བདུན་པ། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་སྒྲ་སྒྱུར་མཛད་པ་པོའི་ལོ་པཎ།

བདུན་པ། པཎ་གྲུབ་གསུང་འབུམ་སྒྲ་སྒྱུར་མཛད་པ་པོའི་ལོ་པཎ།

 

ཀ༽ པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་རྣམས་ལེགས་སྦྱར་ནས་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་རྒྱ་གར་གྱི་པཎྜི་ཏ་རྣམས་ནི། ༡ རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང་། ༢ རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ། ༣ རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། ༤ རྒྱ་གར་གྱི་མཁན་པོ་ཏི་ལ་ཀ ༥ རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ། ༦ རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དྷརྨ་བཛྲ། ༧ པཎྜི་ཏ་འབུམ་ཕྲག་གསུམ་པ།

༨ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས། ༩ པཎྜི་ཏ་ཨ་བྷ་ཡཱ་ཀ་ར། ༡༠ རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ན་བཛྲ། ༡༡ རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང་། ༡༢ དེའི་དབོན་པོ་མནྟྲ་ཀ་ལ་ཤ ༡༣ རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ། ༡༤ རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ། ༡༥ རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ། ༡༦ རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཨཱ་ཀ་ར་ཤྲཱི་བྷ་དྲ། ༡༧ རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ། ༡༨ རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ། ༡༩ པཎྜི་ཏ་གུ་རུ་པདྨ་འབྱུང་གནས། ༢༠ བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས། ༢༡ དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན། ༢༢ རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི། ༢༣ རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས། ༢༤ རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ། ༢༥ རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན། ༢༦ རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ། ༢༧ རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས། ༢༨ རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས། ༢༩ པཎྜི་ཏ་ཆོས་ཀྱི་སྡེ། ༣༠ པཎྜི་ཏ་དོན་ཡོད་རྡོ་རྗེ། ༣༡ རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེ། ༣༢ རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས། ༣༣ རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རེནྟྲའི་ཞལ་སྔ་ནས། ༣༤ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས། ༣༥ པཎྜི་ཏ་བི་བུ་ཏི་ཙནྟྲ། ༣༦ རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ། ༣༧ རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས། ༣༨ རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར། ༣༩ ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ། ༤༠ རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། ༤༡ རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི། ༤༢ རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། ༤༣ རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ། ༤༤ རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི། ༤༥ རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ། ༤༦ རྒྱ་གར་གྱི་པཎྜི་ཏ་ཡེ་ཤེས་སྙིང་པོ། ༤༧ རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ། ༤༨ རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ། ༤༩ རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ། ༥༠ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། ༥༡ པཎྜི་ཏ་བུདྡྷ་ཀ་ར་བྷ་དྲ། ༥༢ པཎྜི་ཏ་སྨྲིཏི་ཛྙཱ་ན་ཀཱིརྟི། ༥༣ པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ན། ༥༤ ཨཱ་ཙཱརྱ་ཛྙཱ་ན་ཀ་ར། ༥༥ པཎྜི་ཏ་ཆེན་པོ་མ་ཧཱ་ཀཱ་རུ་ཎ། ༥༦ རྒྱ་གར་གྱི་མཁན་པོ་རྡོ་རྗེ་གདན་པ། ༥༧ རྒྱ་གར་གྱི་མཁན་པོ་སཱུཀྵྨཱ་ཛ་ན། ༥༨ རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། ༥༩ རྒྱ་གར་གྱི་མཁན་པོ་ཆེན་པོ་རྒྱལ་བ་མཆོག ༦༠ བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ། ༦༡ རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནཱ་ཀ་ར་བ། ༦༢ པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། ༦༣ རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ། ༦༤ རྒྱ་གར་གྱི་མཁན་པོ་སཱུཀྵྨ་ཛཱ་ན། ༦༥ བྲམ་ཟེ་རིན་ཆེན་རྡོ་རྗེ། ༦༦ བྲམ་ཟེ་ཆེན་པོ་སད་ཛཱ་ནའི་སྲས། ༦༧ པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར། ༦༨ པཎྜི་ཏ་ཤཱནྟ་དེ་བ། ༦༩ རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི། ༧༠ རྒྱ་གར་གྱི་མཁན་པོ་དྷརྨ་རཱ་ཛ། ༧༡ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་གོ་ཏ་མ་ཤྲི། ༧༢ རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ། ༧༣ སློབ་དཔོན་བོ་དྷི་ས་ཏྭ། ༧༤ རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ། ༧༥ རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ། ༧༦ རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ། ༧༧ རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི། ༧༨ རྒྱ་གར་གྱི་མཁན་པོ་ཀུ་མ་ཤི་པ་ཏྲ། ༧༩ རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སི་ཾཧ། ༨༠ རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་ཝེནྡྲ་བྷ་དྲ། ༨༡ རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲཱི་བྷ་དྲ། ༨༢ མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ན། ༨༣ རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན། ༨༤ རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ། ༨༥ རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི། ༨༦ མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ། ༨༧ པཎྜི་ཏ་རབ་འབྱོར་ཞི་བ། ༨༨ རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ། ༨༩ རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་། ༩༠ རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛ་ནཱར་དྷ་ན། ༩༡ རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་དཔལ་གོ་མི་འཆི་མེད། ༩༢ རྒྱ་གར་གྱི་པཎྜི་ཏ་ཞི་བ་བཟང་པོ། ༩༣ པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ། ༩༤ རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལངྐར་དེ་བ། ༩༥ རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ། ༩༦ པཎྜི་ཏ་རྒྱལ་བ་ཀུན་དགའ། ༩༧ རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ། ༩༨ རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་། ༩༩ རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར། ༡༠༠ རྒྱ་གར་གྱི་མཁན་པོ་པཎྜི་ཏ་གངྒཱ་དྷ་ར། ༡༠༡ རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ན། ༡༠༢ རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ཙཱརྱ་ཨཱནནྡ། ༡༠༣ རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་ཞལ་སྔ་ནས། ༡༠༤ པཎྜི་ཏ་ཆེན་པོ་རྣལ་འབྱོར་ཟླ་བ། ༡༠༥ རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ། ༡༠༦ རྒྱ་གར་གྱི་མཁན་པོ་པཎྜི་ཏ་གསེར་གྱི་ཆོ་ག ༡༠༧ པཎྜི་ཏ་ཆེན་པོཤཱནྟཱ་ཀ་ར་གུཔྟ། ༡༠༨ པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ། ༡༠༩ རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ། ༡༡༠ རྒྱ་གར་གྱི་པཎྜི་ཏ་ནིརྦ་ན། ༡༡༡ རྒྱ་གར་གྱི་པཎྜི་ཏ་རཏྣ་ཕ་ལ། ༡༡༢ རྒྱ་གར་གྱི་པཎ་ཆེན་ཟླ་བ་གཞོན་ནུ། ༡༡༣ རྒྱ་གར་གྱི་པཎྜི་ཏ་པྲ་ཛྙཱ་དེ་བ་བཅས་ཁྱོན་བསྡོམས་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༡༡༣ ཡོད་ལ། སོགས་སྒྲ་ལན་གཉིས་བྱུང་བའི་སོགས་ཁོངས་སུ་པཎྜི་ཏ་གང་དག་ཡོད་མེད་ཞུ་སྤོབས་བྲལ་བ་བཅས་སོ།།

ཁ༽ ཁ་ཆེའི་པཎྜི་ཏར་མཚོན་ན། ༡ ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང་། ༢ ཁ་ཆེའི་མཁན་པོ་མ་ཧཱ་སུ་མ་ཏི། ༣ ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ། ༤ ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པ། ༥ ཛྙཱ་ན་ཀུ་མཱ་ར། ༦ ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ། ༧ ཁ་ཆེའི་པཎྜི་ཏའི་ཞལ་སྔ་ནས། ༨ ཁ་ཆེའི་མཁན་པོ་ཀ་ཎ་ཀ་བ་ར་མ། ༩ ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ ༡༠ ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ། ༡༡ ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ། ༡༢ ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན། ༡༣ ཁ་ཆེའི་མཁས་པ་པཎྜི་ཏ་ཤྲཱི་སུཾ་བྷུ་ཏི་ཤནྟི་ལ་བཅས་ཁ་ཆེའི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༡༣ ཡོད།

ག༽ ལིའི་མཁན་པོ་སུ་རེནྡྲཱ་ཀ་ར་པྲ་བྷཱ། ང༽ བལ་པོའི་པཎྜི་ཏ་ཇི་ཡོད་ནི། ༡ བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་། ༢ བལ་པོའི་པཎྜི་ཏ་རཱ་མ། ༣ བལ་པོ་རྫོང་གི་རྒྱལ་པོ་བླ་མ་པཎྜི་ཏ་བུདྷ། ༤ ཤྲི་ཛྙཱ་ནའི་ཞལ་སྔ་ནས། ༥ བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟི་བྷ་དྲ་དང༌། ༦ བལ་པོའི་པཎྜི་ཏ་དཔལ་ས་དབང་བཟང་པོའི་ཞལ་སྔ་ནས་བཅས་བལ་པོའི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༦ ཡོད། ཅ༽ རྒྱའི་ལོ་ཙཱ་བར་མཚོན་ན། ༡ རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་དང་། ༢ རྒྱའི་དགེ་བཤེས་སིང་གྱང་ཇུས་གཉིས་བཅས་སོ།།

ཆ༽ བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ནི། ༡ ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས། ༢ ལོ་ཙཱ་བ་གླང་དཔལ་གྱི་སེང་གེ །༣ ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ། ༤ ལོ་ཙཱ་བ་སཱུརྱ་ཀཱིརྟི། ༥ ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས། ༦ ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ། ༧ ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས། ༨ རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན། ༩ ལོ་ཙཱ་བ་འབྲོ་ཤེས་རབ་གྲགས། ༡༠ ལོ་ཙཱ་བ་རབ་ཞི་བཤེས་གཉེན། ༡༡ ལོ་ཙཱ་བ་དིང་རི་ཆོས་གྲགས། ༡༢ ལོ་ཙཱ་བ་ཡར་ལུང་པ་སེངྒེ་རྒྱལ་མཚན། ༡༣ ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་པ། ༡༤ ལོ་ཙཱ་བ་ཆེན་པོ་ཁུ་མདོ་སྡེ་འབར། ༡༥ ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས། ༡༦ ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ། ༡༧ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས། ༡༨ ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི། ༡༩ ལོ་ཙཱ་བ་དགེ་ཚུལ་ནམ་མཁའ་རྡོ་རྗེ། ༢༠ ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ། ༢༡ ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས། ༢༢ ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས། ༢༣ རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ། ༢༤ ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ། ༢༥ ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོ། ༢༦ ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ། ༢༧ ཨཱརྱ་རྒྱལ་མཚན་རྣམ་གྲོལ་ལགས། ༢༨ ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོ། ༢༩ ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། ༣༠ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། ༣༡ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་། ༣༢ ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས། ༣༣ ལོ་ཙཱ་བ་དབས་མཉྫུ་ཤྲཱི། ༣༤ ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར། ༣༥ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི། ༣༦) བ་རི་ཆོས་གྲགས། ༣༧) བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ༣༨ ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས། ༣༩ ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ། ༤༠ ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ༤༡ ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། ༤༢ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ༤༣ ལོ་ཙཱ་བ་འཕགས་པ་ཤེས་རབ། ༤༤ ལོ་ཙཱ་བ་རྨ་བན་ཆོས་འབར། ༤༥ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ། ༤༦ ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་བ། ༤༧ ལོ་ཙཱ་བ་ཐར་ལོ་ཉི་མ་རྒྱལ་མཚན། ༤༨ འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ༤༩ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ། ༥༠ འགོས་ལོ་ཁུག་པ་ལྷས་བཙས། ༥༡ ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ། ༥༢ ལོ་ཙཱ་བ་ནམ་མཁའ་སྐྱོང་། ༥༣ ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ། ༥༤ ཨོང་པོ་ལོ་ཙཱ་བ། ༥༥ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ༥༦ རྨ་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད། ༥༧ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ༥༨ གནུབས་ལོ་ཙཱ་བ་བྱམས་པའི་དཔལ། ༥༩ ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ། ༦༠ ལོ་ཙཱ་བ་བནྡེ་བཟང་སྐྱོང་། ༦༡ ལོ་ཙཱ་བ་ལྷ་བཙུན་ཆོས་ཀྱི་རིན་ཆེན། ༦༢ ལོ་ཙཱ་བ་བནྡེ་རྨ་རིན་ཆེན་མཆོག །༦༣ ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀ །༦༤ ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན། ༦༥ ལོ་ཙཱ་བ་མར་ཐུང་དད་པ་ཤེས་རབ། ༦༦ ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོ། ༦༧ ལོ་ཙཱ་བ་འཇམ་དཔལ་གཞོན་ནུ། ༦༨ ལོ་ཙཱ་བ་ཡར་ལོ་གྲགས་པ་རྒྱལ་མཚན། ༦༩ ལོ་ཙཱ་བ་དགེ་བཤེས་སྟོན་གཞོན། ༧༠ ལོ་ཙཱ་བ་དྲན་པ་ནམ་མཁའ། ༧༡ ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད། ༧༢ ལོ་ཙཱ་བ་གཉན་དར་མ་གྲགས། ༧༣ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས། ༧༤ ལོ་ཙཱ་བ་ཅོག་གྲུ་ཏིང་འཛིན་བཟང་པོ། ༧༥ ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན། ༧༦ ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། ༧༧ ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ༧༨ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ༧༩ ལོ་ཙཱ་བ་ཤོང་བློ་གྲོས་བརྟན་པ། ༨༠ ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད། ༨༡ ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས། ༨༢ ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏ། ༨༣ དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ༨༤ ལོ་ཙཱ་བ་ཁུ་དངོས་གྲུབ། ༨༥ གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། ༨༦ མར་པ་དོ་བ་ཆོས་ཀྱི་དབང་ཕྱུག །༨༧ གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ༨༨ ལོ་ཙཱ་བ་ཁུ་ནེ་ཙོ། ༨༩ ལོ་ཙཱ་བ་གླན་དར་མ་བློ་གྲོས་བཅས་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞལ་གྲངས་ ༨༩ ཡོད་ཅིང་། སོགས་སྒྲ་ལན་བཅུ་དྲུག་ཙམ་བྱུང་བའི་ཁོངས་སུ་ལོ་ཙཱ་བ་གང་དག་ཡོད་མེད་འདིར་འགོད་ཐབས་མ་གྱུར་པ་བཅས་སོ།།

སྤྱིར་བསྟན་འགྱུར་སྒྱུར་བ་པོར་རྒྱ་གར་གྱི་ལོ་པཎ་ཞལ་གྲངས་ ༢༨༨ དང་། ཁ་ཆེའི་ལོ་ཙཱ་བ་ ༢༩ བལ་པོའི་ལོ་ཙཱ་བ་ ༡༣ རྒྱ་ནག་གི་ལོ་ཙཱ་ ༢ ལི་ཡུལ་གྱི་ལོ་ཙཱ་བ་ ༡ བཅས་རྒྱལ་ཁབ་གཞན་གྱི་ལོ་ཙཱ་བ་ཁྱོན་བསྡོམས་ ༣༣༣ དང་། བོད་ཀྱི་ལོ་ཙཱ་བ་ ༢༣༣ བཅས་བསྟན་འགྱུར་སྒྱུར་བ་པོའི་ལོ་ཙཱ་བ་ཁྱོན་བསྡོམས་ ༥༦༦ ཡོད།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བློ་གྲོས་ཀྱི་རྩལ་དང་། ཤེས་རབ་ཀྱི་ཉིང་བཅུད་ལས་འཁྲུངས་པའི་གསུང་ཆོས་ཚན་གྲངས་ ༥༣༡ བཞུགས་པ་རྣམས་བོད་སྐད་དུ་བསྒྱུར་ཞུས་མཛད་པ་པོ་རྒྱ་གར་གྱི་པཎྜི་ཏ་ཞལ་གྲངས་ ༡༡༣ དང་། ཁ་ཆེའི་པཎྜི་ཏ་གྲངས་ ༡༣ བལ་པོའི་པཎྜི་ཏ་གྲངས་ ༦ བཅས་དང་། ལི་ཡུལ་གྱི་ལོ་ཙཱ་བ་ ༡ དང་། རྒྱའི་ལོ་ཙཱ་བ་ ༢། བོད་ཀྱི་ལོ་ཙཱ་བ་ ༨༩ བཅས་ཁྱོན་བསྡོམས་གོང་གསལ་རྒྱལ་ཁབ་ཁག་དྲུག་གི་ལོ་པཎ་གྲངས་ ༢༢༤ ཙམ་གྱིས་ལེགས་སྦྱར་གྱི་སྐད་དང་། རྒྱའི་སྐད། ལི་ཡུལ་བཅས་སྐད་རིགས་གསུམ་ནས་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པའོ།།

ལེགས་བཤད་བསྟན་བཅོས་དེ་དག་གི་ཁྲོད་དུ་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༤༢༩ དང་། རྒྱ་གར་སྐད་མི་གསལ་བ་ཆོས་ཚན་གྲངས་ ༡༠༠ དང་། འགྱུར་བྱང་གསལ་བའི་བསྟན་བཅོས་ ༤༢༡ དང་། འགྱུར་བྱང་མེད་པའི་ཆོས་ཚན་གྲངས་ ༡༠༨ མཆིས། ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་བསྟན་བཅོས་ ༡༡༣ དང་། མ་དཔེའི་ཆ་ཤས་བཞུགས་པ་ ༣༢ བསྐྱར་གསོའི་ངོ་བོར་བཞུགས་པ་ ༣༩ ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པ་རྩ་བརླག་ཏུ་སོང་བ་ ༣༥༢ བཅས་ཡོད་ལ། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བསྟན་འགྱུར་གཅིག་པུར་མཁས་གྲུབ་གཞན་གྱིས་མཛད་པའི་བསྟན་བཅོས་ཀྱི་རིགས་སྒྱུར་གཞུང་ ༦༨ དང་། རང་འགྱུར་ཆོས་ཚན་གྲངས་ ༦༧ བཅས་སྒྱུར་གཞུང་ཁྱོན་བསྡོམས་ ༡༣༥ བཞུགས་ཤིང་། དེ་མཚུངས་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་བསྒྱུར་བའི་སྒྱུར་གཞུང་ཡང་མང་དུ་མཆིས་སོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༡ ནས་ ༣༣༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *