ལ༽ མཁན་ཆེན་ཞི་འཚོའི་གསུང་གི་སྐོར། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་ལས[1]། འཇམ་དཔལ་དབྱངས་ཀྱིས་རྗེས་གཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་དེས་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །
མུ་མཐུད་ཀློགས།གསར་འཇུག
ར༽ མཁན་ཆེན་ཞི་འཚོའི་རྗེས་འཇུག་གི་སློབ་མ་གྲགས་ཅན།
ར༽ རྗེས་འཇུག་གི་སློབ་མ་གྲགས་ཅན། དེ་ཡང་འབའ་གཞུང་རིན་ཆེན་ཚེ་རིང་གིས་བརྩམས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས[1]། བོདྷི་ས་ཏྭའམ་མཁན་པོ་ཞི་བ་འཚོ་ནི་ཤར་བྷང་ག་ལའི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ཏེ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཡུལ་དུ་སྤྱན་དྲངས་ཏེ། བཻ་རོ་ཙ་ན་དང་། ངན་ལམ་རྒྱལ་བ་མཆོག་དབྱངས། གཙང་ལེགས་གྲུབ་སོགས་རབ་ཏུ་བྱུང་བས་སད་མི་མི་བདུན་དུ་གྲགས།
མུ་མཐུད་ཀློགས།༢༽ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་ཆེན།
༢༽ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་ཆེན། དེ་ཡང་མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་ལས[1]། རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་དཔལ་དབྱངས། །ཞིང་འདིར་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ། ། གངས་ཅན་བསྟན་པའི་ཤིང་རྟ་བཀའ་དྲིན་ཅན། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། ། ཞེས་བསྔགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། གནའ་རབས་བོད་དུ་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་བའི་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་ཡིན་ལ།
མུ་མཐུད་ཀློགས།༡༽ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས།
༡༽ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[1]། པདྨ་འབྱུང་གནས་ནི། མཁན་སློབ་ཆོས་གསུམ་གྱི་ནང་གསེས་དང་། ཨོ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་ཏེ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ཟ་ཧོར་གྱི་ཡུལ་དུ་བྱོན་ནས་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་མཚན་ཤཱཀྱ་སེང་གེར་གྲགས།
མུ་མཐུད་ཀློགས།ཡ༽ མཁན་སློབ་ཆོས་གསུམ་གྱི་གོ་རིམ།
ཡ༽ མཁན་སློབ་ཆོས་གསུམ་གྱི་གོ་རིམ། དེ་ཡང་མཁན་སློབ་ཆོས་གསུམ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། བོད་དུ་བཀའ་དྲིན་ཆེ་བའི་མཁན་པོ་དང་། སློབ་དཔོན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་གསུམ་ཡིན། དེ་གསུམ་གྱི་སྐུ་བརྙན་བཞེངས་སྐབས་ལུགས་མི་འདྲ་བ་གཉིས་ཡོད་པ་ལས། དང་པོ།
མུ་མཐུད་ཀློགས།འ༽ དབུ་ཚད་སེངྒེ་མཇིང་བསྣོལ་གྱི་སྲོལ་གཏོད་ཚུལ།
འ༽ དབུ་ཚད་སེངྒེ་མཇིང་བསྣོལ་གྱི་སྲོལ་གཏོད་ཚུལ། དེ་ཡང་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་པ་ནི། དབུ་མ་པས་དོན་དམ་སྒྲུབ་བྱེད་ཀྱི་རིགས་པ་དང་། ཚད་མ་པས་རྟགས་ཀྱི་རྣམ་གཞག་གཉིས་ཟུང་དུ་འབྲེལ་ནས་ཕྱིའི་ཕས་ཀྱི་རྒོལ་བ་གང་གིས་ཀྱང་མི་ཚུགས་པ་སྟེ། དཔེར་ན། སེངྒེ་གཉིས་མཇིང་པ་བསྣོལ་ནས་གནས་ཚེ་རྒྱབ་མདུན་གཉིས་སམ་ཕྱོགས་བཞིར་ལྟ་ཐུབ་པས་འཇིགས་པ་མཐའ་དག་སྲུང་ཐུབ་པ་ལྟར་ཡིན་པས་སེངྒེ་མཇིང་བསྣོལ་ཞེས་ཞུའོ།།
མུ་མཐུད་ཀློགས།ཟ༽ དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཚུལ།
ཟ༽ དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཚུལ། དེ་ཡང་དབུ་མའི་བྱུང་རིམ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ལས[1]། བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། །ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། ། དགུ་བརྒྱར་སེམས་ཙམ་སྲོལ་ཕྱེ་ཐོགས་མེད་ཀྱིས། །རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀྲལ། ། བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། ། དེ་རྗེས་ཞི་འཚོས་རང་རྒྱུད་གཉིས་པ་བྱས། །
མུ་མཐུད་ཀློགས།ཞ༽ བོ་དྷི་ས་ཏྭ་ཆེ་ཆུང་དང་། བདེན་གཉིས་དཀའ་འགྲེལ་མཛད་པ་པོ།
ཞ༽ བོ་དྷི་ས་ཏྭ་ཆེ་ཆུང་དང་། བདེན་གཉིས་དཀའ་འགྲེལ་མཛད་པ་པོ། དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྨན་བླའི་མདོ་ཆོག་གི་ཕྱག་འཚལ་སྐབས་སུ་འཇུག་རྒྱུའི་བརྒྱུད་རིམ་ལས[1]། བསྟན་པའི་རྩ་ལག་བོ་དྷི་སཏྭ་ཡི། །རིགས་དབོན་བོ་དྷི་སཏྭ་ཆུང་བའི་ཞབས། ། ཟ་ཧོར་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ། །དཱི་པཾ་ཀཱ་ར་རྣམས་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།ཝ༽ མཐའ་མའི་ཞལ་ཆེམས་དང་མྱ་ངན་ལས་འདའ་ཚུལ།
ཝ༽ མཐའ་མའི་ཞལ་ཆེམས་དང་མྱ་ངན་ལས་འདའ་ཚུལ། དེ་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་མཁན་སློབ་ཆོས་གསུམ་ལ་བསྟོད་པ་དད་པའི་མེ་ཏོག་ལས[1]། མཐའ་གཉིས་ལས་བསྐལ་ཞི་བའི་ཆུ་གཏེར་གྱི། །ལྦུ་ཕྲེང་ཚུལ་ཁྲིམས་གསུམ་པའི་འཛུམ་དཀར་ལས། ། རྒྱལ་བསྟན་རྙོག་མ་དྭངས་པའི་ཀེ་ཏ་ཀ །རིན་ཐང་ཆེན་པོར་བྱས་པ་ཁྱོད་ཀྱི་དྲིན། །
མུ་མཐུད་ཀློགས།ཛ༽ ལོ་ཙཱ་བ་གསོ་སྐྱོང་དང་བཀའ་བསྟན་སྒྱུར་ཚུལ།
ཛ༽ ལོ་ཙཱ་བ་གསོ་སྐྱོང་དང་བཀའ་བསྟན་སྒྱུར་ཚུལ། དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[1]། ཆོས་རྒྱལ་འཇམ་དབྱངས་རྒྱལ་པོའི་སྐུའི་སྤྲུལ་པ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། །ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན། །རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར། །ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[2]ཀྱང་།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



