༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༧ན༥ བར་ཡིག་ཕྲེང་ ༧༢ ཚེག་ཁྱིམ་ ༣༣༡༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༥བ༧ བར་ཡིག་ཕྲེང་ ༦༠ ཚེག་ཁྱིམ་ ༣༣༢༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༨༤༣ ནས་ ༨༥༣ བར་བཞུགས་པ་བཅས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

༢༣༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། (ཐུགས་རྗེ་ཆེན་པོའམ་) རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ་ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[4]། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༢ ལྡེབ་ ༦ན༡ ནས་ ༦བ༥ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༢ ལྡེབ་ ༦བ༧ ནས་ ༧བ༦ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༥༣༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༢ ལྡེབ་ ༧ན༥ ནས་ ༨ན༣ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༥༡༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༢ ལྡེབ་ ༥བ༧ ནས་ ༦བ༥ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༥༣༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༨༥༥ ནས་ ༨༥༧ བར་བཞུགས་པ་བཅས་སོ།།

༢༤༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་མ་ཧཱ་ཀཱཿསཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༠ ལྡེབ་ ༡༥༦ན༥ ནས་ ༡༥༨ན༢ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༧-༡༦༦ ཚེག་ཁྱིམ་ ༡༣༡༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཟུ༽ ཚན་གྲངས་ ༦༨ ལྡེབ་ ༢༥༤ན༡ ནས་ ༢༥༦ན༡ བར་ཡིག་ཕྲེང་ ༣༣ ཚིག་རྐང་ ༧-༡༦༥ ཚེག་ཁྱིམ་ ༡༢༧༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟུ༽ ཚན་གྲངས་ ༦༨ ལྡེབ་ ༢༥༤ན༣ ནས་ ༢༥༦ན༥ བར་ཡིག་ཕྲེང་ ༣༡ ཚིག་རྐང་ ༧-༡༦༥ ཚེག་ཁྱིམ་ ༡༢༧༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༠ ལྡེབ་ ༡༥༦ན༡ ནས་ ༡༥༧བ༥ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༧-༡༦༦ ཚེག་ཁྱིམ་ ༡༣༡༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༣༦༥ ནས་ ༡༣༦༩ བར་བཞུགས་པ་བཅས་སོ།།

༢༥༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། སྟྲཱི་པྲ་ཛྙཱ་ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་དང་། ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༦ ལྡེབ་ ༢༤༧བ༧ ནས་ ༢༥༠བ༤ བར་ཡིག་ཕྲེང་ ༤༠ ཚེག་ཁྱིམ་ ༢༢༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༧༢ ལྡེབ་ ༢༧༢བ༡ ནས་ ༢༧༥བ༣ བར་ཡིག་ཕྲེང་ ༥༡ ཚེག་ཁྱིམ་ ༢༢༥༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༧༡ ལྡེབ་ ༢༤༧ན༦ ནས་ ༢༥༠བ༢ བར་ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༢༢༥༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༦ ལྡེབ་ ༢༤༧བ༧ ནས་ ༢༥༠བ༤ བར་ཡིག་ཕྲེང་ ༤༠ ཚེག་ཁྱིམ་ ༢༢༦༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༡༧ ནས་ ༡༦༢༤ བར་བཞུགས་པ་བཅས་སོ།།

༢༦༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་བ་རྩ་མི་ཆེན་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༧ ལྡེབ་ ༢༥༠བ༤ ནས་ ༢༥༡ན༧ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༨༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༧༣ ལྡེབ་ ༢༧༥བ༣ ནས་ ༢༧༦ན༨ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༨༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༧༢ ལྡེབ་ ༢༥༠བ༤ ནས་ ༢༥༡ན༦ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༨༣༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༧ ལྡེབ་ ༢༥༠བ༤ ནས་ ༢༥༡ན༧ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༨༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༢༧ ནས་ ༡༦༢༩ བར་བཞུགས་པ་བཅས་སོ།།

༢༧༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་བི་ཏ་པ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་ནང་སྒྲུབ་ཅེས་བྱ་བ། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་བ་རྩ་མི་ཆེན་པོས་བསྒྱུར་བའོ། །ཞེས་པ་ལས་མཛད་པ་པོའི་མཚན་མི་གསལ་ཡང་། སྒྲུབ་ཐབས་ཀུན་བཏུས་ལས[5]། མཚན་བྱང་དུ། དཔལ་ནག་པོའི་ནང་སྒྲུབ། ཅེས་དང་། མཇུག་བྱང་ལས། མགོན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང་། ལོ་ཙཱ་བ་ཙ་མི་ཆེན་པོས་བསྒྱུར་བའོ། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༨ ལྡེབ་ ༢༥༡ན༧ ནས་ ༢༥༢ན༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༧ ཚེག་ཁྱིམ་ ༢༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༧༤ ལྡེབ་ ༢༧༦ན༨ ནས་ ༢༧༦བ༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༤༧ ཚེག་ཁྱིམ་ ༣༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༧༣ ལྡེབ་ ༢༥༡ན༧ ནས་ ༢༥༡བ༧ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༧ ཚེག་ཁྱིམ་ ༢༩༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༧༨ ལྡེབ་ ༢༥༡ན༧༤ ནས་ ༢༥༢ན༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༧ ཚེག་ཁྱིམ་ ༢༩༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༣༠ ནས་ ༡༦༣༡ བར་བཞུགས་པ་བཅས་སོ།།

༢༨༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། གཞུང་དངོས་ཀྱི་མཇུག་མཐར་མཛད་བྱང་[6]དང་འགྱུར་བྱང་[7]མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[8]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་འབྱུང་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[9]། རྒྱུད་འགྲེལ། ༼ཟུ༽ ནག་པོ་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། བོད་ཀྱི་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར། ལྡེབ་གྲངས་ ༣༤༤བ། ༣༤༥བ། བར་བཞུགས་པར་གསལ་བ་འདི་ཉིད་གཅིག་ཡིན་ནམ་སྙམ་པས་དཔྱད་པར་འཚལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༨༩ ལྡེབ་ ༢༦༧བ༢ ནས་ ༢༦༨ན༣ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༨༢ ལྡེབ་ ༢༩༢ན༧ ནས་ ༢༩༣ན༢ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༨༡ ལྡེབ་ ༢༦༦བ༣ ནས་ ༢༦༧ན༤ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༧༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༨༩ ལྡེབ་ ༢༦༦བ༧ ནས་ ༢༦༧ན༧ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༩༢ ནས་ ༡༦༩༣ བར་བཞུགས་པ་བཅས་སོ།།

༢༩༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། (ཡང་) ནག་པོ་ཆེན་པོའི་སྒྲུབ་ཐབས། གཞུང་དངོས་ཀྱི་མཇུག་མཐར་མཛད་བྱང་དང་འགྱུར་བྱང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[10]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་བྱུང་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[11]། རྒྱུད་འགྲེལ། ༼འུ༽ ནག་པོ་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་དཔལ་ལྡན་ཀླུས་མཛད། རྒྱ་གར་གྱི་པཎྜི་ཏ་ནིརྦ་ན་དང་། བོད་ཀྱི་ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོས་བསྒྱུར། ལྡེབ་གྲངས་ ༨༩ན། ༩༠བ། བར་བཞུགས་པར་གསལ་བ་འདི་ཉིད་གཅིག་ཡིན་ནམ་སྙམ་པས་དཔྱད་པར་འཚལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༠ ལྡེབ་ ༢༦༨ན༣ ནས་ ༢༦༨བ༡ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༣༡༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༨༣ ལྡེབ་ ༢༩༣ན༣ ནས་ ༢༩༣བ༢ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༣༤༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༨༢ ལྡེབ་ ༢༦༧ན༤ ནས་ ༢༦༧བ༣ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༤༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༠ ལྡེབ་ ༢༦༧བ༡ ནས་ ༢༦༧བ༥ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༣༡༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༩༥ ནས་ ༡༦༩༦ བར་བཞུགས་པ་བཅས་སོ།།

༣༠༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཱ་ཥྚ་པ་ད་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[12]། ལོ་ཙཱ་བ་དིང་རི་ཆོས་གྲགས་ཀྱིས་བསྒྱུར་བར་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

བསྟན་འགྱུར་རྒྱུད་འགྲེལ་ཁོངས་དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་པ་རིགས་གསུམ་དང་། རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ་ཞེས་པ་གཅིག་བཅས་བསྟོད་པ་བཞི་གསལ་བ་ལས། དང་པོ་གསུམ་གྱི་ནང་ཚན་ཕྱི་མ་གཉིས་ཀྱི་ལེགས་སྦྱར་གྱི་མཚན་བྱང་ལྟར་ན། དཔལ་ནག་པོ་ཆེན་པོའི་བསྟོད་པ་བསྔགས་བརྒྱད་པ། ཞེས་འབྱུང་ཞིང་། དེ་དག་ལས་གཉིས་ལ་ཁྱད་པར་ཆེ་བ་དེ་ཙམ་མེད་ལ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བསྟན་འགྱུར་དཀར་ཆག་ལས། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ། ཞེས་གཅིག་ལས་མི་གསལ་བར་མ་ཟད། དཀར་ཆག་ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་ཐོག་ལ་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་འདྲ་མིན་ལྔ་ཙམ་བཞུགས་ཀྱང་། གཞུང་དངོས་ལ་གཉིས་ལ་མཛད་བྱང་མི་གསལ་བ་སོགས་ཀྱི་དཔྱད་གཞི་མང་དུ་མཆིས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༡ ལྡེབ་ ༢༦བ༡ ནས་ ༢༦༩ན༧ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༨༤ ལྡེབ་ ༢༩༣བ༢ ནས་ ༢༩༤བ༣ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༦༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༨༣ ལྡེབ་ ༢༦༧བ༣ ནས་ ༢༦༨བ༤ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༡ ལྡེབ་ ༢༦༧བ༥ ནས་ ༢༦༨བ༣ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༦༩༨ ནས་ ༡༧༠༠ བར་བཞུགས་པ་བཅས་སོ།།

༣༡༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལཱ་ཥྚ་མནྟྲ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[13]། ལོ་ཙཱ་བ་དིང་རི་ཆོས་གྲགས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༧ ལྡེབ་ ༢༧༢ན༧ ནས་ ༢༧༣ན༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༩༠ ལྡེབ་ ༢༩༨ན༤ ནས་ ༢༩༩ན༦ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༨༩ ལྡེབ་ ༢༧༢ན༣ ནས་ ༢༧༣ན༥ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༧ ལྡེབ་ ༢༧༡ན༧ ནས་ ༢༧༢ན༦ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༧༡༨ ནས་ ༡༧༢༠ བར་བཞུགས་པ་བཅས་སོ།།

༣༢༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱ་ཥྚ་མནྟྲ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༨ ལྡེབ་ ༢༧༣ན༦ ནས་ ༢༧༤ན༦ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༡༩-༣༥ ཚེག་ཁྱིམ་ ༧༥༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༩༡ ལྡེབ་ ༢༩༩ན༦ ནས་ ༣༠༠བ༡ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༡༩-༣༥ ཚེག་ཁྱིམ་ ༧༧༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༩༠ ལྡེབ་ ༢༧༣ན༥ ནས་ ༢༧༤ན༧ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༡༩-༣༥ ཚེག་ཁྱིམ་ ༧༧༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༨ ལྡེབ་ ༢༧༢ན༦ ནས་ ༢༧༣ན༥ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༩-༣༥ ཚེག་ཁྱིམ་ ༧༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༧༢༣ ནས་ ༡༧༢༥ བར་བཞུགས་པ་བཅས་སོ།།

༣༣༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། བཛྲ་མ་ཧཱ་ཀཱ་ལ་ཨཥྚ་ཀ་སྟོ་ཏྲ། བོད་སྐད་དུ། (རྡོ་རྗེ་) ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའོ། །ཞེས་པ་ལས་འགྱུར་བྱང་མི་གསལ་[14]ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༩ ལྡེབ་ ༢༧༤ན༦ ནས་ ༢༧༥ན༥ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༤༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༩༢ ལྡེབ་ ༣༠༠བ༢ ནས་ ༣༠༡བ༤ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༥༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༩༡ ལྡེབ་ ༢༧༤ན༧ ནས་ ༢༧༥བ༡ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༤༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༩༩ ལྡེབ་ ༢༧༣ན༥ ནས་ ༢༧༤ན༤ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༩-༣༦ ཚེག་ཁྱིམ་ ༧༤༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༧༢༨ ནས་ ༡༧༣༠ བར་བཞུགས་པ་བཅས་སོ།།

༣༤༽ རྒྱུད་ ༼ས༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ། རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། སྡེ་བསྟན་དཀར་ཆག་ལས[15]། རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ལེའུ་བཅུ་བདུན་པ་ཡན་ཆད་རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱི་རང་འགྱུར།[16] ཞེས་གསལ་བས་དཔྱད་དགོས་པར་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

དེ་ཡང་། གསང་བ་འདུས་པའི་ལུགས་གཉིས་ཏེ། རྒྱལ་བ་རྡོ་རྗེ་འཆང་ནས། འཕགས་པ་ཀླུ་སྒྲུབ་སོགས་ལས་བརྒྱུད་པ་ལ་འདུས་པ་འཕགས་ལུགས་དང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ་ནས་བརྒྱུད་པ་ལ་ཡེ་ཤེས་ཞབས་ལུགས་ཞེས་ཡོངས་སུ་གྲགས་པ་རྣམ་པ་གཉིས་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་བ་གསང་བ་འདུས་པའི་འགྲེལ་པ་བརྒྱད་ནི། ༡ གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། (མནྟྲ་ཀ་ལ་ཤའི་རང་འགྱུར།) ༢ སྒྲུབ་ཐབས་མདོར་བྱས། ༣ མདོ་བསྲེ། ༤ དཀྱིལ་འཁོར་ཆོ་ལ་ཉི་ཤུ་པ། (གཞོན་ནུ་བུམ་པའི་རང་འགྱུར།) ༥ རིམ་ལྔ། (རིན་ཆེན་བཟང་པོའི་འགྱུར།) ༦ ཧཱུཾ་མཛད་ཀྱི་སྒྲུབ་ཐབས། ༧ བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ། (པ་ཚབ་ཀྱི་འགྱུར།) ༨ ཚིག་ལྷུག (མདོ་སྡེ་འབར་གྱི་འགྱུར།) བཅས་བརྒྱད་པོ་རྣམས་སོ།།

དེ་བཞིན་རྗེ་བདག་ཉིད་ཆེན་པོའི་ (1357-1419) རིམ་ལྔ་གསལ་སྒྲོན་ལས[17]། དང་པོ་ནི། འདུས་པའི་ཕྱོགས་ལ་འཕགས་པས་གཞུང་ཇི་ལྟར་མཛད་པའི་ཚུལ་ལ། རབ་ཏུ་སྒྲོན་གསལ་ལས་མདོར་བྱས་དང་། མདོ་བསྲེ་དང་། ཧཱུཾ་མཛད་ཀྱི་སྒྲུབ་ཐབས་དང་། རིམ་པ་ལྔ་པ་དང་། རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་མཛད་པར་བཤད་དོ། །འདུས་པའི་རྒྱུད་ཀྱི་འགྲེལ་པ་འཕགས་པས་མཛད་ཟེར་བ་ད་ལྟ་འདུག་པ་འདི་ནི་བོད་ཀྱི་མཁས་པ་དག་པཎྜི༌ཏ་ཞིག་གིས་བོད་དུ་བྱས་པ་ཡིན་ཞེས་གསུངས་ལ། འདི་ནི་སྙན་དངགས་མེ་ལོང་དང་། རྣམ་བཤད་རིགས་པ་དང་། མངོན་པ་མཛོད་ཀྱི་གཞུང་ལ་སོགས་པ་དྲངས་ཤིང༌། འདིའི་མཇུག་ཏུ།

རྒྱལ་བ་མཆོག་གི་བདེར་གཤེགས་ཉིད་བསྒོམས་པས་ནི་སད་གྱུར་པ། །

བདག་གི་གནས་ན་རབ་གནས་མགོན་པོ་ཡེ་ཤེས་ཞབས་ལ་སོགས། །

ཞེས་འབྱུང་ཞིང༌། རྒྱུད་ཀྱི་བཤད་པ་ཡང་ཡབ་སྲས་ཀྱི་གཞུང་དང་མི་མཐུན་པ་མང་དུ་སྣང་བས་འཕགས་པ་ལ་ཁ་གཡར་བ་འབའ་ཞིག་གོ །ཞེས་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ས༽ ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༢༨༣བ༧ བར་ཡིག་ཕྲེང་ ༣༩༥༡ ཚེག་ཁྱིམ་ ༢༣༤༡༦༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཤ༽ ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༣༣༩བ༢ བར་ཡིག་ཕྲེང་ ༥༤༠༥ ཚེག་ཁྱིམ་ ༢༣༢༦༩༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༣༢༠ན༦ བར་ཡིག་ཕྲེང་ ༤༤༥༣ ཚེག་ཁྱིམ་ ༢༣༢༤༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ས༽ ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༢༨༣བ༣ བར་ཡིག་ཕྲེང་ ༣༩༤༧ ཚེག་ཁྱིམ་ ༣༩༤༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ས༽ དེབ་ཨང་ ༡༥ པ། ཤོག་གྲངས་ ༣ ནས་ ༦༧༦ བར་བཞུགས་པ་བཅས་སོ།།

༣༥༽ རྒྱུད་ ༼ས༽ པ་ལ། རྒྱ་གར་སྐད་དུ། ཨཥྚ་ད་ཤ་པ་ཊ་ལ་བིསྟ་ར་བྱཱ་ཁྱཱ། བོད་སྐད་དུ། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། རྡོ་རྗེ་ཐེག་པ་ཆེན་པོ་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[18]། འགྲེལ་པ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་མ་མཛད་རྩོད་པ་ཅན་དུ་འདུག་ནའང༌། བོད་མ་མ་ཡིན་པར་འདུག་ཅིང་། མཚན་བཟང་པོར་གཡར་འདུག་པའི་དོན་ལ་དབུ་རུ་བཞུགས་སུ་བཅུག་པ་ཡིན་ཞེས་གསུངས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ས༽ ཚན་གྲངས་ ༢ ལེའུ་ ༡ ལྡེབ་ ༢༨༤ན༡ ནས་ ༣༢༤ན༧ བར་ཡིག་ཕྲེང་ ༥༥༣། ཚེག་ཁྱིམ་ ༣༤༠༧༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཤ༽ ཚན་གྲངས་ ༢ ལེའུ་ ༡ ལྡེབ་ ༣༣༩བ༢ ནས་ ༣༩༠ན༨ བར་ཡིག་ཕྲེང་ ༨༡༤ ཚེག་ཁྱིམ་ ༣༤༡༤༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༢ ལེའུ་ ༡ ལྡེབ་ ༣༢༠ན༧ ནས་ ༣༦༨ན༥ བར་ཡིག་ཕྲེང་ ༦༧༡ ཚེག་ཁྱིམ་ ༣༤༡༤༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ས༽ ཚན་གྲངས་ ༢ ལེའུ་ ༡ ལྡེབ་ ༢༨༣བ༣ ནས་ ༣༢༢ན༧ བར་ཡིག་ཕྲེང་ ༥༤༣ ཚེག་ཁྱིམ་ ༣༤༠༧༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ས༽ དེབ་ཨང་ ༡༥ པ། ཤོག་གྲངས་ ༧༡༩ ནས་ ༨༡༧ བར་བཞུགས་པ་བཅས་སོ།།

༣༦༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། པིཎྜ་བི་དྷི་སཱ་དྷ་ནཾ། བོད་སྐད་དུ། སྒྲུབ་པའི་ཐབས་མདོར་བྱས་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༡ན༢ བར་ཡིག་ཕྲེང་ ༡༣༡ ཚིག་རྐང་ ༧-༩༠༠། ༡༣-༡༦ ཚེག་ཁྱིམ་ ༧༠༧༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༢ན༦ བར་ཡིག་ཕྲེང་ ༡༦༩ ཚིག་རྐང་ ༧-༨༩༩། ༡༣-༡༦ ཚེག་ཁྱིམ་ ༧༠༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༢བ༣ བར་ཡིག་ཕྲེང་ ༡༤༥ ཚིག་རྐང་ ༧-༨༩༩། ༡༣-༡༦ ཚེག་ཁྱིམ་ ༧༠༧༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༡ན༥ བར་ཡིག་ཕྲེང་ ༡༣༤ ཚིག་རྐང་ ༧-༩༠༠། ༡༣-༡༦ ཚེག་ཁྱིམ་ ༧༠༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༣ ནས་ ༢༥ བར་བཞུགས་པ་བཅས་སོ།།

༣༧༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཡོ་ག་ཏནྟྲཿཨུཏྤཱ་ད་ཀྲ་མ་སཱ་དྷ་ན་སཱུ་ཏྲ་མེ་ཤྲ་ཕ་ཀ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བསྟན་བཅོས་འདིའི་ནང་མངོན་རྟོགས་ཀྱི་རྣམ་གཞག་རྣམས་སྟོན་པའི་ཚེ་སྐབས་དེ་འབྲེལ་གྱི་གསང་འདུས་རྩ་རྒྱུད་ཀྱི་ལུང་འདྲེན་ཁག་ ༤༥ ཙམ་ཁུངས་བཀོད་པའི་སྒོ་ནས་སྒྲུབ་ཐབས་ཀྱི་རྣམ་གཞག་རྣམས་མདོར་བསྡུས་ཀྱི་ཚུལ་དུ་བཀོད་པ་གནང་ཡོད། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། ཝཱར་ཎ་མཐོ་སློབ་ཀྱི་ཨཱ་ཙཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་བོད་འགྱུར་ལ་གཞི་བཅོལ་ནས་ལེགས་སྦྱར་ཐོག་བསྐྱར་གསོ་དང་། ཧིན་སྐད་ཐོག་ཏུའང་ཕབ་བསྒྱུར་གནང་ཡོད།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༢ ལྡེབ་ ༡༡ན༢ ནས་ ༡༥བ༡ བར་ཡིག་ཕྲེང་ ༦༣ ཚེག་ཁྱིམ་ ༣༡༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༢ ལྡེབ་ ༡༢ན༧ ནས་ ༡༧ན༧ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༣༡༢༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༢ ལྡེབ་ ༡༢བ༣ ནས་ ༡༧ན༥ བར་ཡིག་ཕྲེང་ ༦༦ ཚེག་ཁྱིམ་ ༣༡༢༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༢ ལྡེབ་ ༡༡ན༥ ནས་ ༡༥བ༦ བར་ཡིག་ཕྲེང་ ༦༥ ཚེག་ཁྱིམ་ ༣༡༥༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༢༨ ནས་ ༣༩ བར་བཞུགས་པ་བཅས་སོ།།

༣༨༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་པི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཤིང་། སྡེ་བསྟན་དཀར་ཆག་ལས[19]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ། ཞེས་དོགས་སློང་ཞིག་ཀྱང་མཛད་ལ། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས[20]། ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པ་འདི། འགོས་རྡོག་པ་རྣམས་ཀྱི་སློབ་དཔོན་གྱིས་མཛད་པར་བཞེད་ཅིང་། དེ་ནས་བརྒྱུད་པའི་དབང་བཀའ་ཡང་ཡོད་པ་ལ། ས་སྐྱ་པ་རྣམས་དབང་བཀའ་རྙིང་པ་ཞེས་པའི་ཐ་སྙད་བྱེད། བུ་སྟོན་མ་བྱོན་གོང་དུ་ཐེ་ཚོམ་ཅན་དུ་སུ་ཡང་མི་ཟེར། བུ་སྟོན་པས་ཆོ་ག་ཉི་ཤུ་པ་སློབ་དཔོན་གྱིས་མཛད་པ་མ་ཡིན་ཏེ། སྒྲུབ་ཐབས་མདོར་བྱས་དང་མི་འདྲ་བའི་ཕྱིར་དང་། ཀླུའི་བྱང་ཆུབ་དང་མི་མཐུན་པའི་ཕྱིར་ཞེས་གསུངས་སོ། །ཞེས་གསལ་ལོ།།

དེ་བཞིན་རྗེའི་རིམ་ལྔ་གསལ་སྒྲོན་ལས[21]། དེས་ན་བསྐྱེད་རིམ་སྟོན་པ་ལ་མདོར་བྱས་དང་མདོ་བསྲེ་གཉིས་མཛད་ལ། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི་བོད་ཀྱི་སྔོན་གྱི་བླ་མ་རྣམས་འཕགས་པའི་ཡིན་པར་བཞེད་ལ། རབ་ཏུ་སྒྲོན་གསལ་ལས་ཀྱང་འཕགས་པས་མཛད་པའི་དཀྱིལ་ཆོག་ཅིག་ཡོད་པར་འདོད་པས་ཕལ་ཆེར་འདི་ལ་བསམས་པ་འདྲའོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་དག་རྒྱ་གར་བའི་མཁས་པ་མང་པོས་ཚད་མར་བྱས་པའི་ཀླུ་བྱང་གི་ཆོ་ག་ཉི་ཤུ་པ་དང་མི་མཐུན་པ་མང་ཞིང༌། སློབ་དཔོན་རང་གི་གཞུང་དང་ཡང་མི་མཐུན་པས་ཁ་གཡར་དུ་བཞེད་པ་ལྟར་འཐད་པར་མཐོང་ངོ༌། །ཞེས་གསུངས་སོ།།

དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་ལས[22]། དེ་ལྟ་ཆོ་ག་ཉི་ཤུའི་ལས། །ཞེས་དཀྱིལ་འཁོར་གྱི་ཆོ་ག་ནི་ཆོ་ག་ཉི་ཤུར་བསྡུས་ཤིང་། དེས་ཀྱང་བསྙེན་པ་དང་ས་ཆོག་ལ་སོགས་པ་རྒྱས་པར་བཤད་ལ། དབང་བཞི་པ་ནི་དེའི་ལེའུ་གཉིས་པ་ལས་གསུངས་སོ། །སྒྲོན་གསལ་ལས་མཚན་མ་ལྷག་མ་དགོད་པ་སོགས་དཀྱིལ་འཁོར་གྱི་ཆོ་ག་ལ་ཁ་འཕངས་ཤིང་། ཆོ་ག་ཡང་ས་སྦྱང་བ་ལ་སོགས་ཉི་ཤུར་བཤད་པའི་དཀྱིལ་ཆོག་ནི། ཐུགས་རྗེ་དཔལ་ཞབས་ཀྱིས་ཀླུའི་བློའི་དཀྱིལ་ཆོག་ལ་བཤད་ཅིང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་། ཨ་བྷྱཱ་ཀ་ར་ལ་སོགས་པས་ཀྱང་། ཀླུ་བྱང་གིས་མཛད་པའི་ཆོ་ག་ཉི་ཤུ་པ་འདི་ཉིད་ཁུངས་སུ་བྱེད་པར་སྣང་ལ། འཕགས་པས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པ་ནི། མཚན་མ་འགོད་པའི་སྐབས་ན་རྩ་རྒྱུད་དང་མི་མཐུན་པ་མང་དུ་སྣང་ཞིང་། རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་དང་། དབང་བཞི་པའི་ཆོ་ག་བཤད་པ་ལ་ཐེ་ཚོམ་གྱི་གཞི་ཆེན་པོ་སྣང་བ་དང་། ཀླུ་བྱང་གི་ཆོ་ག་དང་མི་མཐུན་པ་མང་པོ་སྣང་བས་བཏང་སྙོམས་སུ་བྱས་ལ། འདིར་ནི་ཀླུ་བྱང་གི་ཆོ་ག་དང་མཐུན་པར་བཤད་པར་བྱའོ།།

འོ་ན་ཀླུ་བྱང་གིས་མཛད་པར་འདོད་པ་ལ་ཡང་ཆོ་ག་ཉི་ཤུའི་གྲངས་བཤད་རྒྱུད་དང་མི་མཐུན་ལ། དེའི་ཆོ་ག་ཉི་ཤུ་རྫོགས་པ་ལ་དབང་གོང་མ་གསུམ་མེད་པ་ཡང་མི་མཐུན་ཞིང་། གཞན་ཡང་མི་མཐུན་པ་མང་དུ་སྣང་བས་ཀླུ་བྱང་གིས་མཛད་པར་མ་གྲུབ་བོ་ཞེ་ན། སྐྱོན་མེད་དེ་ཆོ་ག་ཉི་ཤུའི་ནང་དུ་དབང་གོང་མ་རྣམས་མ་མཛད་པ་ནི། རིམ་ལྔར་དབང་གོང་མའི་ཆོ་ག་བསྡུས་པ་མཛད་པ་ལ་དགོངས་ལ། ཁྲུས་སྟེགས་ཀྱི་ཆོ་ག་ལ་སོགས་པ་བཤད་རྒྱུད་ན་དངོས་སུ་མེད་པ་འགའ་ཞིག་ཁ་བསྐངས་པ་ནི་དོན་གྱིས་འཐོབ་ཅིང་། ཡོད་པ་རྣམས་ཀྱི་གྲངས་འདྲེན་ལུགས་ནི་དབྱེ་བསྡུ་ཙམ་ཡིན་པས་དོན་ལ་སྐྱོན་མེད་པའི་ཕྱིར་དང་། ཁ་ཅིག་མི་འདྲ་བ་ནི་རྒྱུད་གཞན་ནས་བཤད་པ་དང་གཉིས་གང་བྱས་ཀྱང་འདྲ་བ་ཡིན་ལ། འགའ་ཞིག་མ་བཀོད་པ་ནི་འདིར་ཁ་བསྐངས་པས་ཆོག་པའི་ཕྱིར་རོ། །ཞེས་གསུངས་སོ།།

གཞན་ཡང་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་ (1708-1757) མཛད་པའི་དབང་དོན་དེ་ཉིད་ཡང་གསལ་ལས[23]། དཀྱིལ་ཆོག་ཉི་ཤུ་པ་འདི་ཉིད་སློབ་དཔོན་ཟླ་གྲགས་དང་། ཐུགས་རྗེ་དཔལ་ཞབས། སྒྲ་གཅན་འཛིན་དཔལ་བཤེས་གཉེན། ཨ་བྷྱཱ་ཀ་ར་སོགས་ཁུངས་སུ་མཛད་པས་ཚད་མའི་གཞུང་ཡིན་ལ། འཕགས་པས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པ་ནི་ཁ་གཡར་བ་ཙམ་ལས་ཚད་ཐུབ་མ་ཡིན་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་བཞེད་དོ། །ཞེས་གསུངས་ལ། དཔྱད་པ་རྒྱས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་བཀོད་ཡོད་པ་དེར་གཟིགས་པར་འཚལ་ལོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༣ ཆོ་ག ༢༠ ལྡེབ་ ༡༥བ༡ ནས་ ༣༥ན༧ བར་ཡིག་ཕྲེང་ ༢༧༩ ཚེག་ཁྱིམ་ ༡༦༨༢༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༣ ཆོ་ག ༢༠ ལྡེབ་ ༡༧ན༨ ནས་ ༣༩བ༣ བར་ཡིག་ཕྲེང་ ༣༥༦ ཚེག་ཁྱིམ་ ༡༦༦༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༣ ཆོ་ག ༢༠ ལྡེབ་ ༡༧ན༥ ནས་ ༣༨བ༣ བར་ཡིག་ཕྲེང་ ༣༠༠ ཚེག་ཁྱིམ་ ༡༦༦༢༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༣ ལྡེབ་ ༡༥བ༦ ནས་ ༣༦ན༧ བར་ཡིག་ཕྲེང་ ༢༨༩ ཚེག་ཁྱིམ་ ༡༦༨༢༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༤༡ ནས་ ༩༡ བར་བཞུགས་པ་བཅས་སོ།།

༣༩༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཥེ་ཀ་ཙ་ཏུར་པྲ་ཀཱ་ར་ཎ། བོད་སྐད་དུ། དབང་བཞི་པའི་རབ་ཏུ་བྱེད་པ། སློབ་དཔོན་ནཱ་གཱརྫུ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༤ ལྡེབ་ ༣༥ན༧ ནས་ ༣༨ན༥ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༡༣༤། ༡༡༤། ༩༡༥། ༧༢༡༦། ཚེག་ཁྱིམ་ ༢༢༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༤ ལྡེབ་ ༣༩བ༣ ནས་ ༤༢བ༧ བར་ཡིག་ཕྲེང་ ༥༣ ཚིག་རྐང་ ༡༣༤། ༡༡༤། ༩༡༥། ༧༢༡༦། ཚེག་ཁྱིམ་ ༢༢༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༤ ལྡེབ་ ༣༨བ༣ ནས་ ༤༡བ༥ བར་ཡིག་ཕྲེང་ ༤༥ ཚིག་རྐང་ ༧༢༡༧། ༡༣༤། ༩༡༥། ༧༢༡༧། ཚེག་ཁྱིམ་ ༢༢༨༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༤ ལྡེབ་ ༣༦ན༧ ནས་ ༣༩ན༥ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༡༣༤། ༡༡༤། ༩༡༥། ༧༢༡༧། ཚེག་ཁྱིམ་ ༢༢༦༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༩༨ ནས་ ༡༠༥ བར་བཞུགས་པ་བཅས་སོ།།

༤༠༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བའམ། སྡེ་བསྟན་དཀར་ཆག་ལས[24]། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ་ཞེས་བྱ་བ། ཞེས་གསལ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར་དང༌། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་ཅིང་ཞུས། (ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ། །བྱང་ཆུབ་སེམས་འགྲེལ་གྱི་གཞུང་ཚད་ལ་ཚིགས་བཅད་བརྒྱ་དང་བཅུ་གཉིས་ཡོད་པ་ལས། ལེགས་སྦྱར་སྐད་ཀྱི་མ་དཔེ་རྙེད་སོན་བྱུང་བ་ཤླཽ་ཀ་ཉི་ཤུ་ཙམ་དུ་མངོན་པས།[25] འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོ་གནང་བཞིན་པ་དང་། རྒྱའི་སྐད་དུའང་ 《菩提心離相論》 (T32, No1661) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༣༨ན༥ ནས་ ༤༢བ༥ བར་ཡིག་ཕྲེང་ ༦༤ ཚིག་རྐང་ ༧༤༥༣། ༡༣༤ ཚེག་ཁྱིམ་ ༣༤༣༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༥ ལྡེབ་ ༤༢བ༧ ནས་ ༤༨ན༢ བར་ཡིག་ཕྲེང་ ༨༦ ཚིག་རྐང་ ༧༤༥༣། ༡༣༤ ཚེག་ཁྱིམ་ ༣༤༥༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༥ ལྡེབ་ ༤༡བ༥ ནས་ ༤༦བ༡ བར་ཡིག་ཕྲེང་ ༦༧ ཚིག་རྐང་ ༧༤༥༣། ༡༣༤ ཚེག་ཁྱིམ་ ༣༤༥༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༣༩ན༥ ནས་ ༤༣བ༥ བར་ཡིག་ཕྲེང་ ༦༤ ཚིག་རྐང་ ༧༤༥༣། ༡༣༤ ཚེག་ཁྱིམ་ ༣༤༣༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༠༨ ནས་ ༡༡༩ བར་བཞུགས་པ་བཅས་སོ།།

༤༡༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པའམ། སྡེ་བསྟན་དཀར་ཆག་ལས[26]། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ་མ། ཞེས་བྱུང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྟ་དང༌། བོད་ཀྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱིས་བསྒྱུར་བའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས[27]། རྫོགས་རིམ་སྟོན་པའི་སྐོར་ལ། རྡོ་རྗེ་བཟླས་པའི་རིམ་པ་ལ་སོགས་པ་ནི་ཤིན་ཏུ་གྲགས་ཆེ་ལ། རྩ་རྒྱུད་ཀྱི་ལེའུ་གཉིས་པར་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཞུང་འགྲེལ་བ་ལ་བྱང་ཆུབ་སེམས་འགྲེལ་མཛད་དེ། འདི་ལ་སྨྲི་ཏིའི་འགྲེལ་པའང་ཡོད་ཅིང༌། ཨ་བྷྱ་ལ་སོགས་པ་པཎྜི་ཏ་མང་པོས་ཁུངས་སུ་འདྲེན་ནོ། །ཞེས་གསལ་ལོ། །

ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས[28]། སྔགས་ཕྱོགས་ལ་བྱང་ཆུབ་སེམས་འགྲེལ་ཞེས་པ་ཚིགས་བཅད་མ་འདི་སློབ་དཔོན་གྱིས་མཛད་པ་ཡིན་ལ། ལྷུག་པ་ཞིག་ཡོང་བ་ཏི་ཤྲཱི་གྲགས་པ་འོད་ནས་བཟུང་སྟེ་བསྟན་འགྱུར་ཟླ་ལ་ཟུར་དུ་བྱས་ཀྱང་། སྒྲོན་གསལ་གྱིས་བྱང་ཆུབ་སེམས་ཀྱི་འགྲེལ་པ་ཟུར་དུ་ཕྱུང་བ་ཡིན་ནོ། །ཞེས་གསུངས་ཤིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་བ་ ༦ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲིད་མཛད་སྐབས་ཧིན་དྷི་དང་། དབྱིན་སྐད། རྒྱ་ཡིག །སི་པན་གྱི་སྐད་ཡིག་བཅས་སྐད་ཡིག་བཞིར་བསྒྱུར་བ་གནང་ཡོད།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༦ ལྡེབ་ ༤༢བ༥ ནས་ ༤༥ན༥ བར་ཡིག་ཕྲེང་ ༤༣ ཚེག་ཁྱིམ་ ༢༡༣༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༦ ལྡེབ་ ༤༨ན༢ ནས་ ༥༠བ༧ བར་ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༢༡༥༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༦ ལྡེབ་ ༤༦བ༡ ནས་ ༤༩ན༥ བར་ཡིག་ཕྲེང་ ༤༠ ཚེག་ཁྱིམ་ ༢༡༤༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༦ ལྡེབ་ ༤༣བ༥ ནས་ ༤༦ན༥ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༢༡༣༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༢༡ ནས་ ༡༢༧ བར་བཞུགས་པ་བཅས་སོ།།

༤༢༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ་ཊཱི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། མཇུག་བྱང་ལས[29]། ཀླུ་སྒྲུབ་ཅེས་པ་ནི་ཀླུས་མཆོད་གནས་སུ་བྱས་པའི་ཕྱིར། མཛད་མཁན་གྱིས་བཏགས་པའི་མིང་ངོ་། །ཞབས་ཞེས་པ་ནི་བཀུར་བའི་ཚིག་སྟེ། ཞབས་ཙམ་སྨོས་ཀྱི་སྐུ་ལུས་གཞན་སྨོས་ཀྱིས་མི་ལངས་སོ། །ཀྱིས་ཞེས་པ་ནི་མཛད་མཁན་དུ་མཚོན་པའོ། །མཛད་པ་ཞེས་པ་ནི་འགྲེལ་པ་བྱས་པའོ། །རྫོགས་སོ་ཞེས་པ་ནི་དོན་མཐར་ཕྱིན་པའོ། །སྨྲི་ཏི་ཛྙཱ་ན་ཀཱིརྟི་ཡིས། །བྱང་ཆུབ་སེམས་ཀྱི་འགྲེལ་བཤད་འདི། །བསྒྱུར་བས་འགྲོ་བ་ཐམས་ཅད་ནི། །བྱང་ཆུབ་སེམས་ནི་ཐོབ་པར་ཤོག །ལྷོ་བྲག་དྷརྨཱ་སེང་གེ་ཡིས། །ཆོས་རེའང་ལམ་རིངས་བགྲོད་ནས་ཞུས། །རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་བཤད་པ་རྫོགས་སོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

གཞན་ཡང་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་  (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[30]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ། ཆོས་འདིའི་མཛད་པ་པོའི་ཆེ་བ་དང་བརྗོད་བྱ་བཟང་བ་དང་རྗོད་བྱེད་དབྱིངས་སུ་གྱུར་པའི་སྟོབས་ཀྱིས་རྩལ་ཕྱུང་ཞིང་བསྒྱུར་བ་མང་དུ་སྣང་བ་ལས་ལོ་ཙཱ་བ་རབ་ཞི་ཆོས་ཀྱི་བཤེས་གཉེན་གྱིས་བསྒྱུར་བ་ལ་གཞི་བྱས་གུ་རུ་བ་ཆོས་ཀྱི་ཤེས་རབ། སེང་ཀར་ཤཱཀྱ་འོད། ཤེས་རབ་གྲགས་པ། མར་པ་ཆོས་དབང་། པ་ཚབ་ཉི་མ་གྲགས། མང་ནད་གྲགས་འབྱོར་ཤེས་རབ་བདུན་གྱི་འགྱུར་ལས་དོན་གང་བཟང་ཕྱོགས་གཅིག་ཏུ་བསྡུས་པ། ཞེས་གསུངས་སོ།།

བྱང་ཆུབ་སེམས་འགྲེལ་ཞེས་པ། གསང་འདུས་རྩ་རྒྱུད་ལེའུ་གཉིས་པའི་རྣམ་སྣང་གིས་གསུངས་པའི་ཚིགས་བཅད་ཀྱི་འགྲེལ་པ་སྟེ། འདི་ལ་ཚིགས་བཅད་ལྷུག་གཉིས་ལས[31]། རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་ཡོད་ཅིང་། ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས[32]། རང་གིས་ངེས་པ་བཞིན་གཞན་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཞེས་འབྱུང་ངོ་། །ཞར་བྱུང་ལ། སེམས་འགྲེལ་འདིར། རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །ཅེས་དང་། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བ་ཡིན། །ཞེས་དང་། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས། །རང་གི་སེམས་ཀྱི་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་རིག་སྤྱོད་ཡུལ་བརྗོད། །ཅེས་སོགས་སེམས་ཙམ་པའི་འདོད་པ་གསལ་བར་བཤད་ཡོད་པར་བརྟེན། འགའ་ཞིག་གིས་ཀླུ་སྒྲུབ་ཀྱི་གསུང་དུ་འཇོག་དཀའ་ཟེར་མོད། དེ་ལྟར་ན་རིན་ཆེན་ཕྲེང་བར་ཡང་སེམས་ཙམ་ཕྱོགས་སྔར་བཀོད་པས། དེ་ཡང་ཀླུ་སྒྲུབ་ཀྱི་མིན་པར་འགྱུར་ཏེ། སྒོ་མང་འཇིགས་བྱེད་ཆོས་འབྱུང་ལས[33]། རིགས་ཚོགས་དང་པོ་ལྔ་ལས་ཉན་ཐོས་སྡེ་པ་འབའ་ཞིག་བཀག་ཅིང་། ཕྱི་རྩོམ་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ། བསྟོད་པ་འགའ་ཞིག་ལས་སེམས་ཙམ་བཀག་པའི་རྒྱུ་མཚན་ཡོད་པའི་ཕྱིར་དང་། ཞེས་དང་། རྗེ་གུང་ཐང་བའི་ཀུན་གཞིའི་མཐའ་དཔྱོད་ལས[34]། བྱང་ཆུབ་སེམས་འགྲེལ་གྱི་ལུང་དེས་ཀུན་གཞི་བཤད་པ་མ་ཡིན་པར་ཐལ། དེར་ཀུན་གཞིའི་མིང་གིས་བསྟན་པ་དེ་ཡིད་ཀྱི་རྣམ་ཤེས་ལ་བྱེད་པའི་ཕྱིར། དེར་ཐལ། དེ་ཉིད་ལས། དེ་ཚེ་སྲིད་པ་འཛིན་པར་བྱེད། །ཅེས་ཉིང་མཚམས་སྦྱོར་བའི་སེམས་སུ་བཤད་པ་གང་ཞིག །འཕགས་པ་ཡབ་སྲས་ཀྱི་འདུས་པའི་སྐོར་གཞུང་གཞན་ལས་འཆི་སེམས་དང་སྐྱེ་སེམས་གཉིས་ཀ་ཡིད་ཤེས་སུ་ཡང་ཡང་གསུངས་པའི་ཕྱིར། ཞེས་གསུངས་པ་ལྟར་གྲུབ་པས། ཀླུ་སྒྲུབ་ཀྱིས་སེམས་འགྲེལ་རྩོམ་དུས་སེམས་ཙམ་བྱུང་ཡོད་པ་དང་། དེར་ཀུན་གཞིའི་མིང་བྱུང་བ་ཡིད་ཤེས་ལ་གོ་དགོས་པ་ཤེས་ན་རང་གཞན་གྱི་ལོག་རྟོག་མང་པོ་སེལ་ལོ། །ཞེས་བྱུང་ངོ་།།[35]

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཅི༽ ཚན་གྲངས་ ༤ ལྡེབ་ ༡༡༧ན༢ ནས་ ༡༤༢བ༦ བར་ཡིག་ཕྲེང་ ༣༦༢ ཚེག་ཁྱིམ་ ༡༩༧༨༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༣༤ ལྡེབ་ ༤༥༤བ༨ ནས་ ༤༨༤བ༤ བར་ཡིག་ཕྲེང་ ༤༧༧ ཚེག་ཁྱིམ་ ༡༩༧༣༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༣༤ ལྡེབ་ ༤༤༩བ༤ ནས་ ༤༧༦ན༧ བར་ཡིག་ཕྲེང་ ༣༧༥ ཚེག་ཁྱིམ་ ༡༩༧༢༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཅི༽ ཚན་གྲངས་ ༤ ལྡེབ་ ༡༡༧བ༦ ནས་ ༡༤༣བ༥ བར་ཡིག་ཕྲེང་ ༣༦༤ ཚེག་ཁྱིམ་ ༡༩༧༨༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༠༨༦ ནས་ ༡༡༤༦ བར་བཞུགས་པ་བཅས་སོ།།

༤༣༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། པཉྩ་ཀྲ་མ། བོད་སྐད་དུ། རིམ་པ་ལྔ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། འགྱུར་བྱང་ལས[36]། འཕགས་པས་མཛད་པའི་རྫོགས་ཚུལ་རིམ་པ་ལྔ། །ལམ་ལྔ་སྦྱང་ཕྱིར་བླ་མའི་བཀའ་བསྒྱུར་བས། །སྒྲིབ་པ་ལྔ་བྲལ་ཡེ་ཤེས་ལྔ་ཐོབ་སྟེ། །སྐུ་ལྔ་མངོན་ཤེས་ལྔར་ལྡན་སངས་རྒྱས་ཤོག །ཅེས་གསལ་ཞིང་། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། (ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[37]། ཀླུ་སྒྲུབ་ཀྱི་གསུང་གསང་འདུས་རིམ་ལྔ་དང་། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། བྱང་ཆུབ་སེམས་འགྲེལ། དཀྱིལ་ཆོག་ཉི་ཤུ་པ། ཟུང་འཇུག་གསལ་བ་བཅས་དང་། དགེ་སློང་ཕའི་སོ་ཐར་གྱི་མདོ་བམ་པོ་གཉིས་པ་བཅས་ཀྱི་བཀླགས་ལུང་། ཞེས་བྱུང་བ་ལྟར། གོང་གསལ་ཀླུ་སྒྲུབ་ཀྱིས་མཛད་པའི་གསུང་རྣམས་ཀྱི་བཀླགས་ལུང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པར་གསལ་ལོ།།

རྗེའི་ཙོང་ཁ་པའི་ (1357-1419) རིམ་ལྔ་གསལ་སྒྲོན་ལས[38]། རྡོ་རྗེ་བཟླས་པའི་རིམ་པ་ལ་སོགས་པ་རིམ་པ་ལྔའི་གཞུང་འདི་རྣམས་ལོ་ཆེན་གྱི་འགྱུར་ལ་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་གི་ལེའུ་ལྔར་ཡང་མཛད་ལ། རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་ཡང་བྱས། དེ་བཞིན་དུ་ལག་སྨྲིའི་འགྲེལ་པ་དང་འགྲེལ་པ་ནོར་བུའི་འཕྲེང་བར་ཡང་འབྱུང་ངོ༌། །ཆག་ལོ་ཙྪ་བས་གཞུང་མི་གཅིག་པ་ལྔར་བྱས་སོ། །འདིར་གཞུང་འདི་ཉིད་ལས་བདག་བྱིན་བརླབས་རིམ་པ་གསུམ་པ་དང༌། མངོན་པར་བྱང་ཆུབ་པ་རིམ་པ་བཞི་པ་དང༌། ཟུང་འཇུག་གི་མཇུག་ཏུ་རིམ་པ་ལྔ་བརྩམས་པའི་བསྔོ་བ་མཛད་པས་འཕགས་པ་ཉིད་ཀྱིས་མཛད་པའི་རིམ་པ་ལྔ་ངེས་པར་ཡོད་དོ།།

དེ་ལ་ཨ་བྷྱཱ་དང་དམ་ཚིག་རྡོ་རྗེའི་འགྲེལ་པ་ལས་རིམ་པ་གཉིས་པ་འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཤད་པས། དེ་དག་གི་ལྟར་ན་མདོར་བྱས་རིམ་པ་གཅིག་ཏུ་བྱས་ནས་རིམ་པ་ལྔར་འདོད་དགོས་ལ། ཐུབ་པ་དཔལ་བཟང་པོ་ཡང་དེ་བཞིན་དུ་འདོད་དོ། །ལག་སྨྲིའི་འགྲེལ་པར་སློབ་དཔོན་གྱི་དངོས་གྲུབ་ཀྱི་མཚན་ཀླུ་སྒྲུབ་དང༌། རབ་ཏུ་བྱུང་བའི་མཚན་ཤཱཀྱ་བཤེས་གཉེན་ཡིན་པས་རིམ་པ་གཉིས་པ་སློབ་དཔོན་ཉིད་ཀྱིས་མཛད་པའི་རང་ལུགས་དང༌། ཁ་ཅིག་སློབ་དཔོན་ཉིད་ཀྱིས་མཛད་པ་ལ་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་གྱི་མིང་བཅུག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ་ཞེས་པའི་གཞན་ལུགས་གཉིས་བཤད་དོ། །འགྲེལ་པ་ནོར་བུའི་ཕྲེང་བ་ལས་ནི་བཤད་པ་སྔ་མ་ལྟར་རམ། ཡང་ན་ཕྱི་མ་ལྟར་ཡིན་ཞེས་གདམ་ག་རུ་བྱེད་དོ།།

འདི་ལ་རིམ་པ་གཞན་གསུམ་ལ་མཆོད་བརྗོད་དང་བརྩམ་པར་དམ་བཅའ་རེ་ཡོད་ཀྱང་བསྔོ་བ་མེད་ལ། རིམ་པ་མཐའ་མའི་མཇུག་ཏུ་བསྔོ་བ་ཐུན་མོང་དུ་མཛད་ཅིང༌། མདོར་བྱས་ལ་བསྔོ་བ་ལོགས་སུ་མཛད་པའི་ཕྱིར་དང༌། རྡོ་རྗེ་བཟླས་པའི་རིམ་པར་མདོར་བསྟན་གྱི་སྐབས་སུ་རིམ་པ་ལྔ་ཀའི་མདོར་བསྟན་བྱུང་བ་དང་བསྟུན་ན། རྫོགས་རིམ་སྟོན་པའི་གཞུང་ཚན་ལྔ་འཕགས་པས་མཛད་པ་འདྲ་བ་ཞིག་འདུག་གོ །འོ་ན་རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཤད་པ་ཇི་ལྟར་ཡིན་སྙམ་ན། འདི་ལ་མཇུག་ཏུ་བསྔོ་བ་ལོགས་སུ་མཛད་ཅིང༌། འཕགས་པ་རྡོ་རྗེའི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས་སོ། །ཞེས་པའི་དོན་གཞན་དུ་བཤད་པ་རྣམས་མི་འགྲིག་པར་སྣང་བ་དང༌། རིམ་པ་གཉིས་པ་ཚང་བར་འཕགས་པས་མཛད་ན་འོད་གསལ་དང་ཟུང་འཇུག་གི་སྐབས་སུ་བཤད་རྒྱུ་མང་པོ་འདིར་བཤད་སྣང་བ་མི་འཐད་པར་སྣང་བས། འདི་ཚང་བར་འཕགས་པས་མཛད་པ་མི་ལེགས་སོ།།

ཡང་འདི་ཚང་བར་འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་མཛད་ནའང་རྫོགས་རིམ་རིམ་ལྔར་འཕགས་པས་བསྡུས་པ་སོགས་མི་འཐད་པར་སྣང་ཞིང༌། འཕགས་པ་ལྷས་དགོངས་པ་བླ་ན་མེད་པ་ལས་ཞེས་ལུང་ལན་གཉིས་དྲངས་སྣང་བ་ཡང་མི་འགྲིགས་པ་ལྟར་མངོན་པས། སྟོད་འཕགས་པས་མཛད་པའི་འཕྲོ་ཞིག་ཤཱཀྱ་བཤེས་གཉེན་ལ་གནང་བ་བྱིན་ནས་རྩོམ་དུ་བཅུག་པ་ཞིག་ཡིན་ནམ་སྙམ་སྟེ། བློ་གྲོས་ཆེ་ལ་ཞིབ་པ་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ལྟར་དུ་ཁས་ལེན་ན་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་ལ་རིམ་པ་གཉིས་པའི་སྟོད་དང་བཅས་པའི་ལེའུ་ལྔ་ཡོད་པར་བྱ་ཞིང༌། རིམ་པ་གཉིས་པ་ལ་མཚན་གཉིས་བྱུང་བའི་དགོངས་པ་བླ་ན་མེད་པ་ཞེས་པ་འཕགས་པས་བཏགས་པའི་མཚན་དུ་བྱའོ། །དེ་ལྟར་མི་བྱེད་ན་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་ཏུ་མི་བྱ་སྟེ། མདོར་བྱས་གཞུང་ལོགས་པ་ཡིན་པའི་ཕྱིར་དང༌། རིམ་པ་གཉིས་པ་ཡང་རྩོམ་མཁན་གཞན་ཡིན་པའི་ཕྱིར་རོ། །གཞན་ཡང་དེའི་ལྟར་ན་རྡོ་རྗེ་བཟླས་པའི་རིམ་པ་སྟེ་དང་པོ་འོ། །ཞེས་པའི་གཞུང་ཡང་སོར་བཞག་ཏུ་བྱ་མི་རུང་ངོ༌། །གང་ལྟར་ཡང་འཕགས་པས་རྫོགས་རིམ་ལ་སེམས་དམིགས་རིམ་པ་གཉིས་པར་བྱས་ནས་རིམ་ལྔར་བསྡུས་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་ལས་ཤེས་ལ། དེ་ཉིད་རྣམ་གཞག་རིམ་པའི་ཡང་དགོངས་པར་སྣང་ངོ༌། །ཞེས་བྱུང་ངོ་།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༧ རིམ་པ་ ༥ ལྡེབ་ ༤༥ན༥ ནས་ ༥༧ན༡ བར་ཡིག་ཕྲེང་ ༡༦༥ ཚིག་རྐང་ ༧-༡༠༨༥། ༩-༢༨། ༡༡-༣༡། ༡༧-༡༢། ཚེག་ཁྱིམ་ ༩༡༦༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༧ རིམ་པ་ ༥ ལྡེབ་ ༥༠བ༧ ནས་ ༦༤ན༡ བར་ཡིག་ཕྲེང་ ༢༡༡ ཚིག་རྐང་ ༧-༡༠༨༥། ༩-༢༨། ༡༡-༣༡། ༡༧-༡༢། ཚེག་ཁྱིམ་ ༩༠༧༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༧ རིམ་པ་ ༥ ལྡེབ་ ༤༩ན༥ ནས་ ༦༢བ༢ བར་ཡིག་ཕྲེང་ ༡༨༧ ཚིག་རྐང་ ༧-༡༠༨༥། ༩-༢༨། ༡༡-༣༡། ༡༧-༡༢། ཚེག་ཁྱིམ་ ༩༠༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༧ རིམ་པ་ ༥ ལྡེབ་ ༤༦ན༥ ནས་ ༥༨ན༡ བར་ཡིག་ཕྲེང་ ༡༦༥ ཚིག་རྐང་ ༧-༡༠༨༥། ༩-༢༨། ༡༡-༣༡། ༡༧-༡༢། ཚེག་ཁྱིམ་ ༩༡༦༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༢༩ ནས་ ༡༥༨ བར་བཞུགས་པ་བཅས་སོ།།

༤༤༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། ཙཎྜ་བཛྲ་ཀྲོ་དྷ་དེ་བ་པཉྩ་ནཱ་མ་མཎྜལ་བི་དྷིཿ བོད་སྐད་དུ། རྡོ་རྗེ་ (ཁྲོ་བོ་) གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༡༤ ལྡེབ་ ༦༤ན༡ ནས་ ༧༠ན༣ བར་ཡིག་ཕྲེང་ ༨༧ ཚིག་རྐང་ ༧-༥༨༦། ཚེག་ཁྱིམ་ ༤༥༢༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༡༤ ལྡེབ་ ༨༠བ༦ ནས་ ༨༨ན༦ བར་ཡིག་ཕྲེང་ ༡༢༡ ཚིག་རྐང་ ༧-༥༨༧། ཚེག་ཁྱིམ་ ༤༥༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༡༤ ལྡེབ་ ༦༨ན༥ ནས་ ༧༥ན༧ བར་ཡིག་ཕྲེང་ ༡༠༡ ཚིག་རྐང་ ༧-༥༨༨། ཚེག་ཁྱིམ་ ༤༥༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༡༤ ལྡེབ་ ༦༤བ༧ ནས་ ༧༡ན༤ བར་ཡིག་ཕྲེང་ ༨༩ ཚིག་རྐང་ ༧-༥༨༦། ཚེག་ཁྱིམ་ ༤༥༢༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༢༤༥ ནས་ ༡༢༦༠ བར་བཞུགས་པ་བཅས་སོ།།

༤༥༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཱརྒཱ་ཥྚཱཾ་བ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༡༥ ལྡེབ་ ༧༠ན༣ ནས་ ༧༤ན༡ བར་ཡིག་ཕྲེང་ ༥༥ ཚེག་ཁྱིམ་ ༣༠༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༡༥ ལྡེབ་ ༨༨ན༦ ནས་ ༩༣ན༡ བར་ཡིག་ཕྲེང་ ༧༦ ཚེག་ཁྱིམ་ ༣༠༩༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༡༥ ལྡེབ་ ༧༥ན༧ ནས་ ༧༩བ༧ བར་ཡིག་ཕྲེང་ ༦༤ ཚེག་ཁྱིམ་ ༣༡༠༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༡༥ ལྡེབ་ ༧༡ན༤ ནས་ ༧༥ན༥ བར་ཡིག་ཕྲེང་ ༥༨ ཚེག་ཁྱིམ་ ༣༠༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༢༦༣ ནས་ ༡༢༧༢ བར་བཞུགས་པ་བཅས་སོ།།

༤༦༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། ཏཏྟྭ་པྲ་དཱི་པཾ་ནཱ་མ་བཛྲ་པཱ་ཎི་སརྦ་པཱུ་རྞཱ་ལཾ་ཀཱ་ར། བོད་སྐད་དུ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་རྫོགས་པའི་རྒྱན། དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང༌། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་རོ། ། (ཕྱི་འགྱུར།) སླད་ཀྱིས་ཀྱང་པཎྜི་ཏ་དེས་རྒྱ་གར་ཤར་ཕྱོགས་ནས་སྒྲ་རང་འགྱུར་དུ་བསྒྱུར་རོ། །བི་ལ་བཛྲ་ལས་བླ་མ་སྨན་བཙུན་ཁྲོས་པ་ལ་གནང་། དེས་དངོས་ལ་གནང་བ་ལགས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༢༨ ལེའུ་ ༡༦ ལྡེབ་ ༡༤༧བ༤ ནས་ ༡༦༨བ༡ བར་ཡིག་ཕྲེང་ ༢༩༢ ཚིག་རྐང་ ༧-༡༩༩༦། ༩-༢༨། ༡༡-༡༧ ཚེག་ཁྱིམ་ ༡༥༢༨༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༢༩ ལེའུ་ ༡༦ ལྡེབ་ ༡༨༣ན༨ ནས་ ༢༠༩ན༥ བར་ཡིག་ཕྲེང་ ༤༡༣ ཚིག་རྐང་ ༧-༢༠༠༠། ༩-༢༨། ༡༡-༡༧ ཚེག་ཁྱིམ་ ༡༥༣༣༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༢༩ ལེའུ་ ༡༦ ལྡེབ་ ༡༦༠ན༡ ནས་ ༡༨༣བ༢ བར་ཡིག་ཕྲེང་ ༣༣༡ ཚིག་རྐང་ ༧-༢༠༠༠། ༩-༢༨། ༡༡-༡༧ ཚེག་ཁྱིམ་ ༡༥༣༣༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༢༨ ལེའུ་ ༡༦ ལྡེབ་ ༡༤༩ན༥ ནས་ ༡༧༠ན༡ བར་ཡིག་ཕྲེང་ ༢༩༡ ཚིག་རྐང་ ༧-༡༩༩༦། ༩-༢༨། ༡༡-༡༧ ཚེག་ཁྱིམ་ ༡༥༢༨༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༤༨༨ ནས་ ༡༥༣༩ བར་བཞུགས་པ་བཅས་སོ།།

༤༧༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་སརྦ་མཎྜལ་བི་དྷི་ནཱ་མ་ཨ་ཏི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྫོགས་པ་ཞེས་བྱ་བ། སློབ་དཔོན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[39]། ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་བར་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༢༩ ལྡེབ་ ༡༦༨བ༡ ནས་ ༡༧༧ན༣ བར་ཡིག་ཕྲེང་ ༡༢༢ ཚིག་རྐང་ ༧-༨༢༥། ༩-༢༡ ཚེག་ཁྱིམ་ ༦༣༤༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༣༠ ལྡེབ་ ༢༠༩ན༥ ནས་ ༢༢༠ན༣ བར་ཡིག་ཕྲེང་ ༡༧༥ ཚིག་རྐང་ ༧-༨༣༩། ༩-༢༡ ཚེག་ཁྱིམ་ ༦༤༥༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༣༠ ལྡེབ་ ༡༨༣བ༢ ནས་ ༡༩༣ན༧ བར་ཡིག་ཕྲེང་ ༡༣༩ ཚིག་རྐང་ ༧-༨༣༩། ༩-༢༡ ཚེག་ཁྱིམ་ ༦༤༥༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༢༩ ལྡེབ་ ༡༧༠ན༡ ནས་ ༡༧༨བ༤ བར་ཡིག་ཕྲེང་ ༡༢༣ ཚིག་རྐང་ ༧-༨༢༥། ༩-༢༡ ཚེག་ཁྱིམ་ ༦༣༤༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༥༤༥ ནས་ ༡༥༦༧ བར་བཞུགས་པ་བཅས་སོ།།

༤༨༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། མནྟྲཱ་ལཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། སློབ་དཔོན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[40]། ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་བར་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༠ ལྡེབ་ ༡༧༧ན༣ ནས་ ༡༧༧བ༢ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༣༥། ༩-༥ ཚེག་ཁྱིམ་ ༡༠༥༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༣༡ ལྡེབ་ ༢༢༠ན༣ ནས་ ༢༢༡བ༨ བར་ཡིག་ཕྲེང་ ༣༠ ཚིག་རྐང་ ༧-༡༣༥། ༩-༥ ཚེག་ཁྱིམ་ ༡༠༦༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༣༡ ལྡེབ་ ༡༩༣ན༧ ནས་ ༡༩༥ན༡ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༣༥། ༩-༥ ཚེག་ཁྱིམ་ ༡༠༦༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༠ ལྡེབ་ ༡༧༨བ༤ ནས་ ༡༨༠ན༣ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༣༥། ༩-༥ ཚེག་ཁྱིམ་ ༡༠༥༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༥༧༡ ནས་ ༡༥༧༤ བར་བཞུགས་པ་བཅས་སོ།།

༤༩༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། པྲ་ཏིཥྛ་ཨ་ལཾ་ཀཱ་ར། བོད་སྐད་དུ། རབ་ཏུ་གནས་པའི་རྒྱན། དགེ་སློང་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[41]། རབ་གནས་ཀྱི་རྒྱན་འདི་ཉིད་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་བར་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༡ ལྡེབ་ ༡༧༨བ༢ ནས་ ༡༧༩བ༣ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༩༩ ཚེག་ཁྱིམ་ ༨༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༣༢ ལྡེབ་ ༢༢༡བ༨ ནས་ ༢༢༣ན༥ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༩༩ ཚེག་ཁྱིམ་ ༨༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༣༢ ལྡེབ་ ༡༩༥ན༡ ནས་ ༡༩༦ན༤ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༩༩ ཚེག་ཁྱིམ་ ༨༢༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༡ ལྡེབ་ ༡༨༠ན༤ ནས་ ༡༨༡ན༤ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༩༩ ཚེག་ཁྱིམ་ ༨༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༥༧༦ ནས་ ༡༥༧༨ བར་བཞུགས་པ་བཅས་སོ།།

༥༠༽ རྒྱུད་ ༼ཛི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནོ་པི་ཀ་ཊཱི་ཀ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། མཇུག་བྱང་ལས[42]། ཀླུའི་བྱང་ཆུབ་ཀྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཞེས་བྱ་བ་རྫོགས་སོ། །སློབ་དཔོན་ནཱ་གཱརྫུ་ན་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། ཀླུ་ཡི་བྱང་ཆུབ་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ། །ཞེས་དང་། པེ་ཅིན་དང་སྣར་ཐང་པར་མ་གཉིས་ཀྱི་མཚན་བྱང་ལས[43]། གོས་སྔོན་པོ་ཅན་སྒྲུབ་ཐབས་ཀྱི་མན་ངག་གི་རྒྱ་ཆེར་བཤད་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །ཞེས་ཀྱང་བྱུང་ལ། འདིར་འགྱུར་བྱང་མི་གསལ་ཁར་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༧ ལྡེབ་ ༡༩༤ན༢ ནས་ ༢༠༢ན༦ བར་ཡིག་ཕྲེང་ ༡༡༧ ཚེག་ཁྱིམ་ ༦༤༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼བི༽ ཚན་གྲངས་ ༣༦ ལྡེབ་ ༢༢༨ན༣ ནས་ ༢༣༨བ༤ བར་ཡིག་ཕྲེང་ ༡༧༠ ཚེག་ཁྱིམ་ ༦༤༦༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼བི༽ ཚན་གྲངས་ ༣༦ ལྡེབ་ ༢༠༠བ༡ ནས་ ༢༠༩བ༡ བར་ཡིག་ཕྲེང་ ༡༤༡ ཚེག་ཁྱིམ་ ༦༤༧༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཛི༽ ཚན་གྲངས་ ༣༧ ལྡེབ་ ༡༩༥བ༤ ནས་ ༢༠༤ན༢ བར་ཡིག་ཕྲེང་ ༡༡༨ ཚེག་ཁྱིམ་ ༦༤༤༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ཤོག་གྲངས་ ༡༦༢༧ ནས་ ༡༦༤༧ བར་བཞུགས་པ་བཅས་སོ།།

༥༡༽ རྒྱུད་ ༼ཝི༽ པ་ལ། རྒྱ་གར་སྐད་དུ། ཙ་ཏུརྨུ་དྲཱ་ནིཤྩཱ་ཡ། བོད་སྐད་དུ། ཕྱག་རྒྱ་བཞི་གཏན་ལ་དབབ་པ། སློབ་དཔོན་[44]ཀླུ་སྒྲུབ་སྙིང་པོས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་མན་ངག་གི་སྙེ་མ་ལས་[45]ཀྱང་། ཕྱག་རྒྱ་བཞི་པའི་རྗེས་སུ་འགྲོ་བའི་གཞུང་ནི་སོ་སོ་སྐྱེ་བོ་གདམས་ངག་མི་ཤེས་པ་ཁོ་ནས་བྱས་པ་སྟེ། ཕན་ཚུན་འགལ་བ་ནི་འཕགས་པ་རྣམས་ཀྱིས་མི་སྦྱོར་བས་སོ། །དེ་ལྟར་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིམ་པ་ལྔ་པའི་དོན་གསལ་བར་བྱེད་པའི་འཕགས་པ་ཤཱཀྱ་བཤེས་གཉེན་ཞབས་ཀྱིས་གསུངས་པ། སྟོང་པ་ཉིད་དང་ཤིན་ཏུ་སྟོང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །འབྲས་བུ་རྒྱུ་ཡི་རབ་དབྱེ་ལས། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་ལས། །རྫོགས་པ་ཉེ་བར་དམིགས་པའོ། །ཞེས་བྱུང་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས་[46]ཀྱང་། འདི་མན་ངག་སྙེ་མ་ལ་སོགས་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་མན་ངག་མི་ཤེས་པ་གཅིག་གིས་བྱས་སོ་ཞེས་བཤད་མོད་ཀྱི་འོན་ཀྱང་རྒྱ་གར་མ་ཡིན་ཅིང་། བོད་ལ་གྲགས་པ་གཙོ་བོར་བྱས་ནས་བྲིས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཨརྱ་དེ་ཝ་ལ་བཤད་ཅིང༌། དེས་སེམས་ཀྱི་སྒྲིབ་སྦྱོང་མཛད་དེ་བྲིས་སོ། །ཞེས་གསལ་ལ། རྗེའི་རིམ་ལྔ་གསལ་སྒྲོན་ལས[47]། གཞན་ཡང་བོད་ཀྱི་མཁས་པ་དག་དབང་བཞིའི་དོན་གཏན་ལ་འབེབས་པ་འཕགས་པས་མཛད་པར་འདོད་པ་རྫུན་མར་བཞེད་ལ། ཕྱག་རྒྱ་བཞིའི་རིམ་པ་འཕགས་པས་མཛད་ཟེར་བ་ནི་མན་ངག་སྙེ་མ་དང་འགྲེལ་པ་གྲུ་གཟིངས་ལས་བཀག་ལ། བླ་མ་མཻ་ཏྲི་པ་རྗེས་འབྲང་དང་བཅས་པ་རྣམས་འཕགས་པའི་ཡིན་པར་འདོད་དོ། །ཞེས་བྱུང་ངོ་།།

དེ་བཞིན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[48]། གཞན་ཡང་སློབ་དཔོན་འདིས་ཕྱག་རྒྱ་བཞི་པ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ཡིན་མོད་ཀྱང་། བུ་སྟོན་རིན་པོ་ཆེའི་གསང་བ་འདུས་པའི་རྒྱུད་ཀྱི་བཤད་ཐབས་གསང་བ་སྒོ་འབྱེད་ལས། ཕྱག་རྒྱ་བཞི་བསྟན་པ་ནི་མན་ངག་སྙེ་མ་དང་། གྲུ་རྫིང་ལ་སོགས་པ་ནས་སོ་སོ་སྐྱེ་བོ་མན་ངག་མི་ཤེས་པ་དག་གིས་བྱས་པ་ཡིན་གྱི། ཀླུ་སྒྲུབ་ཀྱིས་བྱས་པ་མིན་པར་བཤད་དོ་ཞེས་གསུངས་ཤིང་། དེ་ཙམ་ཞིག་མཐོང་བའི་ཕྱིས་ཀྱི་མཁས་པར་རློམ་པ་འགའ་ཞིག་གིས་ཀྱང་། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོས་སྡོམ་གསུམ་རབ་དབྱེར་བསྟན་བཅོས་དེ་ནས་ལུང་འདྲེན་པར་མཛད་དེ། ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་པ་ལ། དེ་སློབ་དཔོན་གྱིས་མཛད་པ་མིན་པའི་ཤེས་བྱེད་དང་། ཆོས་ཀྱི་རྗེའི་བཞེད་པ་ལ་གནོད་བྱེད་ཀྱི་ལུང་རིགས་ལྟར་སྣང་བ་མང་དུ་བརྗོད་པ་རྣམས་ནི། མཁས་པའི་མཁས་པ་ཆེན་པོ་དཔལ་མང་དུ་ཐོས་པ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ལས།

གཉིས་འཐུང་རང་བཞིན་མཛེས་པའི་གོམ་སྟབས་ལ། །

འགྲན་འདོད་ཝ་སྐྱེས་གར་སྟབས་བསྒྱུར་བའི་མོད། །

མི་གཙང་འདམ་དུ་ལྷུང་བའི་རྣམ་ཐར་ལ། །

ལྷ་རྣམས་རྒོད་པའི་དབྱངས་ཀྱིས་ཁྲེལ་ཞེས་ཐོས། །

ཞེས་སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་འབྱུང་བ་ལྟར། གླང་ཆེན་ལ་ཝ་སྐྱེས་སོགས་ལས་ཁྱད་པར་དུ་བྱའོ་སྙམ་པའི་བསམ་པ་མེད་ཀྱང་ལུས་སྟོབས་ཀྱི་ཤུགས་ཀྱིས་གླང་པོ་ཆེ་རང་ཉིད་རང་བཞིན་གྱིས་འགྲོ་བའི་གོམ་སྟབས་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ་དེས་ཝ་སྐྱེས་སོགས་གཞན་རྣམས་ཟིལ་གྱིས་ནོན་པ་ན། དེ་མ་བཟོད་པར་ཝ་སྐྱེས་ཤིག་གླང་པོ་ཆེ་ལ་འགྲན་འདོད་ཀྱིས་པར་སྤིར་གྱི་འགྲོ་ལུགས་མང་པོ་ཞིག་བྱས་པས་འགྲན་མ་བཟོད་པའི་ཁར། རང་ཉིད་མི་གཙང་བའི་འདམ་དུ་ལྷུང་བ་ན་དེ་ལ་ལྷ་རྣམས་ཀྱིས་དགོད་པ་དང་བཅས་པས་ཁྲེལ་བ་ལྟར། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ལ་གཞན་གཞུང་ངན་པ་བཀག་ནས་རང་གཞུང་དར་བ་དང་། གྲགས་འདོད་ཀྱི་ཀུན་སློང་མེད་ཀྱང་། མི་ནས་མིར་གྱུར་སྐྱེ་བ་ཉི་ཤུ་ལྔ། །ཞེས་སོགས་དང་། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་མི་ནས་མིར་གྱུར་པ་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་རིག་པའི་གནས་མཐའ་དག་ལ་ཆེས་ཆེར་སྦྱངས་པ་དང་། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་སོགས་མཁས་པའི་སྐྱེ་བོ་མང་དུ་བསྟེན་ཅིང་། རྣམ་པར་དཔྱོད་པའི་བློ་གྲོས་ཕུལ་དུ་བྱུང་བས་ཤེས་བྱའི་གནས་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་སྟོབས་ཀྱིས་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་ཕྱེ་བ་ཙམ་གྱིས་ལྟར་སྣང་བའི་གྲུབ་པའི་མཐའ་ཐམས་ཅད་ཟིལ་གྱིས་ནོན་ཞིང་། ས་གསུམ་ན་སྙན་པའི་གདུགས་དཀར་པོ་ལེགས་པར་གཡོ་བ་དེ་མ་བཟོད་པར་དེ་ལ་འགྲན་འདོད་ཀྱི་བསམ་པས་ལུང་རིགས་ལྟར་སྣང་གི་ཅ་ཅོ་འབྲུག་ལྟར་བསྒྲགས་ཀྱང་། ཆོས་ཀྱི་རྗེ་ལ་འགྲན་མ་ནུས་པའི་ཁར་རང་ཉིད་ལ་མཁས་པའི་སྐྱེ་བོ་རྣམས་ཁྲེལ་བར་འགྱུར་བ་ལས་འབྲས་བུ་གཞན་ཡོད་པར་མ་འཁུམ། དེས་ན་ཕྱག་རྒྱ་བཞི་པ་ལ་ཚིགས་བཅད་མ་ཞིག་དང་། ལྷུག་པ་གཅིག་སྟེ་གཉིས་ཡོད་པའི་ཚིགས་བཅད་མ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་པར་ཨ་བྷ་ཡའི་མན་ངག་སྙེ་མ་དང་། ཕོ་བྲང་ཞི་བ་འོད་སོགས་ཀྱིས་བཤད་མོད་ཀྱང་ཚིག་ལྷུག་ཏུ་ཡོད་པ་དེ་སློབ་དཔོན་གྱིས་མཛད་པ་ཡིན་ངེས་ཤེས་ཡིན་པས། བུ་སྟོན་རིན་པོ་ཆེའི་དེ་ཡང་ཚིག་ལྷུག་མ་འདི་ལ་དགོངས་ལ། བདག་ཉིད་ཆེན་པོ་ས་པཎ་གྱིས།

འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། །ཕྱག་རྒྱ་བཞི་པར་འདི་སྐད་གསུངས། །

ཞེས་པའི་ཕྱག་རྒྱ་བཞི་པ་ནི་ལྷུག་པར་ཡོད་པ་དེ་ཡིན་པས། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཏེ།  སློབ་དཔོན་དགའ་བ་སྐྱོང་གི་དབང་བསྐུར་ངེས་བསྟན་གྱི་དཀའ་འགྲེལ་ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཕྱག་རྒྱ་བཞི་པ་བསྟན་པ་ལས། དཔེར་ན་བཞིན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ནི་བཞིན་མ་ཡིན་ལ། སྔར་གྲུབ་པ་དང་ད་ལྟ་གྲུབ་པ་མ་ཡིན་པ་བཞིན་དུ་དེ་ཉིད་གཟུགས་བརྙན་འདྲ་བ་ཙམ་སྒྲུབ་པར་བྱེད་མོད་ཀྱི། ཞེས་སོགས་ལུང་འདྲེན་ཡང་མཛད་པས་འདི་ལ་འཁྲུལ་པ་མེད་ལ། དེས་ན་སློབ་དཔོན་གྱིས་རྡོ་རྗེ་ཐེག་པའི་ཕྱོགས་ལ་ཕྱག་རྒྱ་བཞི་པ་སོགས་མང་དུ་མཛད་དོ། །ཞེས་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཝི༽ ཚན་གྲངས་ ༩ ངེས་བསྟན་ ༤ ལྡེབ་ ༧༧ན༣ ནས་ ༧༩བ༢ བར་ཡིག་ཕྲེང་ ༣༥ ཚེག་ཁྱིམ་ ༡༩༡༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼མི༽ ཚན་གྲངས་ ༩ ངེས་བསྟན་ ༤ ལྡེབ་ ༨༢ན༡ ནས་ ༨༤བ༥ བར་ཡིག་ཕྲེང་ ༤༥ ཚེག་ཁྱིམ་ ༡༩༣༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཝི༽ ཚན་གྲངས་ ༩ ངེས་བསྟན་ ༤ ལྡེབ་ ༨༠བ༢ ནས་ ༨༣ན༥ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༩༣༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༩ ངེས་བསྟན་ ༤ ལྡེབ་ ༧༧ན༣ ནས་ ༧༩བ༣ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༡༩༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༢༡༡ ནས་ ༢༡༧ བར་བཞུགས་པ་བཅས་སོ།།

༥༢༽ རྒྱུད་ ༼ཝི༽ པ་ལ། རྒྱ་གར་སྐད་དུ། སཔྟ་མི་སིདྡྷཱནྟ་ནཱ་མ། བོད་སྐད་དུ། གྲུབ་མཐའ་བདུན་པ་ཞེས་བྱ་བ། བྷུ་སུ་ཀུ་སོགས་ཀྱིས་མཛད། ས་ར་ཧའི་ཞབས་དང་བར་མ་ཆད་པ། དཔལ་ཀླུ་སྒྲུབ་ཞབས་ཀྱིས་རྒྱ་མཚོ་ལས་ཕྱུང་བ། པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་། གཞོན་ནུ་དཔལ་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼མི༽ ཚན་གྲངས་ ༤༥ ལྡེབ་ ༣༦༧བ༦ ནས་ ༣༦༨བ༣ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༣-༨། ༡༧-༢༤ ཚེག་ཁྱིམ་ ༥༨༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༤༥ ལྡེབ་ ༣༥༧ན༢ ནས་ ༣༥༧བ༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༣-༨། ༡༧-༢༤ ཚེག་ཁྱིམ་ ༥༨༥། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༩༣༧ ནས་ ༩༣༩ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གྱི་པར་མ་གཉིས་སུ་མི་གསལ་བ་བཅས་[49]སོ།།

༥༣༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་དུ། བྷ་ས་སཉྩར་ནཱ་མ། བོད་སྐད་དུ། དངོས་པོ་སྦྱོང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ལ་ལར་དངོས་པོ་སྤྱོད་པ་ཞེས་སྣང་[50]བས་དཔྱད་དགོས། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༡༨ ལྡེབ་ ༡༢༧བ༡ ནས་ ༡༢༨ན༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༢ ཚེག་ཁྱིམ་ ༧༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཙི༽ ཚན་གྲངས་ ༡༨ ལྡེབ་ ༡༤༡ན༡ ནས་ ༡༤༡བ༥ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༢ ཚེག་ཁྱིམ་ ༧༤༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙི༽ ཚན་གྲངས་ ༡༨ ལྡེབ་ ༡༢༨བ༧ ནས་ ༡༢༩བ༥ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༢ ཚེག་ཁྱིམ་ ༧༤༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༡༨ ལྡེབ་ ༡༢༧བ༧ ནས་ ༡༢༨བ༥ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༢ ཚེག་ཁྱིམ་ ༧༤༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༢༨༤ ནས་ ༡༢༨༦ བར་བཞུགས་པ་བཅས་སོ།།

༥༤༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ། བསྟན་འགྱུར་དཔེ་བསྡུར་མ་ལས[51]། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། ཞེས་དང་། ཡང་དེ་ཉིད་ཀྱི་མཛད་བྱང་ལས་ཀྱང་[52]། དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་འདས་པའི་དཔེ་བཅུ་བརྗོད་པས། མདོ་རྒྱུད་དང་མཐུན་པའི་ཕྱིར། སངས་རྒྱས་སངས་རྒྱས་སུ་རིག་པར་བྱའོ། །མ་འོངས་པའི་དཔེ་དྲུག་བརྗོད་པས་གྲུབ་པ་ཐོབ་པ་དང་མཐུན་པའི་ཕྱིར། ཐམས་ཅད་མཁྱེན་པར་རིག་པར་བྱའོ། །རྐྱེན་བཅུ་དྲུག་དང་བྲལ་བའི་ཤེས་པ་ནི། སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར། ནོར་བུ་རིན་པོ་ཆེ་དང་འདྲའོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ་རྫོགས་སོ། །དཔལ་གྱི་རི་ལ་མངའ་བདག་ཆེན་པོས། རྗེ་བཙུན་རི་ཁྲོད་ཀྱིས་གནང་བའོ། །དེས་རྗེ་བཙུན་ཀ་རོ་པ་ལ་བརྒྱུད་དོ། །དེས་རྗེ་བཙུན་ན་རོ་པ་ལ་བརྒྱུད་དོ། །ཞེས་དང་། སྡེ་བསྟན་དཀར་ཆག་ལས[53]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་པའི་འགྲེལ་པ། ཞེས་བྱུང་བས་དཔྱད་དགོས་པར་སྣང་ལ། འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[54]། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༡༩ ལྡེབ་ ༡༢༨ན༦ ནས་ ༡༣༣ན༤ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༣༩༧༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཙི༽ ཚན་གྲངས་ ༡༩ ལྡེབ་ ༡༤༡བ༦ ནས་ ༡༤༦ན༨ བར་ཡིག་ཕྲེང་ ༧༥ ཚེག་ཁྱིམ་ ༣༩༩༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙི༽ ཚན་གྲངས་ ༡༩ ལྡེབ་ ༡༢༩བ༥ ནས་ ༡༣༤བ༣ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༣༩༩༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༡༩ ལྡེབ་ ༡༢༨བ༥ ནས་ ༡༣༣ན༧ བར་ཡིག་ཕྲེང་ ༦༦ ཚེག་ཁྱིམ་ ༣༩༧༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༢༨༨ ནས་ ༡༣༠༠ བར་བཞུགས་པ་བཅས་སོ།།

༥༥༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཀླུ་སྒྲུབ་ཀྱི་གླུ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[55]། རཏྣ་ཕ་ལས་ (རྒྱ་གར་གྱི་རིན་ཆེན་བཟང་པོ་ཡང་ཞུ།) སྒྲ་སྒྱུར་མཛད་པར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༣༣ ལྡེབ་ ༡༠ན༣ ནས་ ༡༠ན༦ བར་ཡིག་ཕྲེང་ ༤ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༤༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༣༣ ལྡེབ་ ༡༢ན༦ ནས་ ༡༢བ༢ བར་ཡིག་ཕྲེང་ ༥ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༣༣ ལྡེབ་ ༡༡ན༦ ནས་ ༡༡བ༡ བར་ཡིག་ཕྲེང་ ༣ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༤༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༣༣ ལྡེབ་ ༡༠ན༣ ནས་ ༡༠ན༥ བར་ཡིག་ཕྲེང་ ༣ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༤༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༧༢ ནས་ ༧༢ བར་བཞུགས་པ་བཅས་སོ།།

༥༦༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། སྭ་བྷཱ་བ་ཨ་སིདྡྷི་ནཱ་མ་ཨུ་པ་དེ་ཤ །བོད་སྐད་དུ། རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[56]། རཏྣ་ཕ་ལས་ (རྒྱ་གར་གྱི་རིན་ཆེན་བཟང་པོ་ཡང་ཞུ།) སྒྲ་སྒྱུར་མཛད་པར་གསལ་ཞིང་། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༤༢ ལྡེབ་ ༡༤ན༢ ནས་ ༡༤བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༡༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༥༦ ལྡེབ་ ༣༠ན༥ ནས་ ༣༠བ༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༢༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༥༦ ལྡེབ་ ༢༥བ༥ ནས་ ༢༦ན༤ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༡༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༤༢ ལྡེབ་ ༡༤ན༢ ནས་ ༡༤ན༧ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༩༤ ནས་ ༩༥ བར་བཞུགས་པ་བཅས་སོ།།

༥༧༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། ཀླུ་སྒྲུབ་སོགས་གྲུབ་ཐོབ་ལྔ་བཅུས་མཛད་པ། མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ[57]། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡བ༡ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ། ༢༡༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༩༠ན༨ ནས་ ༩༤ན༣ བར་ཡིག་ཕྲེང་ ༦༠ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༧༧བ༢ ནས་ ༨༠བ༦ བར་ཡིག་ཕྲེང་ ༤༧ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡ན༧ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་ ༢༧ པའི་ཤོག་གྲངས་ ༣༤༡ ནས་ ༣༤༩ བར་གསལ་བ་བཅས་སོ།།

༥༨༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ། ཀླུ་སྒྲུབ་སོགས་གྲུབ་ཐོབ་བཞི་བཅུས་མཛད་པ། འགྱུར་བྱང་མི་གསལ་ལོ། །[58]འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༩ ལྡེབ་ ༨༣ན༡ ནས་ ༨༥བ༦ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༩ ལྡེབ་ ༡༠༤བ༤ ནས་ ༡༠༨ན༤ བར་ཡིག་ཕྲེང་ ༥༧ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༩ ལྡེབ་ ༩༠བ༦ ནས་ ༩༣བ༧ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༩ ལྡེབ་ ༨༣ན༢ ནས་ ༨༥བ༦ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༠༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༣༨༢ ནས་ ༣༩༠ བར་བཞུགས་པ་བཅས་སོ།།

༥༩༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། ནིརྡེ་ཤ་ན་ཨ་བྷི་ཥེ་ཀ་ཀྲ་མ་ནཱ་མ། བོད་སྐད་དུ། དབང་གི་རིམ་པ་བསྟན་པ་ཞེས་བྱ་བ། རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༣༣ ལྡེབ་ ༡༥༣ན༥ ནས་ ༡༥༥ན༤ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༩༩ ཚེག་ཁྱིམ་ ༡༤༧༤། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཟི༽ ཚན་གྲངས་ ༡༣༣ ལྡེབ་ ༡༥༣ན༤ ནས་ ༡༥༥ན༤ བར་ཡིག་ཕྲེང་ ༢༩ ཚིག་རྐང་ ༧-༡༩༩ ཚེག་ཁྱིམ་ ༡༤༧༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༦༠༩ ནས་ ༦༡༤ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་དང་། སྣར་ཐང་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༦༠༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ལྟུང་བ་བཅོ་ལྔ་པ། (ལ་ལར་རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་ཞེས་གསལ།) བསྟན་འགྱུར་དཔེ་བསྡུར་མར་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[59]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ། (ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བཅོས་པ། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༠ ལྡེབ་ ༡༨༠ན༣ ནས་ ༡༨༠ན༦ བར་ཡིག་ཕྲེང་ ༣ ཚིག་རྐང་ ༧-༡༥ ཚེག་ཁྱིམ་ ༡༢༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༧ ལྡེབ་ ༢༢༡ན༥ ནས་ ༢༢༡ན༨ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༥ ཚེག་ཁྱིམ་ ༡༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༧ ལྡེབ་ ༡༨༩བ༥ ནས་ ༡༨༩བ༧ བར་ཡིག་ཕྲེང་ ༣ ཚིག་རྐང་ ༧-༡༥ ཚེག་ཁྱིམ་ ༡༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༠ ལྡེབ་ ༡༨༠ན༣ ནས་ ༡༨༠ན༦ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༥ ཚེག་ཁྱིམ་ ༡༢༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༦༨༨ ནས་ ༦༨༨ བར་བཞུགས་པ་བཅས་སོ།།

༦༡༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཡན་ལག་གི་ཉེས་པ་བདུན་པ། སྡེ་བསྟན་དཀར་ཆག་ལས[60]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ། (ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བཅོས་པ། ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༡ ལྡེབ་ ༡༨༠ན༦ ནས་ ༡༨༠ན༧ བར་ཡིག་ཕྲེང་ ༢ ཚིག་རྐང་ ༧-༨ ཚེག་ཁྱིམ་ ༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༨ ལྡེབ་ ༢༢༡ན༨ ནས་ ༢༢༡བ༢ བར་ཡིག་ཕྲེང་ ༣ ཚིག་རྐང་ ༧-༨ ཚེག་ཁྱིམ་ ༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༨ ལྡེབ་ ༡༨༩བ༧ ནས་ ༡༩༠ན༢ བར་ཡིག་ཕྲེང་ ༢ ཚིག་རྐང་ ༧-༨ ཚེག་ཁྱིམ་ ༧༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༡ ལྡེབ་ ༡༨༠ན༥ ནས་ ༡༨༠ན༦ བར་ཡིག་ཕྲེང་ ༢ ཚིག་རྐང་ ༧-༨ ཚེག་ཁྱིམ་ ༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༦༩༠ ནས་ ༦༩༠ བར་བཞུགས་པ་བཅས་སོ།།

༦༢༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཡཱ་ན་སྠཱུ་ལ་པཏྟི། བོད་སྐད་དུ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །(ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་ཞུས་ཏེ་དག་པར་བགྱིས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༢ ལྡེབ་ ༡༨༠ན༧ ནས་ ༡༨༠བ༣ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༦ ཚེག་ཁྱིམ་ ༡༦༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༩ ལྡེབ་ ༢༢༡བ༢ ནས་ ༢༢༡བ༨ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༡༦ ཚེག་ཁྱིམ་ ༡༦༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༣༩ ལྡེབ་ ༡༩༠ན༢ ནས་ ༡༩༠ན༧ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༡༦ ཚེག་ཁྱིམ་ ༡༦༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༢ ལྡེབ་ ༡༨༠ན༧ ནས་ ༡༨༠བ༣ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༦ ཚེག་ཁྱིམ་ ༡༦༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༦༩༢ ནས་ ༦༩༣ བར་བཞུགས་པ་བཅས་སོ།།

༦༣༽ རྒྱུད་ ༼ཇུ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་ཧྲི་ད་ཡ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་གླན་ཆུང་གིས་བསྒྱུར་བའོ། ། (ཕྱི་འགྱུར།) སླད་ཀྱིས་སྟག་ལོ་ཙཱ་བས་བཅོས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༡༣ ལྡེབ་ ༢༤༣བ༤ ནས་ ༢༤༥བ༢ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༡༣༨༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གུ༽ ཚན་གྲངས་ ༡༠ ལྡེབ་ ༢༥༩ན༡ ནས་ ༢༦༡ན༧ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༣༩༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གུ༽ ཚན་གྲངས་ ༡༠ ལྡེབ་ ༢༤༤བ༤ ནས་ ༢༤༧ན༡ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༣༩༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༡༣ ལྡེབ་ ༢༥༡བ༥ ནས་ ༢༥༣བ༦ བར་ཡིག་ཕྲེང་ ༣༠ ཚེག་ཁྱིམ་ ༡༣༨༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ པ། ཤོག་གྲངས་ ༡༣༩༧ ནས་ ༡༤༠༢ བར་བཞུགས་པ་བཅས་སོ།།

༦༤༽ རྒྱུད་ ༼ཐུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎིཿབི་དྷི་རྣཱ་མ་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། (དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ།)  སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་ཤྲཱི་ནཱ་ལེནྡྲའི་སྒོ་འགྲམ་དུ་བསྒྱུར་ཅིང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐུ༽ ཚན་གྲངས་ ༦ ལྡེབ་ ༡༣༡བ༧ ནས་ ༡༣༧བ༧ བར་ཡིག་ཕྲེང་ ༤༨༤ ཚེག་ཁྱིམ་ ༤༨༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཆུ༽ ཚན་གྲངས་ ༦ ལྡེབ་ ༡༤༦བ༧ ནས་ ༡༥༣བ༢ བར་ཡིག་ཕྲེང་ ༡༠༨ ཚེག་ཁྱིམ་ ༤༨༦༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཆུ༽ ཚན་གྲངས་ ༦ ལྡེབ་ ༡༤༠ན༦ ནས་ ༡༤༦བ༧ བར་ཡིག་ཕྲེང་ ༩༣ ཚེག་ཁྱིམ་ ༤༨༦༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐུ༽ ཚན་གྲངས་ ༦ ལྡེབ་ ༡༣༡བ༢ ནས་ ༡༣༧བ༧ བར་ཡིག་ཕྲེང་ ༨༥ ཚེག་ཁྱིམ་ ༤༨༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཐུ༽ དེབ་ཨང་ ༣༦ པ། ཤོག་གྲངས་ ༣༦༣ ནས་ ༣༧༧ བར་བཞུགས་པ་བཅས་སོ།།

༦༥༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་པྲཛྙཱ་བརྡྷ་ན་ནཱ་མ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[61]། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༨ ལྡེབ་ ༦༩ན༤ ནས་ ༧༠ན༣ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༤༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༨ ལྡེབ་ ༨༤ན༦ ནས་ ༨༥ན༧ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༧༣༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༩ ལྡེབ་ ༡༡༣ན༧ ནས་ ༡༡༤བ༢ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༧༥༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༨ ལྡེབ་ ༦༩ན༤ ནས་ ༧༠ན༣ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༤༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༢༧༡ ནས་ ༢༧༣ བར་བཞུགས་པ་བཅས་སོ།།

༦༦༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱཱ་ཨ་བ་ལོ་ཀེ་ཏེ་ཤྭ་ར་ས་ཧ་སྲ་བྷུ་ཛ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་ཆུབ་དཔའ་ཡིན་ཡང་ས་དང་པོའི་བྱང་ཆུབ་སེམས་དཔར་བྱིན་གྱིས་བརླབས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

པེ་ཅིན་པར་མར[62]། ཨ་ཏི་ཤ་སྐྱེས་བུ་ཆེན་པོས་ལྷ་བཙུན་པ་བྱང་ཆུབ་འོད་ཟེར་འབྲོམ་སྟོན་པ་དང་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། གསུམ་ལ་གསུངས་པའོ། །འབྲོམ་སྟོན་པས་ཀྱང་རིན་པོ་ཆེ་དང་། དེས་བྱ་ཡུལ་བ་ལ་གསུངས། འཛམ་བུ་གླིང་གི་སྒྲུབ་ཐབས་གཅིག་ལ་འདི་ཟབ་གསུང་ངོ་། །རྣལ་འབྱོར་པ་དང་དགོན་པ་བ་གཉིས་ཀྱིས་དགུ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དང་། ཕྱག་པ་ཁྲི་མཆོག་ཕྱག་དར་སྟོན་པ་གསུམ་གྱིས་ལོ་ལྔ་ལྔའོ། །དགེ་བཤེས་གསང་ཕུ་བས་ལོ་བཅུ་བསྟེན་ནོ། །ཞེས་ཀྱང་བྱུང་ངོ་།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༤༤ ལྡེབ་ ༡༡༤བ༢ ནས་ ༡༢༢བ༡ བར་ཡིག་ཕྲེང་ ༡༡༡ ཚེག་ཁྱིམ་ ༦༥༤༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༣༨ ལྡེབ་ ༡༢༨བ༧ ནས་ ༡༣༨ན༤ བར་ཡིག་ཕྲེང་ ༡༦༥ ཚེག་ཁྱིམ་ ༦༦༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༣༩ ལྡེབ་ ༡༦༥ན༤ ནས་ ༡༧༤བ༦ བར་ཡིག་ཕྲེང་ ༡༣༦ ཚེག་ཁྱིམ་ ༦༥༠༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༤༤ ལྡེབ་ ༡༡༤བ༢ ནས་ ༡༢༢ན༧ བར་ཡིག་ཕྲེང་ ༡༡༠ ཚེག་ཁྱིམ་ ༦༥༤༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༤༦༤ ནས་ ༤༨༣ བར་བཞུགས་པ་བཅས་སོ།།

༦༧༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀེ་ཏེ་ཤྭ་ར་ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ (ཡིད་བཞིན་ནོར་བུ་ཞེས་བྱ་བ།) སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༤༥ ལྡེབ་ ༡༢༢བ༡ ནས་ ༡༢༣བ༧ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༠༩། ༡༡-༡༦ ཚེག་ཁྱིམ་ ༡༠༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༣༩ ལྡེབ་ ༡༣༨ན༤ ནས་ ༡༣༩བ༦ བར་ཡིག་ཕྲེང་ ༢༧ ཚིག་རྐང་ ༧-༡༠༩། ༡༡-༡༦ ཚེག་ཁྱིམ་ ༡༠༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༤༠ ལྡེབ་ ༡༧༤བ༧ ནས་ ༡༧༦བ༣ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༧-༡༠༩། ༡༡-༡༦ ཚེག་ཁྱིམ་ ༡༠༡༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༤༥ ལྡེབ་ ༡༢༢ན༧ ནས་ ༡༢༣བ༦ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༠༩། ༡༡-༡༦ ཚེག་ཁྱིམ་ ༡༠༠༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༤༨༩ ནས་ ༤༩༢ བར་བཞུགས་པ་བཅས་སོ།།

༦༨༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་ཉུང་ངུར་བསྡུས་ཏེ་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༥༣ ལྡེབ་ ༡༩༡བ༡ ནས་ ༡༩༢ན༡ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༤༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༤༨ ལྡེབ་ ༢༢༢བ༦ ནས་ ༢༢༣བ༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༥༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༥༠ ལྡེབ་ ༢༥༦བ༧ ནས་ ༢༥༧བ༡ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༤༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༥༣ ལྡེབ་ ༡༩༡བ༦ ནས་ ༡༩༢ན༧ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༤༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༦༩༧ ནས་ ༦༩༨ བར་བཞུགས་པ་བཅས་སོ།།

༦༩༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ནཱི་ལཱམྦ་ར་དྷ་ར་ཨུ་པ་སིདྡྷི་ནཱ་མ། བོད་སྐད་དུ། གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག །སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༦༩ ལྡེབ་ ༢༠༧ན༡ ནས་ ༢༠༧བ༤ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༥ ལྡེབ་ ༢༤༥བ༡ ནས་ ༢༤༦ན༧ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༣༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༦ ལྡེབ་ ༢༧༤ན༤ ནས་ ༢༧༥ན༢ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༦༩ ལྡེབ་ ༢༠༧བ༢ ནས་ ༢༠༨ན༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༣༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༧༧༡ ནས་ ༧༧༣ བར་བཞུགས་པ་བཅས་སོ།།

༧༠༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གནོད་པ་སེལ་བའི་བདུད་རྩི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[63]། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༠ ལྡེབ་ ༢༠༧བ༤ ནས་ ༢༠༨ན༢ བར་ཡིག་ཕྲེང་ ༦ ཚིག་རྐང་ ༩-༩། ༡༥-༡༣ ཚེག་ཁྱིམ་ ༢༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༦ ལྡེབ་ ༢༤༦ན༧ ནས་ ༢༤༦བ༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༩-༩། ༡༥-༡༣ ཚེག་ཁྱིམ་ ༢༩༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༧ ལྡེབ་ ༢༧༥ན༢ ནས་ ༢༧༥བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༩-༩། ༡༥-༡༣ ཚེག་ཁྱིམ་ ༢༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༠ ལྡེབ་ ༢༠༨ན༥ ནས་ ༢༠༨བ༣ བར་ཡིག་ཕྲེང་ ༦ ཚིག་རྐང་ ༩-༩། ༡༥-༡༣ ཚེག་ཁྱིམ་ ༢༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༧༧༥ ནས་ ༧༧༦ བར་བཞུགས་པ་བཅས་སོ།།

༧༡༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྡོ་རྗེ་བྱབ་པའི་ལས་ཚོགས། རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[64]། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༡ ལྡེབ་ ༢༠༨ན༢ ནས་ ༢༠༨ན༦ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༢༥ ཚེག་ཁྱིམ་ ༡༩༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༧ ལྡེབ་ ༢༤༦བ༦ ནས་ ༢༤༧ན༣ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༢༥ ཚེག་ཁྱིམ་ ༡༩༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༨ ལྡེབ་ ༢༧༥བ༡ ནས་ ༢༧༥བ༦ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༢༥ ཚེག་ཁྱིམ་ ༡༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༡ ལྡེབ་ ༢༠༨བ༣ ནས་ ༢༠༨བ༧ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༢༥ ཚེག་ཁྱིམ་ ༡༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༧༧༨ ནས་ ༧༧༩ བར་བཞུགས་པ་བཅས་སོ།།

༧༢༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཡན་ལག་བདུན་པའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[65]། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༢ ལྡེབ་ ༢༠༨ན༦ ནས་ ༢༠༨བ༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༤༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༨ ལྡེབ་ ༢༤༧ན༣ ནས་ ༢༤༧བ༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༤༠༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༦༩ ལྡེབ་ ༢༧༥བ༦ ནས་ ༢༧༦བ༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༤༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༧༢ ལྡེབ་ ༢༠༨བ༧ ནས་ ༢༠༩བ༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༤༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༧༨༠ ནས་ ༧༨༡ བར་བཞུགས་པ་བཅས་སོ།།

༧༣༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཎྜལ་བི་དྷིཿ བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཀླུ་སྒྲུབ་དང་། འགྲོ་བཟང་སྙིང་པོས་དོན་གཅིག་ཏུ་བསྡེབས་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩༡ ལྡེབ་ ༢༣༥བ༢ ནས་ ༢༤༠ན༣ བར་ཡིག་ཕྲེང་ ༦༣ ཚེག་ཁྱིམ་ ༣༧༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༨༨ ལྡེབ་ ༢༨༣ན༤ ནས་ ༢༨༩ན༥ བར་ཡིག་ཕྲེང་ ༨༧ ཚེག་ཁྱིམ་ ༣༦༩༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༨༧ ལྡེབ་ ༣༠༨ན༣ ནས་ ༣༡༣བ༦ བར་ཡིག་ཕྲེང་ ༨༠ ཚེག་ཁྱིམ་ ༣༦༩༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩༡ ལྡེབ་ ༢༣༦བ༤ ནས་ ༢༤༡བ༢ བར་ཡིག་ཕྲེང་ ༦༨ ཚེག་ཁྱིམ་ ༣༧༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༨༨༧ ནས་ ༨༩༩ བར་བཞུགས་པ་བཅས་སོ།།

༧༤༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཧྱ་གྲཱི་ཝ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་ནཱ་གཱརྫུ་ནས་མཛད་པ། དགེ་སློང་བ་རིས་ (བ་རི་རིན་ཆེན་གྲགས།) བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༠ ལྡེབ་ ༡༠༥བ༦ ནས་ ༡༠༧བ༢ བར་ཡིག་ཕྲེང་ ༢༥ ཚིག་རྐང་ ༧-༡༦༤ ཚེག་ཁྱིམ་ ༡༣༤༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༨ ལྡེབ་ ༡༢༡ན༥ ནས་ ༡༢༣ན༨ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༡༦༤ ཚེག་ཁྱིམ་ ༡༣༥༤༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༨ ལྡེབ་ ༡༡༢ན༣ ནས་ ༡༡༤བ༡ བར་ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༡༦༤ ཚེག་ཁྱིམ་ ༡༣༥༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༠ ལྡེབ་ ༡༠༦བ༧ ནས་ ༡༠༨བ༦ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༦༤ ཚེག་ཁྱིམ་ ༡༣༤༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༣༠༢ ནས་ ༣༠༦ བར་བཞུགས་པ་བཅས་སོ།།

༧༥༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཀཿལྱཱ་ཎ་ཀཱ་མ་དྷེ་ནུ། བོད་སྐད་དུ། (དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ཞེས་) དགེ་བའི་འདོད་འཇོ(འི་རྣམ་པར་བཤད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ་ལས[66]། ཀ་ལྱ་ཎ་ཀ་མ་དྷེ་ནུ། དགེ་བའི་འདོད་འཇོའི་རྣམ་བཤད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། བདུན་ཐིག་དཔེ་རིང་ལྡེབ་ལྔ་སྤུས་ལེགས། ཞེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༤ ལྡེབ་ ༡༣༡བ༤ ནས་ ༡༤༠ན༣ བར་ཡིག་ཕྲེང་ ༡༡༩ ཚེག་ཁྱིམ་ ༧༣༢༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༢ ལྡེབ་ ༡༥༡བ༦ ནས་ ༡༦༢ན༤ བར་ཡིག་ཕྲེང་ ༡༦༧ ཚེག་ཁྱིམ་ ༧༢༤༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༢ ལྡེབ་ ༡༤༡ན༡ ནས་ ༡༥༠ན༦ བར་ཡིག་ཕྲེང་ ༡༣༢ ཚེག་ཁྱིམ་ ༧༢༤༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༤ ལྡེབ་ ༡༣༤བ༥ ནས་ ༡༤༤ན༡ བར་ཡིག་ཕྲེང་ ༡༣༠ ཚེག་ཁྱིམ་ ༧༣༢༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༣༩༣ ནས་ ༤༡༤ བར་བཞུགས་པ་བཅས་སོ།།

༧༦༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏིས་རེ་བིདྱཱ་ཙཀྲ་ནི་བཾ་དྷ་ནཾ། བོད་སྐད་དུ། འཕགས་མ་རིག་པ་ཆེན་མོ་སོ་སོར་འབྲང་མའི་འཁོར་ལོའི་སེམས་སྦྱོང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཆོས་ཀྱི་སྡེ་དང༌། ལོ་ཙཱ་བ་དགེ་ཚུལ་ནམ་མཁའ་རྡོ་རྗེས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༦༤ ལྡེབ་ ༢༡༦ན༢ ནས་ ༢༡༧བ༥ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༦༣༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༦༣ ལྡེབ་ ༢༤༣བ༤ ནས་ ༢༤༥བ༦ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༡༦༦༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༦༣ ལྡེབ་ ༢༢༦བ༦ ནས་ ༢༢༨བ༦ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༦༤ ལྡེབ་ ༢༡༨ན༥ ནས་ ༢༡༩བ༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༦༣༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༦༨༢ ནས་ ༦༨༦ བར་བཞུགས་པ་བཅས་སོ།།

༧༧༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། བིགྷྣཱནྟན་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་དགྲའི་སྒྲུབ་ཐབས་སམ། བགེགས་བསྐྲད་པའི་སྒྲུབ་ཐབས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་(བ་རི་ཆོས་གྲགས།) བསྒྱུར་ཅིང་ཞུས་སོ། །འདི་ལ་མཛད་བྱང་མི་གསལ་བས། འདི་ནས་གཤམ་གྱི་ཆོས་ཚན་ ༨༢ པ། རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་བར་ཀླུ་སྒྲུབ་ཀྱི་གསུང་ཡིན་ནའང་། ཆོས་ཚན་མཐའ་མར་མཛད་པ་པོའི་མཚན་བཀོད་ནས་གཞན་རྣམས་ལ་དེས་འཐུས་པར་མཛད་པ་ཡིན་འདུག

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༥༨ ལྡེབ་ ༤༡ན༡ ནས་ ༤༡ན༧ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༢༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༥༨ ལྡེབ་ ༥༢ན༡ ནས་ ༥༢བ༢ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༣༢༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༥༨ ལྡེབ་ ༤༦ན༦ ནས་ ༤༦བ༥ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༥༨ ལྡེབ་ ༤༣ན༡ ནས་ ༤༣བ༡ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༢༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༡༩༨ ནས་ ༡༩༨ བར་བཞུགས་པ་བཅས་སོ།།

༧༨༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་པའི་ཐབས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིས་(བ་རི་ཆོས་གྲགས།) བསྒྱུར་ཅིང་ཞུས་པའོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༥༩ ལྡེབ་ ༤༡ན༧ ནས་ ༤༡བ༤ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༢༤༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༥༩ ལྡེབ་ ༥༢བ༢ ནས་ ༥༣ན༡ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༢༥༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༥༩ ལྡེབ་ ༤༦བ༦ ནས་ ༤༧ན༣ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༢༤༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༥༩ ལྡེབ་ ༤༣ན༧ ནས་ ༤༣བ༤ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༢༤༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༠༡ ནས་ ༢༠༢ བར་བཞུགས་པ་བཅས་སོ།།

༧༩༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཛཱངྒུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་དུག་སེལ་བའི་སྒྲུབ་ཐབས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིའི་(བ་རི་ཆོས་གྲགས།)འགྱུར།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༠ ལྡེབ་ ༤༡བ༤ ནས་ ༤༢ན༣ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༡༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༠ ལྡེབ་ ༥༣ན༡ ནས་ ༥༣བ༡ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༢༣༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༠ ལྡེབ་ ༤༧ན༤ ནས་ ༤༧བ༣ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༠ ལྡེབ་ ༤༣བ༤ ནས་ ༤༤ན༣ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༡༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༠༣ ནས་ ༢༠༤ བར་བཞུགས་པ་བཅས་སོ།།

༨༠༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨི་ལི་མིད་ཏེ་ཏི་ལི་མིད་ཏེ་ཨི་ཏི་ལི་མིད་ཏེ། བོད་སྐད་དུ། (འཕགས་མ་) དུག་སེལ་མའི་གཟུངས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་(བ་རི་ཆོས་གྲགས།)བསྒྱུར་བའོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༡ ལྡེབ་ ༤༢ན༣ ནས་ ༤༢ན༦ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༢༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༡ ལྡེབ་ ༥༣བ༡ ནས་ ༥༣བ༦ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༢༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༡ ལྡེབ་ ༤༧བ༣ ནས་ ༤༧བ༦ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༢༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༡ ལྡེབ་ ༤༣ན༣ ནས་ ༤༤ན༦ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༢༤༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༠༦ ནས་ ༢༠༧ བར་བཞུགས་པ་བཅས་སོ།།

༨༡༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནྃ། བོད་སྐད་དུ། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་(བ་རི་ཆོས་གྲགས།)བསྒྱུར་བའོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༢ ལྡེབ་ ༤༢ན༦ ནས་ ༤༢བ༣ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༣༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༢ ལྡེབ་ ༥༣བ༦ ནས་ ༥༤ན༥ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༦༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༢ ལྡེབ་ ༤༧བ༦ ནས་ ༤༨ན༤ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༣༥༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༢ ལྡེབ་ ༤༤ན༦ ནས་ ༤༤བ༣ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༣༦༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༠༨ ནས་ ༢༠༩ བར་བཞུགས་པ་བཅས་སོ།།

༨༢༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཀལ་པོཀྟ་མ་ཀུ་རུ་ཀུལླ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་ (བ་རི་ཆོས་གྲགས།) བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༣ ལྡེབ་ ༤༢བ༣ ནས་ ༤༤ན༢ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༦༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༣ ལྡེབ་ ༥༤ན༥ ནས་ ༥༦ན༣ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༢༦༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༣ ལྡེབ་ ༤༨ན༤ ནས་ ༤༩བ༧ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༢༥༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༣ ལྡེབ་ ༤༤བ༣ ནས་ ༤༦ན༣ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༦༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༡༠ ནས་ ༢༡༤ བར་བཞུགས་པ་བཅས་སོ།།

༨༣༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། (ཡང་) རྡོ་རྗེ་སྒྲོལ་མའི་ཐབས། སྡེ་བསྟན་དཀར་ཆག་ལས[67]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[68]། ལོ་ཙཱ་བ་ཡར་ལུངས་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བར་གསལ་ལ། བསྟན་འགྱུར་དཀར་ཆག་དང་། ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་གཞུང་ནང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། ཞེས་གསུམ་བྱུང་ཡང་། མཐའ་མ་དེ་ཉིད་ལས་སྔ་མ་གཉིས་བསྟན་འགྱུར་དུ་མི་གསལ་བས་དཔྱད་དགོས་ཤིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༩ ལྡེབ་ ༤༩བ༡ ནས་ ༥༡ན༣ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༨༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༩ ལྡེབ་ ༦༣ན༦ ནས་ ༦༥བ༦ བར་ཡིག་ཕྲེང་ ༤༡ ཚེག་ཁྱིམ་ ༡༨༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༩ ལྡེབ་ ༥༦ན༦ ནས་ ༥༩ན༢ བར་ཡིག་ཕྲེང་ ༣༨ ཚེག་ཁྱིམ་ ༡༨༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༩ ལྡེབ་ ༥༡བ༡ ནས་ ༥༣བ༣ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༨༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༢༤༡ ནས་ ༢༤༦ བར་བཞུགས་པ་བཅས་སོ།།

༨༤༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཀལ་པོཀྟ་མ་ཀུ་རུ་ཀུལླ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས་སམ། སྡེ་བསྟན་དཀར་ཆག་ལས[69]། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས། ཞེས་བྱུང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བར་གསལ་[70]བ་དང་། ཡང་ལོ་ཙཱ་བ་ཡར་ལུངས་གྲགས་པ་རྒྱལ་མཚན་གྱིས་ཀྱང་བསྒྱུར་བར་གསལ་[71]བས་དཔྱད་དགོས་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༣ ལྡེབ་ ༤༢བ༣ ནས་ ༤༤ན༢ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༦༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༦༣ ལྡེབ་ ༥༤ན༥ ནས་ ༥༦ན༣ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༢༦༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༦༣ ལྡེབ་ ༤༨ན༤ ནས་ ༤༩བ༧ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༢༥༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༦༣ ལྡེབ་ ༤༤བ༣ ནས་ ༤༦ན༢ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༦༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༩༡༨ ནས་ ༩༢༢ བར་བཞུགས་པ་བཅས་སོ།།

༨༥༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ནཱ་གེ་ཤྭ་རཱ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༤༠ ལྡེབ་ ༢༥༧བ༣ ནས་ ༢༥༩ན༦ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༦༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༤༡ ལྡེབ་ ༣༣༥ན༦ ནས་ ༣༣༧བ༥ བར་ཡིག་ཕྲེང་ ༤༠ ཚེག་ཁྱིམ་ ༡༦༨༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༤༡ ལྡེབ་ ༣༠༤བ༤ ནས་ ༣༠༦བ༤ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༦༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༤༠ ལྡེབ་ ༢༦༤བ༣ ནས་ ༢༦༦ན༦ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༦༦༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༡༢༢༠ ནས་ ༡༢༢༤ བར་བཞུགས་པ་བཅས་སོ།།

༨༦༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཁ་དི་ར་བ་ན་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༦༠ ལྡེབ་ ༢༦༧བ༣ ནས་ ༢༦༨བ༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༨༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༦༡ ལྡེབ་ ༣༤༩བ༤ ནས་ ༣༥༡ན༣ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༨༦༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༦༡ ལྡེབ་ ༣༡༦ན༣ ནས་ ༣༡༧ན༦ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༨༥༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༦༠ ལྡེབ་ ༢༧༤བ༣ ནས་ ༢༧༥བ༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༨༥༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༡༢༧༧ ནས་ ༡༢༨༠ བར་བཞུགས་པ་བཅས་སོ།།

༨༧༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཞེན་ལོག་སྒྲོན་མ་ཞེས་བྱ་བ། སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[72]། སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་འདི་ཐེ་ཚོམ་གྱི་གཞི་གཅིག་སྣང་བས་མཇུག་ཏུ་བཀོད་པ་ཡིན་ནོ། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༡༠ ལྡེབ་ ༥༨བ༢ ནས་ ༦༣བ༧ བར་ཡིག་ཕྲེང་ ༧༦ ཚིག་རྐང་ ༩-༣༨༠ ཚེག་ཁྱིམ་ ༤༢༤༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༢༤ ལྡེབ་ ༢༧༠བ༡ ནས་ ༢༧༦བ༦ བར་ཡིག་ཕྲེང་ ༡༠༢ ཚིག་རྐང་ ༩-༣༨༥ ཚེག་ཁྱིམ་ ༤༣༠༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༢༤ ལྡེབ་ ༢༧༡ན༢ ནས་ ༢༧༧ན༦ བར་ཡིག་ཕྲེང་ ༨༩ ཚིག་རྐང་ ༩-༣༨༥ ཚེག་ཁྱིམ་ ༤༣༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༡༠ ལྡེབ་ ༥༨བ༢ ནས་ ༦༣བ༧ བར་ཡིག་ཕྲེང་ ༧༦ ཚིག་རྐང་ ༩-༣༨༠ ཚེག་ཁྱིམ་ ༡༢༤༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༧༣༤ ནས་ ༧༤༧ བར་བཞུགས་པ་བཅས་སོ།།

༨༨༽ རྒྱུད་ ༼མུ༽ པ་ལ། ༢༽ རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་ཐབས། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[73]། སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་པ། ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ཡང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[74]། རྒྱུད་འགྲེལ། ༼ཐུ༽ རལ་གཅིག་མའི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་པ། བོད་ཀྱི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། ལྡེབ་གྲངས་ ༢༣༣བ། ༢༣༤བ། བར་བཞུགས་པར་གསལ་ལ། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[75]། བ་རི་ལོ་ཙཱ་བ་ཆོས་གྲགས་ཀྱིས་བསྒྱུར་བར་གསལ་ལོ།།

དེ་བཞིན་རལ་གཅིག་མའི་བརྒྱུད་པ་ནི། ༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས[76]། འཕགས་མ་རལ་གཅིག་མའི་སྒྲུབ་ཐབས་ལེ་ཚན་གཉིས།(གཅིག་ཆོས་ཚན་ ༧༨ པར་གསལ་ཡོད།) འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བོད་ནས་སྤྱན་དྲངས་པའི་རལ་གཅིག་མ་ནག་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་ལ་ནང་གསེས་ཀྱི་ཕྱག་བཞི་མ་དང་། ཕྱག་བརྒྱད་མའང་བྱུང་བ་སོ་སོར་རྗེས་གནང་ཡོད། རིན་ཆེན་སྒྲོན་མེར་ཕྱག་བརྒྱད་མ་ལས་གཞན་གསལ་ཁ་མེད། ཅེས་གསལ་བ་ལྟར། ལ་ལར་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་པ་དང་། འགའ་ཞིག་ཏུ་ཀླུ་སྒྲུབ་ཀྱིས་མཛད་ཚུལ་གསལ་བས། སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་ཞེས་གསལ་བ་ལྟར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་བོད་གངས་ཅན་ལྗོངས་ནས་ཇི་ལྟར་གདན་དྲངས་པ་དང་། ལྷག་པར་མགོན་པོ་ཀླུ་སྒྲུབ་བོད་དུ་བྱོན་པའི་ལོ་རྒྱུས་འཕགས་བོད་ཀྱི་དེབ་ཐེར་སོགས་སུ་མི་གསལ་བར་མ་ཟད། མགོན་པོ་ཀླུ་སྒྲུབ་དུས་རབས་གཉིས་པའི་ཡས་མས་སུ་བྱོན་པ་དང་། བོད་དུ་ནང་ཆོས་དུས་རབས་ལྔ་པའི་ནང་དབུ་བརྙེས་ཤིང་། དུས་རབས་བདུན་པར་སྲོལ་གཏོད། དུས་རབས་བརྒྱད་པར་དར་ཞིང་རྒྱས་པར་མཛད་པས་ན། བོད་དུ་རལ་གཅིག་མའི་སྒྲུབ་ཐབས་དེ་ཉིད་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བོད་དུ་སླེབས་མིན་དང་། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བོད་ནས་ཇི་ལྟར་གདན་དྲངས་མིན་སོགས་དེབ་ཐེར་ཁག་ཏུ་མི་གསལ་བས་དོགས་པའི་གནས་ཤིག་ཡིན།

ཡང་ན་ཀླུ་སྒྲུབ་ཀྱིས་གདན་དྲངས་སའི་བོད་དེ་ཡུལ་གངས་ལ་ངོས་འཛིན་དགོས་སམ་ཞེ་ན། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[77]། གཉིས་པ་བོད་དུ་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་ལ། སྔ་དར་དང་ཕྱི་དར་བའི་ཚུལ་གཉིས་ཀྱི་དང་པོ་ནི། སློབ་དཔོན་ཤེས་རབ་གོ་ཆས་སྐྱ་སེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་ཡན་ལག་བཅུ་གཉིས་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་དབུས་སུ་བྲོས་པ་ལས་མཆེད་པ་བོད་དོ་ཟེར་ཏེ། འཁྲུག་པ་དེ་ནི་རྩོད་པའི་དུས་ཐོག་མར་བྱུང་བའི་ཚེ་ཡིན་ལ། རྫོགས་ལྡན་གྱི་དུས་གསུངས་པའི་འཁོར་ལོ་སྡོམ་པའི་རྒྱུད་དུ། བོད་ཅེས་ཡུལ་ཉི་ཤུ་རྩ་བཞིའི་ཡ་བར་བགྲངས་པས་དེས་གནོད། དེས་ན་ད་ལྟ་བོད་ལུང་ཞེས་གྲགས་པ་འདིའི་མིང་ལས་སྤྱི་ལ་དེ་སྐད་དུ་གྲགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེས་གནས་ཅན། །ཞེས་བྱུང་ཞིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་རལ་གཅིག་མའི་སྒྲུབ་ཐབས་སྤྱན་དྲངས་པའང་འདི་ལས་ཡིན་པ་དང༌། འཇམ་དཔལ་རྩ་རྒྱུད་ཀྱི་སྲོང་བཙན་སྒམ་པོ་ལུང་བསྟན་དུ། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །ཞེས་པའི་ལྷ་ལྡན་གྱི་གངས་ཅན་ཡང་ཡུལ་དེའི་མིང་གི་རྣམ་གྲངས་ཡིན་ལ། དེ་ལ་དེ་ཧི་མ་ལ་ཡ་ཞེས་འབྱུང་བས་སོ། །དོན་ད་ལྟ་ཙ་རི་ཏྲར་གྲགས་པ་འདི་ཡིན་ནོ། །ཞེས་བྱུང་ལ། ལོ་ཆེན་གཞོན་ནུ་སྲོག་གིས་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས[78]། དེ་ནས་ཞག་དགུ་བཅུ་ཙམ་དེ་ན་བཞུགས་པའི་སྡེ་སྣོད་གསུམ་གྱི་གཞུང་རྫོགས་པར་བཀླགས་ཟིན་ཅིང་། དེ་ལས་གཞན་པའི་མདོ་སྡེ་དག་དོན་དུ་གཉེར་ནས་ཇི་ལྟར་བཙལ་ཀྱང་གང་དུའང་མ་རྙེད་དེ། རིམ་གྱིས་ཁ་བ་ཅན་གྱི་རིར་ཕྱིན་ཏོ། །རི་དེར་མཆོད་རྟེན་ཞིག་གི་ནང་དུ་དགེ་སློང་རྒན་པོ་ཞིག་བཞུགས་པ་དེས་ཐེག་པ་ཆེན་པོའི་མདོ་སྡེ་དག་གནང་ངོ་། །དེ་དག་འབད་དེ་ཉན་ཅིང་ཀློག་པས། དགའ་ཞིང་མགུ་ལ་དེའི་དོན་ཡང་རྟོགས་མོད་ཀྱང་ཡོངས་སུ་རྫོགས་པར་ནི་རྟོགས་པར་མ་གྱུར་ཏོ། །ཞེས་གསུངས་པ་ལྟར་དཔྱད་གནས་མང་དུ་སྣང་ངོ་།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༢༡༣ ལྡེབ་ ༡༦༤བ༢ ནས་ ༡༦༥ན༡ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༩༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༢༡༤ ལྡེབ་ ༢༡༢ན༧ ནས་ ༢༡༣ན༢ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༢༡༤ ལྡེབ་ ༡༩༧ན༦ ནས་ ༡༩༧བ༧ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༠༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༢༡༣ ལྡེབ་ ༡༦༦བ༢ ནས་ ༡༦༦ན༡ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༩༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པ། ཤོག་གྲངས་ ༧༧༠ ནས་ ༧༧༡ བར་བཞུགས་པ་བཅས་སོ།།

༨༩༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་དུ། ནཱ་ནཱ་ཏནྟྲ་ཨུདྡྷྲི་ཏོ་བ་ལི་ཾབི་དྷིཿ བོད་སྐད་དུ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག །སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༥༠ ལྡེབ་ ༡༣༠བ༣ ནས་ ༡༦༠བ༢ བར་ཡིག་ཕྲེང་ ༤༢༠ ཚེག་ཁྱིམ་ ༢༦༨༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༦༡ ལྡེབ་ ༣༤༩ན༧ ནས་༣༨༥ན༦ བར་ཡིག་ཕྲེང་ ༥༧༦ ཚེག་ཁྱིམ་ ༢༦༦༥༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༥༨ ལྡེབ་ ༣༤༧ན༡ ནས་ ༣༨༢ན༢ བར་ཡིག་ཕྲེང་ ༤༥༡ ཚེག་ཁྱིམ་ ༢༦༦༥༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༥༠ ལྡེབ་ ༡༣༠བ༣ ནས་ ༡༦༡ན༡ བར་ཡིག་ཕྲེང་ ༤༦༢ ཚེག་ཁྱིམ་ ༢༦༨༦༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༡༠༠༧ ནས་ ༡༠༨༥ བར་བཞུགས་པ་བཅས་སོ།།

༩༠༽ རྒྱུད་ ༼ཞུ༽ པ་ལ། རྒྱ་གར་སྐད་དུ། ཨརྱ་བི་ཛ་ཡ་ཏྲཻ་ལོ་ཀྱ་ཏཱ་ར་ས་ད་ན་མ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འཕགས་པ་སྒྲོལ་མ་བསྒྲུབ་པའི་ཐབས་ཞེས་བྱ་བའམ། རྗེ་བཙུན་མའི་བསྒྲུབ་ཐབས་བཞུགས་སོ། །སློབ་དཔོན་ཆེན་པོ་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་ལས། དུས་ཕྱིས་ཤཱཀྱའི་དགེ་བསྙེན་བརྟུལ་ཞུགས་སྤྱོད་པའི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་བསྒྱུར་བ་རྫོགས་སྷོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༤༥ ལྡེབ་ ༢༡༤ན༡ ནས་ ༢༡༧བ༡ བར་ཡིག་ཕྲེང་ ༥༨ ཚེག་ཁྱིམ་ ༢༤༣༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༤༥ ལྡེབ་ ༢༠༥བ༦ ནས་ ༢༠༩ན༤ བར་ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༢༤༣༦། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞུ༽ དེབ་ཨང་ ༤༢ པ། ཤོག་གྲངས་ ༡༦༡༦ ནས་ ༡༦༢༣ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༡༽ རྒྱུད་ ༼སུ༽ པ་ལ། རྒྱ་གར་སྐད་དུ། བི་ཎ་ཌཱི་གྲ་མ་སཱ་དྷ་ནཾ། བོད་སྐད་དུ། བསྡུས་པའི་རིམ་པའི་བསྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། (ཕྱི་འགྱུར།) སླད་ཀྱི་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རེནྟྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་མ་གྷ་དྷའི་དཔེ་ལྟར་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པའོ། །ཤུ་ལོག་ཀ་སུམ་བརྒྱ་དང་སུམ་ཅུ་བཞུགས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༢ན༦ བར་ཡིག་ཕྲེང་ ༡༦༩ ཚིག་རྐང་ ༧-༨༨༨། ༡༣-༡༦། ༡༩-༤ ཚེག་ཁྱིམ་ ༦༨༥༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༢ན༥ བར་ཡིག་ཕྲེང་ ༡༡༨ ཚིག་རྐང་ ༧-༨༨༨། ༡༣-༡༦། ༡༩-༤ ཚེག་ཁྱིམ་ ༦༨༥༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༧༧༩ ནས་ ༨༠༡ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༢༽ རྒྱུད་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ཥཌངྒ་ཡོ་ག་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། འདི་ནི་ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་རྗེའི་བཀས་བསྐུལ་བ་ལས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས་དང་། སྟག་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ། །བསྟན་འགྱུར་དཔེ་བསྡུར་མ་ལས[79]། ཤུབྷམྨསྟུ་སརྦ་ཛ་ག་ཏཾ། འདིའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། ནཱ་ག་བོ་དྷིཿ། ཙནྡྲ་ཀིརྟྟིཿ། ཨཱརྱ་དེ་བ། ཤཱཀྱ་རཀྵི་ཏཿ། རཏྣ་མིཏྲཿ། དྷརྨ་བྷ་དྲཿ གུ་ཎ་མ་ཏིཿ། མཉྫུ་ཤྲཱི་ཛྙཱ་ནཿ ཨ་མོ་གྷ་ཤྲཱིཿ། པཱི་ར་མ་ཏིཿ། པི་ཛ་ཡ་ཀཱིརྟྟིཿ། བ་ར་པྲཛྙཱ་དྷརྨ་བྷདྲཿ། ཤྲཱི་བྷདྲཱཿ། ཤཱཀྱ་དྷྭ་ཛཿ། བ་གི་ཤྭ་ར་ཀིརྟྟིཿ། རཏྣ་ཀིརྟྟིཿ། མ་ཧཱ་སྠ་བིར་ཤཱི་བན་རཏྣཿ། དེས་བདག་དྷརྨ་བུདྡྷི་ལའོ། །

རྡོ་རྗེ་འཆང་དབང་སློབ་དཔོན་ཀླུ་སྒྲུབ་དང་། །ཀླུ་ཡི་བྱང་ཆུབ་དང་ནི་འཕགས་པ་ལྷ། །ཟླ་བ་གྲགས་པ་ཤཱཀྱས་འཚོ་བ་དང་། །རིན་ཆེན་བཤེས་གཉེན་ཆོས་ཀྱི་བཟང་པོ་དང་། །ཡོན་ཏན་རྒྱ་མཚོ་འཇམ་དཔལ་ཡེ་ཤེས་ཞབས། །དོན་ཡོད་དཔལ་དང་དཔའ་བོའི་བློ་གྲོས་ཅན། །རྣམ་རྒྱལ་གྲགས་པ་ཆོག་ཤེས་ཆོས་བཟང་དང་། །དཔལ་བཟང་པོ་དང་ཆོས་ཀྱི་སྐྱོང་བའི་ཞབས། །ཤཱཀྱ་རྒྱལ་མཚན་ངག་གི་དབང་ཕྱུག་གྲགས། །རིན་ཆེན་གྲགས་དང་པཎ་ཆེན་རིན་པོ་ཆེ། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོ་སྟེ། །གསང་འདུས་སྦྱོར་དྲུག་རྒྱུད་ལ་ཕྱག་འཚལ་ལོ། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༥ ཡན་ལག་ ༦ ལྡེབ་ ༥༠ན༦ ནས་ ༥༣ན༧ བར་ཡིག་ཕྲེང་ ༤༨ ཚེག་ཁྱིམ་ ༢༡༥༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༥ ཡན་ལག ༦ ལྡེབ་ ༤༦ན༦ ནས་ ༤༩ན༢ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༢༡༥༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༨༣༥ ནས་ ༨༤༢ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༣༽ རྒྱུད་ ༼སུ༽ པ་ལ། རྒྱ་གར་སྐད་དུ། པ་ཤ་ཙ་མ་ཀྵི་ཏ་ཀི་ནི་ཀལ་པ་ཨུ་ཏ་ཀུན་ཏ་ལི་ས་དྷ་ན་མ། བོད་སྐད་དུ། ཤ་ཟ་གནོད་སྦྱིན་མཁའ་འགྲོ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་ཞེས་བྱ་བའམ། གནོད་སྦྱིན་མོ་ཀུན་ནས་འཁྱིལ་པ་མཆེད་གསུམ་གྱི་སྒྲུབ་ཐབས་བཞུགས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤ་ཟ་རིག་པ་འཛིན་པའི་རྒྱུད་ནས་ཕྱུང་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༤༡ ལྡེབ་ ༢༡༩ན༤ ནས་ ༢༢༠ན༢ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༤༡ ཚེག་ཁྱིམ་ ༧༢༩། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༤༡ ལྡེབ་ ༢༠༥བ༢ ནས་ ༢༠༦ན༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༤༡ ཚེག་ཁྱིམ་ ༧༢༩། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༡༡༤༧ ནས་ ༡༡༤༩ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༤༽ རྒྱུད་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ཡ་ཀྵི་ནི་ཀུན་དྷ་ལི་ས་དྷ་ན་མ། བོད་སྐད་དུ། གནོད་སྦྱིན་མ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་ཀྱི་དོན་བསྡུས་པའི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། བརྒྱུད་པ་ནི། བསྟན་འགྱུར་དཔེ་བསྡུར་མ་ལས[80]། སློབ་དཔོན་ཀླུ་སྒྲུབ། བླ་མ་རྡོ་རྗེ་གདན་པ། མཁས་པ་བ་རི་ལོ་ཙཱ་བ། བུ་སྟོན་རིན་ཆེན་གྲུབ། མཁན་ཆེན་བསོད་ནམས་བཟང་པོ། དྭགས་པོ་གློ་སྒོ་བ། བླ་མ་འཇམ་དབྱངས་ཤཱཀྱ་སེངྒེ་། གོན་འགྱོ་བུདྷ་ཕ་ལ། དེ་ལ་བདག་མི་བསྐྱོད་རྡོ་རྗེས་ཞུས་སོ། །ཞེས་སོགས་ལས་འགྱུར་བྱང་མི་གསལ་ཡང་། འདིའི་བརྒྱུད་རིམ་ལྟར་ན་མཁས་པ་བ་རིས་བསྒྱུར་བ་ཞིག་མིན་ནམ་སྙམ་ལ། དེ་ལྟར་ཡིན་ན་གོང་གསལ་ཆོས་ཚན་ ༩༣ ཅན་དེར་ཡང་འགྱུར་བྱང་མི་གསལ་བས་སྒྱུར་བ་པོ་གཅིག་ཡིན་འདུག་སྙམ་པས་དཔྱད་དགོས་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༤༢ ལྡེབ་ ༢༢༠ན༢ ནས་ ༢༢༢བ༧ བར་ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༡༦༩༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཞུ༽ ཚན་གྲངས་ ༤༢ ལྡེབ་ ༢༠༦ན༧ ནས་ ༢༠༨བ༢ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༦༨༡། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༡༡༥༠ ནས་ ༡༡༥༥ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༥༽ རྒྱུད་ ༼སུ༽ པ་ལ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་སད་ཏ་ན་བ་ལ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་སྒྲུབ་ཐབས་སམ། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༡༧ ལྡེབ་ ༡༣༩བ༨ ནས་ ༡༤༢ན༦ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༡༧༧ ཚེག་ཁྱིམ་ ༡༣༧༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༡༧ ལྡེབ་ ༡༣༥ན༦ ནས་ ༡༣༧བ༡ བར་ཡིག་ཕྲེང་ ༣༡ ཚིག་རྐང་ ༧-༡༧༧ ཚེག་ཁྱིམ་ ༡༣༥༩། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༩༦ ནས་ ༡༠༠ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༦༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་མི་གསལ། ཐམས་ཅད་གྲུབ་པ་དཔལ་འཕེལ་ལྷ་མོ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟོད་པ་བཞུགས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟོད་པའོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[81]། རྒྱུད་འགྲེལ། ༼ཟུ༽ སྒྲོལ་མའི་བསྟོད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། ལྡེབ་གྲངས་ ༢༥༡བ། ༢༥༢ན། བར་བཞུགས་པར་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༤༨ ལྡེབ་ ༡༩༠ན༣ ནས་ ༡༩༠བ༤ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༡༡-༣༢ ཚེག་ཁྱིམ་ ༣༥༣། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༤༨ ལྡེབ་ ༡༩༠བ༥ ནས་ ༡༩༡ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༡༡-༣༢ ཚེག་ཁྱིམ་ ༣༥༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༢༥༣ ནས་ ༢༥༤ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༧༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཁ་དྷི་ར་དྷ་ར་སྟོ་ཏྲ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ། མཇུག་བྱང་ལས[82]། གཞོན་ནུ་ཁ་ཏི་ཏ་རེ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་དྲུག་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༥༡ ལྡེབ་ ༡༩༤བ༧ ནས་ ༡༩༦ན༡ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༡༡-༦༤ ཚེག་ཁྱིམ་ ༤༦༨། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༥༡ ལྡེབ་ ༡༩༣བ༧ ནས་ ༡༩༥ན༣ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༡༡-༦༤ ཚེག་ཁྱིམ་ ༤༥༡། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༢༦༤ ནས་ ༢༦༦ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༨༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བའམ། སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། བོད་ཀྱི་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བའོ། །རྒྱལ་ཚ་ལུང་མང་པོ་དང་། ཆོས་རྗེ་བསོད་ནམས་ཀྱི་ཕྱག་དཔེ་ལས། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་པ་ལས་བཤུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༧༠ ལྡེབ་ ༢༥༨བ༣ ནས་ ༢༥༩ན༧ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༥༠༣། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༧༠ ལྡེབ་ ༢༥༩ན༤ ནས་ ༢༦༠ན༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༠༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༣༧༡ ནས་ ༣༧༢ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༩༩༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཙ་ཏུརྦྷུ་ཛ་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་སམ། ཕྱག་བཞི་པ་གཙོ་རྐྱང་ཀླུ་སྒྲུབ་ལུགས་ཀྱི་སྒྲུབ་ཐབས་སོ། །དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར་བསྒྱུར་བའོ། །ཞེས་པ་ལས། ལོ་ཙཱ་བ་སུ་ཡིན་མི་གསལ། འོན་ཀྱང་རྒྱ་གར་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང་ལྷན་དུ་སྒྲ་སྒྱུར་མཛད་མཁན་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཞོན་ནུ་དཔལ་དང་། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་གཉིས་སུ་སྣང་བས་འདི་གཉིས་གང་རུང་ཡིན་ངེས་སྙམ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༧༠ ལྡེབ་ ༢༥༨བ༣ ནས་ ༢༥༩ན༧ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༥༠༣། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༧༠ ལྡེབ་ ༢༥༩ན༤ ནས་ ༢༦༠ན༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༠༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༥༣༦ ནས་ ༥༣༨ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༡༠༠༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། མགོན་པོ་བྱ་རོག་གདོང་གི་གཏོར་མདོས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནག་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༡༩ ལྡེབ་ ༤༨ན༢ ནས་ ༥༦ན༦ བར་ཡིག་ཕྲེང་ ༡༣༣ ཚིག་རྐང་ ༧-༣༢༠། ༩-༧༧ ཚེག་ཁྱིམ་ ༦༡༦༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༡༩ ལྡེབ་ ༤༢བ༢ ནས་ ༥༡ན༣ བར་ཡིག་ཕྲེང་ ༡༢༡ ཚིག་རྐང་ ༧-༣༢༠། ༩-༧༧ ཚེག་ཁྱིམ་ ༦༡༦༡། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༦༡༩ ནས་ ༦༣༨ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༡༠༡༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། ཧསྟི་རད་ན་དྷ་ནཾ་ཡེ་ཏི་ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། གླང་པོ་རིན་པོ་ཆེ་ལ་ནོར་བླང་བའི་མན་ངག་ཅེས་བྱ་བའམ། ཡིད་བཞིན་ནོར་བསྒྲུབ་གླང་ཆེན་བཅས་ཆོག་བཞུགས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༢༨ ལྡེབ་ ༨༠བ༢ ནས་ ༨༢བ༡ བར་ཡིག་ཕྲེང་ ༣༢ ཚིག་རྐང་ ༧-༨༦ ཚེག་ཁྱིམ་ ༡༢༤༡། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༢༨ ལྡེབ་ ༧༦ན༥ ནས་ ༧༨ན༢ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༧-༨༦ ཚེག་ཁྱིམ་ ༡༢༣༢། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༧༠༩ ནས་ ༥༣༨ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།

༡༠༢༽ རྒྱུད་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། གུ་ཧྱ་སིདྡྷི་ན་མ། བོད་སྐད་དུ། བླ་མ་གསང་བར་སྒྲུབ་པ་ཞེས་བྱ་བའམ། བླ་མ་གསང་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ། མཛད་བྱང་ལས[83]། པཎྜི་ཏ་ན་ག་ཛུ་ནས་མཛད་པ་རྫོགས་སོ། །དཔལ་དིང་རི་གླང་འཁོར་གྱི་དགོན་པར། པཎྜི་ཏ་བི་བུ་ཏི་ཙནྟྲས་བསྒྱུར་བའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ནཱ་ག་ཛཱུ་ན། ཏིལློ་པ། ནཱ་རོ་པ། ཕམ་མཐིང་པ། ཤཱཀྱ་ཤྲཱི་བྷ་ཏྲ། བི་བུ་ཏི་ཙནྟྲ། རཏྣ་ཤྲཱི་བྷ་ཏྲ། བླ་མ་ཞང་། རཏྣ་སིང་ཧ་རྣམས་སོ། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཡུ༽ ཚན་གྲངས་ ༥ ལྡེབ་ ༣༢བ༨ ནས་ ༣༥ན༦ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༡༩༤ ཚེག་ཁྱིམ་ ༡༥༤༤། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཡུ༽ ཚན་གྲངས་ ༥ ལྡེབ་ ༣༢བ༤ ནས་ ༣༤བ༣ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༩༤ ཚེག་ཁྱིམ་ ༡༥༤༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀི༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༨༩༦ ནས་ ༩༠༡ བར་བཞུགས་པ་ལས། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༨༨

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༣༧༨

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༣༨༠

[4] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༡༥

[5] སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༦༠ ནས་ ༢༦༡ བར།

[6] བསྟན་བཅོས་གང་ཞིག་ཡིན་རུང་བསྟན་བཅོས་དེའི་མཇུག་མཐར་མཛད་པ་པོ་སུ་ཡིན་དང་། དུས་ནམ་ཞིག་བརྩམས་པ། ཡུལ་གང་དུ་བརྩམས་པ། སྐུལ་བ་པོ་སུ་ཡིན་སོགས་བཀོད་པ་ལ་ཟེར། བསྟན་བཅོས་འདིར་མཛད་བྱང་མི་གསལ་བས་མཛད་པ་པོ་སུ་ཡིན་མི་ཤེས་ལྟ་བུའོ།།

[7] དུས་སྐབས་གང་དུ་འཕགས་བོད་ཀྱི་ལོ་པཎ་གང་དག་གིས་ཡུལ་ལུང་གང་དུ་སྐད་ཡིག་གང་ལས་སྒྲ་སྒྱུར་མཛད་མིན།

[8] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༦

[9] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༣༡

[10] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༦

[11] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༣༨

[12] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༡༣

[13] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༡༣

[14] འགྱུར་བྱང་མེད་པའི་འགྱུར་རྣམས་རྒྱ་དཀར་ནག་གང་གི་སྐད་ལས་བསྒྱུར་བ་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང་ཕལ་ཆེར་རྒྱ་གར་སྐད་ནས་བསྒྱུར་བ་གཙོ་ཆེ་བ་ནི་མཐོང་ཆོས་ལགས་སོ།།

[15] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༧

[16] ཁྲོ་ལོའི་ཚོམས། འདི་ན་གསལ་བའི་ཐ་སྙད་གཅིག་ནི་རང་འགྱུར་ཟེར་བ་འདི་ཡིན་ཅིང་། རྒྱ་བོད་ལོ་ཙཱ་བ་སུ་རུང་ཞིག་ནས་པཎྜི་ཏ་གཞན་ལ་ལྟོས་མེད་ཀྱིས་གྲུབ་པའི་རང་གི་འགྱུར་རྩོམ་རྣམས་ལ་རང་འགྱུར་ཟེར། འདི་ལ་དབྱེ་ན་གསུམ་མཆིས། དང་པོ་ནི་པཎྜི་ཏ་རང་ཉིད་ཀྱི་བརྩམས་ཆོས་རང་ཉིད་ཀྱིས་བསྒྱུར་བའི་སྡེ་ཚན། མཚན་གཞིར་པཎྜི་ཏ་སྨྲིཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་སྨྲ་སྒོ་མཚོན་ཆ། གཉིས་པ་ནི་པཎྜི་ཏ་གཞན་གྱི་བརྩམས་ཆོས་རང་གིས་བསྒྱུར་བའི་སྡེ་ཚན། མཚན་གཞིར་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་རང་འགྱུར་རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ། གསུམ་པ་ནི་བོད་ཀྱི་མཁས་པས་པཎྜི་ཏའི་སྒྱུར་གྲོགས་མེད་པར་བསྒྱུར་བའི་སྡེ་ཚན། དཔེར་ན། གནས་ལ་སོགས་པ་གཏན་ལ་དབབ་པ་རྣམ་པར་གྲགས་པའི་པཎྜི་ཏ་གནས་བརྟན་ཤྲཱིས་མཛད་པ་རྫོགས་སོ། །ཞེས་པ་ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལས་བསྒྱུར་བའོ། །དེང་གི་དུས་སུ་ལེགས་སྦྱར་དང་བོད་ཡིག་ནང་རང་འགྱུར་མཛད་ཐུབ་མཁན་ནི་སྲིད་མཐར་གྱུར་ཡོད། འོན་ཀྱང་བོད་དབྱིན་ཕན་ཚུན་དང་བོད་རྒྱའི་སྐད་ཀྱི་ནང་ཕན་ཚུན་རང་འགྱུར་ཐུབ་མཁན་དཀོན་པོ་ཡིན་ཡང་མེད་པ་མིན། ཞེས་རིག་པའི་ཁྱེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༨ ལོ། ཤོག་ xiv གསལ་བ་ལྟར་རོ།།

[17] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༦

[18] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༧

[19] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༠

[20] ཨ་མྱེས་ཞབས་བཀའ་འབུམ། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༣བ༢

[21] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༦

[22] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཅ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༩༡༧

[23] དབང་དོན་དེ་ཉིད་ཡང་གསལ། ༼ཇ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༧༤

[24] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༠

[25] Lindtner 1997: 9 and 3/4 (verses); Kano & Li 2017 (10 verses)

[26] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༠

[27] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༦

[28] ཨ་མྱེས་ཞབས་བཀའ་འབུམ། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༣བ༡

[29] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༡༤༥

[30] རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ། ༼ད༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ དཔེ་རིང་། ༢༩ན

[31] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ༢༠༠༨ ལོ། ཤོག་ ༡༡༢

[32] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་ ༡༩

[33] འཇིགས་བྱེད་ཆོས་འབྱུང་། ཤིང་དཔར། བཀྲ་ཤིས་འཁྱིལ་པར་མ། ཤོག་གྲོངས་ ༥༤བ༢

[34] རྗེ་གུང་ཐང་བའི་ཀུན་གཞིའི་མཐའ་དཔྱོད། ཤིང་དཔར། དབུས་པར། ཤོག་གྲངས་ ༦ན༢

[35] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༥༦

[36] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༡༥༨

[37] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༧༩

[38] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༧

[39] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༧༧

[40] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༧༧

[41] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༧༧

[42] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༦༤༧

[43] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༦༤༧

[44] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ ༢༦ ཤོག་གྲངས་ ༢༡༧ ཐོག་པེ་སྣར་གཉིས་སུ་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ། ཞེས་གསལ།།

[45] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆ༽ དེབ་ཨང་ ༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༩

[46] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༦༤

[47] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༧

[48] ཨ་མྱེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་  ༥༥

[49] དཀར་ཆག་གི་ཟུར་མཆན། གོང་གསལ་ཆོས་ཚན་འདི་ཉིད་ཀྱི་ནང་དུ་སྟོན་པ་སངས་རྒྱས་ཀྱི་གསུང་ཚིགས་སུ་བཅད་པ་གཅིག་དང་། དེ་རྗེས་སློབ་དཔོན་དགེ་བའི་མགོན་པོ་དང་། གྲུབ་ཆེན་བི་རུ་ཝ། སློབ་དཔོན་བྷུ་སུ་ཀུ། གྲུབ་ཆེན་ནག་པོ་སྤྱོད་པ། མགོན་པོ་ཀླུ་སྒྲུབ། ལཀྵྨི་ཆེན་མོ། གྲུབ་ཆེན་དཱ་རི་ཀ་བཅས་ཀྱི་གྲུབ་མཐའ་རེ་རེར་ཚིགས་བཅད་རེ་སྣང་བ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་སྲས་ཞི་བ་ལྷའི་གསུང་ཚིགས་སུ་བཅད་པ་རེ་རེ་གསལ་བ་ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།

[50] རིན་ཆེན་ཕྲེང་བ་དང་དེའི་འགྲེལ་པ། སྟོད་ཆ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ༡༩༩༡ ལོ། ཤོག་ ༣༡༥

[51] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༢༨༨

[52] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༢༩༩

[53] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༧༡

[54] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༢༤

[55] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༣

[56] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༤

[57] ཆོས་ཚན་འདི་ཉིད་ཀྱི་ནང་དུ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཤཱནྟ་དེ་བ། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ་བཅས་པཎ་གྲུབ་ཞལ་གྲངས་བཞིའི་ཚིགས་སུ་བཅད་པ་རེ་རེ་བཞུགས་པ་ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།

[58] ཆོས་ཚན་འདི་ཉིད་ཀྱི་ནང་དུ་མགོན་པོ་ཀླུ་སྒྲུབ་དང་། ཕྱོགས་ཀྱི་གླང་པོ། བྷུ་སུ་ཀུ་བཅས་པཎ་གྲུབ་ཞལ་གྲངས་གསུམ་གྱི་ཚིགས་སུ་བཅད་པ་རེ་རེ་བཞུགས་པ། ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།

[59] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༨༩

[60] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༠

[61] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤༣

[62] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ༡༩༩༨ ལོ། ཤོག་གྲངས་ ༤༨༧

[63] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༢༢

[64] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༢༢

[65] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༢༢

[66] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༩

[67] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༠

[68] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༡༩

[69] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༤

[70] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༥༨

[71] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༢༣

[72] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༠༧

[73] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༡

[74] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༥༨

[75] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤༣

[76] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ཁ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༥

[77] ཀུན་མཁྱེན་ཆོས་འབྱུང་། གསུང་འབུམ་པོད། ༼ཀཁ༽ དཔེ་རིང་ཤོག་གྲངས་ ༡༥༧ན༥

[78] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་ ༡༧

[79] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༨༤༡

[80] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༡༡༥༤

[81] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༢༨

[82] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦༦

[83] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀི༽ དེབ་ཨང་ ༤༧ པ། ༢༠༠༨ ལོ། ཤོག་གྲངས་ ༩༠༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༥ ནས་ ༡༨༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *