བརྒྱད་པ། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་དཀར་ཆག ཀ༽ དང་པོ། ཤེར་ཕྱིན་གྱི་སྐོར།

བརྒྱད་པ། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། ཤེར་ཕྱིན་གྱི་སྐོར།

 

༡༽ ཤེར་ཕྱིན་ ༼མ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་སཔྟ་ཤ་ཏི་ཀཱ་པྲ་ཛྙཱ་པཱ་ར་མི་ཏ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང༌། ལིའི་མཁན་པོ་སུ་རེནྡྲཱ་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ་སྐྱོང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་ཀྱི་འགྱུར་རོ་ཅོག་གི་དཀར་ཆག་ལས[1]། བདུན་བརྒྱ་པའི་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤླཽ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག ཅེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༤ བམ་པོ། ༦ ལྡེབ་ ༨༩ན༧ ནས་ ༡༧༨ན༥ བར་ཡིག་ཕྲེང་ ༡༢༤༥ ཚེག་ཁྱིམ་ ༦༣༩༩༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚིགས་བཅད་དགུ། པོད་རྟགས། ༼མ༽ ཚན་གྲངས་ ༦ བམ་པོ། ༦ ལྡེབ་ ༡༠༥ན༦ ནས་ ༢༠༩བ༤ བར་ཡིག་ཕྲེང་ ༡༦༦༥ ཚེག་ཁྱིམ་ ༦༤༠༥༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼མ༽ ཚན་གྲངས་ ༦ བམ་པོ། ༦ ལྡེབ་ ༡༠༣ན༦ ནས་ ༢༡༢ན༣ བར་ཡིག་ཕྲེང་ ༡༥༢༤ ཚེག་ཁྱིམ་ ༦༤༠༤༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༤ བམ་པོ། ༦ ལྡེབ་ ༨༩ན༧ ནས་ ༡༧༨ན༦ བར་ཡིག་ཕྲེང་ ༡༢༤༣ ཚེག་ཁྱིམ་ ༦༣༩༩༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ པ། ཤོག་གྲངས་ ༡༠༣༠ ནས་ ༡༢༤༣ བར་བཞུགས་པ་བཅས་སོ།།

༢༽ ཤེར་ཕྱིན་ ༼མ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་བཛྲ་ཙྪེ་དི་ཀ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ།[2] སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང༌། ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

སློབ་དཔོན་ཆེན་པོ་ལཱལ་མཎི་ཇོ་ཤཱིས་ལེགས་སྦྱར་གྱི་མ་དཔེར་ཞུས་དག་དང་ཧིན་སྐད་དུ་བསྒྱུར་བ་བཅས་ཕྱི་ལོ་ ༡༩༧༨ ལོར་ཝཱར་ཎ་མཐོ་སློབ་ནས་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་འདི་ཉམས་ཞིབ་པ་པདྨ་བསྟན་འཛིན་གྱིས་ལེགས་སྦྱར་དུ་ཝཱར་ཎ་མཐོ་སློབ་ནས་དཔར་བསྐྲུན་ཞུས་འདུག

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༦ བམ་པོ། ༤ ལྡེབ་ ༢༠༤ན༡ ནས་ ༢༦༧བ༡ བར་ཡིག་ཕྲེང་ ༨༩༠ ཚེག་ཁྱིམ་ ༥༣༩༥༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚིགས་བཅད་དགུ། པོད་རྟགས། ༼མ༽ ཚན་གྲངས་ ༧ བམ་པོ། ༤ ལྡེབ་ ༢༠༩བ༤ ནས་ ༢༨༥བ༥ བར་ཡིག་ཕྲེང་ ༡༢༡༨ ཚེག་ཁྱིམ་ ༥༤༠༠༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼མ༽ ཚན་གྲངས་ ༧ བམ་པོ། ༤ ལྡེབ་ ༢༡༢ན༣ ནས་ ༢༩༡ན༤ བར་ཡིག་ཕྲེང་ ༡༡༡༥ ཚེག་ཁྱིམ་ ༥༣༩༩༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༦ བམ་པོ། ༤ ལྡེབ་ ༢༠༣བ༡ ནས་ ༢༦༨ན༡ བར་ཡིག་ཕྲེང་ ༨༩༠ ཚེག་ཁྱིམ་ ༥༣༩༥༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ པ། ཤོག་གྲངས་ ༡༣༢༡ ནས་ ༡༤༨༡ བར་བཞུགས་ཤིང་། ཆོས་ཚན་འདིའི་བམ་གྲངས་པེ་ཅིན་དང་སྣར་ཐང་བསྟན་འགྱུར་ལྟར་བཀོད་པའོ།།

༣༽ ཤེར་ཕྱིན་ ༼མ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མ་ཤི་པ་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྡེ་དགེ་བསྟན་འགྱུར་ཆག་ལས[3]། ཤེར་སྙིང་གི་འགྲེལ་པ་ ༼མ་བྱུང༌།༽ སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་ཟེར་བ་རྣམས་བཞུགས་སོ། །ཞེས་གསལ་བ་ལྟར་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མ་འཁོད་ཀྱང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་བཞུགས་པས་ཞལ་སྐོང་ཞུས་ཤིང་། ཞལ་བྱང་དུ་ཤེས་རབ་སྙིང་པོའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་བཞུགས་སོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚིགས་བཅད་དགུ། པོད་རྟགས། ༼མ༽ ཚན་གྲངས་ ༡༢ ལྡེབ་ ༣༣༠ན༦ ནས་ ༣༣༣ན༦ བར་ཡིག་ཕྲེང་ ༤༡ ཚེག་ཁྱིམ་ ༡༦༩༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼མ༽ ཚན་གྲངས་ ༡༢ ལྡེབ་ ༣༤༠ན༥ ནས་ ༣༤༢བ༦ བར་ཡིག་ཕྲེང་ ༣༧ ཚེག་ཁྱིམ་ ༡༦༩༦ ག༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ པ། ཤོག་གྲངས་ ༡༥༩༩ ནས་ ༡༦༠༤ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ ༡༡༦ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༨༡༢

[2] གཞུང་ཚད་ཀྱི་དབང་གིས་ཤེར་ཕྱིན་སུམ་བརྒྱ་པར་ཡང་གྲགས་ལ། འདི་ཉིད་བོད་སྔ་རབས་པ་དག་ཤེར་མདོ་ལ་ཡུམ་སྲས་ཀྱི་དབྱེ་བས་སྲས་བཅུ་གཅིག་ཏུ་བགྲང་བའི་ནང་ཚན་ཞིག་ཡིན་པར་མ་ཟད། བོད་དུ་འགྱུར་སྔ་ཞིང་བོད་རིགས་སེར་སྐྱ་མང་པོས་རྒྱུན་དུ་ཁ་བཏོན་དུ་བྱ་བ་དང་། གླེགས་བམ་དུ་བྲིས་པའི་མདོ་སྡེ་འགྲོ་དོན་དར་ཁྱབ་ཤིན་ཏུ་ཆེ་བ་ཞིག་ཀྱང་ཡིན།

[3] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༥ ནས་ ༡༥༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *