ཁ༽ ལེགས་ལྡན་འབྱེད་ཀྱི་གསུང་གི་མཚན་བྱང་།

ཁ༽ ལེགས་ལྡན་འབྱེད་ཀྱི་གསུང་གི་མཚན་བྱང་།

 

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་བསྟན་བཅོས་རྣམས་བསྟན་འགྱུར་གྱི་རྒྱུད་དང་། དབུ་མ། འདུལ་བ་བཅས་སྡེ་ཚན་གསུམ་གྱི་ནང་དུ་ཆོས་ཚན་ ༩ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་གསུམ་སྟེ། ༡ སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་དང་། ༢ སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀཱ། ༣ རིམ་པ་ལྔ་པའི་དཀའ་འགྲེལ་བཅས་གསུམ་དང་།

གཉིས་པ་དབུ་མའི་སྐོར་ལ་ལྔ་སྟེ། ༡ དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། ༢ དབུ་མ་རིན་པོ་ཆེའི་སྒྲོན་མ་དང་། ༣ དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། ༤ དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། ༥ དབུ་མའི་དོན་བསྡུས་པ་བཅས་ལྔ་དང་། གསུམ་པ་འདུལ་བའི་སྐོར་ལ་གཅིག་སྟེ། ༡ སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཅས་ཁྱོན་བསྡོམས་ཆོས་ཚན་ ༩ བཞུགས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༠ ནས་ ༤༦༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *