༄༅། །རེག་པ་རྩའི་པྲ་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སྷོ།།[1]
(ཤོག་ ༡བ) ༄༅༅། །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ། །དྲང་སྲོང་བརྒྱུད་པས་རྒྱུད་ལ་བྱིན་བརླབས་ཤིང་། །ལུང་རིགས་མན་ངག་ཤེས་བྱའི་དཀྱིལ་འཁོར་ལ། །ཇི་བཞིན་རྟོགས་པའི་བློ་གྲོས་སྤྱན་ཡངས་པ། །བྲང་སྟི་དཔལ་ལྡན་མཚོ་[འཚོ]བྱེད་ཞབས་ལ་གུས་ཕྱག་འཚལ། །སྨན་གྱི་བླ་མ་ལ་ཕྱག་མཚལ[འཚལ]། །
གནས་ལྔ་དག་ལ་མཁས་པའི་ཀླུ་སྒྲུབ་ལ། །དྲང་སྲོང་ཉི་ཤུ་རྩ་གཅིག་གིས། །སྨན་གྱིས་[གྱི]དངོས་གྲུབ་ (ཤོག་ ༢ན) བྱིན་ནས་སུ། །གསོ་བའི་མཆོག་ཏུ་གྱུར་པ་ཡིས། །སྨན་སྤྱད་[དཔྱད]ཀུན་ལ་མཁས་བྱའི་ཕྱིར། །དྲང་སྲོང་མངོན་ཤེས་སྒྲུབ་པའི་ཐབས། །རྩ་དང་ཆུ་དང་ཕྱི་ཡི་ཡུལ། །ཀུན་ལ་མ་ལྟོས་ནད་ངོས་འཛིན། །མོ་དང་རྩིས་ལ་མ་ལྟོས་པར། །གདོན་ངོས་འཛུག་ཚུགས་འཛིན་པ་དང་། །རྒྱུད་གཞུང་མན་ངག་དཔེ་ལ་མ་ལྟོས་པར། །སྨན་སྦྱོར་མ་ལུས་ཤེས་དང་། །ལག་ལེན་ཉམས་ལ་མ་ལྟོས་པར། །གཏར་སྲེག་སྤྱད་[དཔྱད]རྣམས་ཤེས་པའི། །སྒྲུབས་[སྒྲུབ]པའི་མན་ངག་གདམས་པ་འདི། །དྲང་སྲོང་རྣམས་ཀྱིས་བདག་ལ་ཕུལ། །དེ་ལ་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ཡོད་པ་ལས།
གཙོ་བོ་སེར་སྐྱ་སྤུན་གསུམ་སྒྲུབ་ཐབས་འདི། །དང་པོ་མཎྜལ་ཟླུམ་པོ་གཅིག་བྱས་ལ། དེ་སྟེངས་[སྟེང]བུམ་པའི་ནང་དུ་ནི། །འབྲུ་ལྔ་སྙིང་པོ་ལྔ་སྤོས་བླུག །དེའི་གཡས་ཟེའུའི་ནང་། །བཟང་དྲུག་བསི་གསུམ་ཚ་བ་གསུམ། །རྣམ་པར་ཡུ་གུ་ཤིང་། །རྡོ་ཕ་བང་[ཝ]ལོང་བུ། །དཀར་པོ་ཅིག་[ཆིག]ཐུབ། སྨུག་པོ་གཅིག་[ཆིག]ཐུབ། སྦལ་རྒྱབ་དང་། རྩའུ་གཅིག་དང་སྤྲ་བ་བཞུག །གཡོན་དུ་གྲིར་ཤི་ངེས་པའི་སྲེ་ལོང་དང་། (ཤོག་ ༢བ) རྟ་དང་བ་གླང་གི་སྲེ་ལོང་སོགས། །ཕོ་རོག་འུག་པའི་མིག་དག་དང་། །དེ་རྣམས་མེ་ལོང་ནང་དུ་ནི། །སྨན་པ་མཁས་པས་སྐྲས་དྲིས་ལ། །དེ་ཡང་དར་དྲིལ་ཚོན་སྐུད་སྣ་ལྔས་ཟེའུ་དང་སྦྲེལ་ལ་བཞག །དེ་ནས་རང་སྤོས་ཆུ་ནས་བཏོན་ལ། རང་ཉིད་དྲང་སྲོང་སེར་སྐྱ། ཕྱག་གཡས་ན་རྩའུ་བརྣམས་[བསྣམས]པ། །གཡོན་ན་བདུད་རྩིའི་བུམ་འཛིན་པ། དེའི་གཡོན་པ་དུ་ཅུང་[གཅུང]པོ་ཁྱེའུ་ཆུང་སྔོ་སྐྱ། ཕྱག་གཡས་ཀཾ་པ་འཛིན་པ། གཡོན་ན་སྣང་སྲིད་མེ་ལོང་ལྟ་བ། གཡས་ན་ཁྱེའུ་ཆུང་དམར་སྐྱ་ནི། ཕྱག་གཡས་ནི་ཚོ་ཅི་ཡང་སྨྲ། གཡོན་ན་ཁྱེའུ་ཆུང་སྨྲ་མཁན་ཁྲིད་པ། དེ་ཡང་སྨྲ་བར་བྱེད་པའོ།།
རྩ་བའི་སྔགས་ནི་འདི་ལྟ་སྟེ། ཏདྱ་ཐཱ། མཧཱ་བེ་ཤཾ་རྩེ། རཏྣ་བེ་ཤང་རྩེ། ཨུ་ཨ་བེ་ཤཾ་རྩེ། ཨ་སྨྲི་ཏ་བི་ལ་སེ་ཏི་ཛ་ཧཱཱུཾ་བྲེང་ཧཱུཾ། ཡྲི་ཏི་སྭཱཧཱ། ཞེས་ངག་བཅད་ལ་སྟོང་ཟླས[བཟླས]། ཁྲིས་[ཁྲི]ཟླས་[བཟླས]སོ། །དེ་ཡིས་སྲེ་ལོང་བ་འགུལ་བ་དང་། འཁྲབ་པ་དང་། མེ་ལོང་མདོག་འགྱུར་བ་དང་། མིག་འགུལ་བ་དང་། ཟེའུ་སྨན་ཁོལ་བ་དང་། མང་དུ་འཕེལ་བ་དང་། ཟེའུ་འགུལ་བ་རྣམས་གཅིག་མི་འོང་མི་སྲིད་དོ། །མི་མ་ཡིན་མང་པོ་རྩ་སྟོན་དུ་འོང་། བར་ཆད་ཡིན་པས་ (ཤོག་ ༣ན) དྲན་བས་[པས]ཟིན་ལ་མི་རེག་པར་བྱའོ། །སྔོན་ལ་སྲེ་ལོང་འགུལ་ན། སྔགས་འདི་ཤམ་བུར་གདགས་སོ། །ཙག་ཤུ་ཙག་ཀྲུ་སྲ་སིན་པྲ་བེ་ཙེ་རྦད་རྦད་པྲ་བ་ཙི་ཏི། ཞེས་གདགས་སོ།།
མེ་ལོང་མདོག་འགྱུར་ཡོང་། མདོག་མ་འགྱུར་ཚེ་བཟླས་སོ། །མེའི་མདངས་ཙམ་ཡོང་། མི་འགྱུར་བ་དང་། སྨན་མ་ཁོལ་འདི་བཟླས། ཨེ་སྨི་ཏ་ཧྲི་བེ་ཤཾ་རྩེ་སིདྡྷི་གྷི་ནི་མི་ཤ་ཏྲི། ཅེས་གདགས་སོ། །སྲེ་ལོང་པ་མི་འགུལ་མི་ཁྲབ་[འཁྲབ]ན། ཏྲེའུ་བེུ། ཏྲི་ཤཾ་ཤཾ་ཐེན། ཀྲུཾ་ཀྲུཾ་ཅེས་གདགས་སོ། །རྟགས་སྔོན་མ་གཙོར་བཟུང་ལ་ཤམ་བུས་བསྒྱུར་རོ། །རྟགས་མ་ཚང་བར་དུ་སྒྲུབ་བོ། །རྟགས་གསུམ་ཚང་བ་དང་། རང་ཁྲུས་བྱས་ལ། རྫས་དར་དྲིལ་ལ་ཟིའུ་གཡས་སུ་བཅང་། སྲེ་ལོང་པ་དར་དུ་དྲིལ་ལ་གཡོན་དུ་བཅང་། སྔགས་བཞི་དྲིལ་ལ་ད་རུང་དྲག་ཏུ་སྒྲུབ་བོ། །གཞུག་དྲང་སྲོང་སེར་སྐྱ་འོང་སྟེ། ཁྱེ་[ཁྱེའུ]ཆུང་དུ་བྱས་ནས་འོང་ངོ་། །སྨན་དྲི་ཆིལ་བྱུང་ན། དྲང་སྲོང་ཡིན་པས་ཆད་བྱ། རང་གི་ལག་པ་རེག་བྱས་ལ། མཚོ་[འཚོ]བྱེད་ཀྱི་དངོས་གྲུབ་ཞུ་བྱའོ།།
ཕུག་རོན་གྱི་སྒོ་ང་གཅིག་ཕྱག་རྟན་[རྟེན]དུ་དབུལ་ལོ། །བསེ་དྲི་བྱུང་ན་བར་ཆད་ཡིན་པས་དགེགས་[བགེགས]སྐྲད། སྔགས་རེ་ལ་ (ཤོག་ ༣བ) བཟླས་སོ། །དེ་ནས་དྲང་སྲོང་གིས་ཁྱེ་[ཁྱེའུ]ཆུང་གཉིས་བདག་ལ་འབོགས་ཏེ། ཁོང་གི་སྲས་གཉིས་ཀྱིས། རང་གི་རྣ་བ་གཉིས་སུ་ཅི་འདོད་བཤད་དུ་འོང་ངོ་། །རང་གི་ཡིད་ལ་མངོན་ཤེས་ཆར་བ་དང་། རྣ་བས་ཐོས་པ་དང་། མིག་གིས་གདོན་རྣམས་མཐོང་བ་དང་། གསོ་བའི་ཤེས་རབ་ཕྱོགས་མེད་འཆར་ཅིང་[ཞིང]རྟོགས་པ་དང་། ནད་གདོན་འཛུག་ཚུགས་ཟིན་པ་དང་། མཚོ་[འཚོ]འཆིའི་དུ་འདེབས་པ་ལ་མཁས་པར་འགྱུར་རོ། །སྨན་སྤྱད་[དཔྱད]རིམས་[རིམ]གྲོ་འབྲོགས་[སྒྲོག]པ་ལ་མཁས། དམ་ཚིག་ཏུ་སྒྲུབ་པའི་དུས་སུ། ཤ་ཆང་སྒོང་[སྒོ]ང་། སྒོག་པ་བུད་མེད་སྤང་[སྤངས]། གཙང་སྦྲ་དང་སྙིང་རྗེ་ལ་གནས་པར་བྱ། དྲང་སྲོང་མི་འདྲ་བ་ཉི་ཤུ་རྩ་གཅིག་ལ། སྒྲུབ་ཐབས་མི་འདྲ་བ་ཉི་ཤུ་རྩ་གཅིག་ཡོད། དེ་རྣམས་ཀྱིས་[ཀྱི]ནང་ནས་དངོས་གྲུབ་ཆེ་ལ་སྒྲུབ་ཐག་ཉེ་བ་ནི། དྲང་སྲོང་སེར་སྐྱ་སྤུན་གསུམ་གྱི་སྒྲུབ་ཐབས་འདི་ཟབ་པས་གསང་ངོ་། །འོན་ཀྱང་འདི་གཙོ་བོ་ཡིན། དྲང་སྲོང་གཞན་རྣམས་ཀྱི་[ཀྱིས]སྔགས་ཤེས་ཅིང་གྲུབ་[ཤིང་བསྒྲུབས]ན། འདིའི་ཤམ་བུ་[བུར]བཏགས་ན་འདིའི་གྲོགས་སུ་འགྱུར་ཞིང་། དྲང་སྲོང་བཀྲག་འཐབས་ནས་སྟོན་རེས་བྱེད་པས། དངོན་[མངོན]ཤེས་ཤིན་དུའང་[ཏུའང]གསལ་ལོ། །མིའི་སྲེ་ལོང་པས་མི་རྩ་རྒྱང་ནས་གསལ་བར་ཤེས་པ་དང་། རྟ་དང་བ་གླང་གི་སྲེ་ལོང་ (ཤོག་ ༤ན) པས་རང་གི་སྤྱད་[དཔྱད]ལ་མཁས། མིག་གཉིས་ཀྱིས་ལྷ་སྲིན་བསྡེ་[སྡེ]བརྒྱད་མཐོང་པར་[བར]བྱེད་དོ། །གུ་རུ་ན་ག་ཛུ་ནས་ཤིན་དུ་[ཏུ]ཟབ་པར་དགོངས་ནས། པདྨ་འབྱུང་གནས་ལ། དེས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། དེས་གནམ་སྟེངས་བཅུ་གསུམ་ཀ་ཤུའི་ནང་དུ་སྦས། དེས་བྲང་ཏི་རྒྱལ་མཉེས་མཁར་བུས་སྟོན་ནས་སྒྲུབ་[བསྒྲུབས]པས་གྲུབ་ཅིང་རྟགས་ཐོན་པའོ། །དེ་ནས་རིམས་[རིམ]པར་བརྒྱུད་དེ་བྲང་ཏི་འཇམ་དཔལ་བཟང་པོ། དེས་བྲང་ཏི་རྒྱལ་བ་བཟང་པོ། དེས་བྲང་ཏི་དཔལ་ལྡན་མཚོ་[འཚོ]བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས་ནས། བུ་དང་སློབ་མའི་དོན་དུ་གབ་སྦས་སེར་སྣ་སྤང་[སྤངས]ནས་ཡི་གེར་བཀོད་པ་ཨྠི།། །།
སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །དྲང་སྲོང་བཞིའི་སྒྲུབ་ཐབས་འདི། བདེ་གཤེགས་ཐུགས་རྗེས་སྤྱན་གྱིས་གསུངས། འདི་སྒྲུབ་ཐབས་གནས་དབེན་བར[པར]། སྨན་གྱི་ལྷའི་[ཡི]སྐུ་གཟུགས་ལ། །ཕྱག་དང་མཆོད་པ་རྟག་ཏུ་དབུལ། ས་དང་ལྕི་བ་སྲེས་པ་ཡི། །མཎྜལ་ཁྲུ་གང་ཟླུམ་པར་བྱ། །གླིང་དྲོའི་བཟངས་པ་ཆུས་བླུག །གུར་གུམ་ཐིག་ལེ་ལྔ་བྱས་ཏེ། །དབུས་སུ་རིན་ཆེན་བུམ་པ་བཞག །སྨན་དང་རྒྱན་ལ་སོགས་པ་ཡང་། །དེ་བཞིན་རིམས་[རིམ]པས་གཞག་པར་བྱ། །དེ་ནས་སྨན་བླ་གཡས་ (ཤོག་ ༤བ) སུ་སྒོམས་[བསྒོམས]ལ། སྔགས་འདི་ལན་བདུན་བཟླས་པར་[བཟླ་བར]བྱ། ཨོཾ་བཛྲ་བེ་ཤ་ཛེ། མཧཱ་བེ་ཤ་ཛེ། ས་བདུན་དྷ་ཧཱཱུཾ། དེ་ནས་ཤར་ལྷོ་ནུབ་བྱང་བཞིར། །དྲང་སྲོང་སེར་སྐྱ་དམར་དང་། །སྔོ་སྐྱ་དཀར་སྐྱ་གསལ་བར་སྐྱེད། །གུར་གུམ་ཐིག་ལེ་སྙིང་ཁར་བྱུག །སྔགས་འདི་ཁྲིའམ་འབུམ་དུ་བཟླས། །ཨོཾ་རི་ཤི་ག་ན། ག་ཤི་སུ་རི་ཀྲཾ་པ་ཡེ། ར་ན་ཁྲི། ས་རི་ནི་ཡེ། ཀུ་རི་སུ་མ་ལཾ། དེ་ནས་ལྷ་དེས་རིམས་[རིམ]བཞིན་སྟོན། །མ་བསྟན་ན་ཡང་ལན་གཅིག་སྐྱར། །དེས་ནི་ཐེ་ཚོམ་མེད་པའོ། །དེ་ནས་འགྲོ་དོན་བྱེད་པའི་ཚེ། །ནང་པར་རྟག་ཏུ་སྔགས་འདི་བརྗོད། །ཨོཾ་ཤཾ་པ་རོ་ཟཱོ་ལི། སཾ་པ་རི་གུ་མི་པྲ་མ་ཡ། དེ་ནས་འགྲོ་དོན་འབད་དེ་སྒྲུབ། །དེ་ནས་གཞན་དང་འཕྲད་པའི་ཚེ། །ཏི་ནི་འདི་དང་ལྡན་གྱུར་པས། །ལུས་པ་ཡོད་པའི་ནད་རིགས་ཀུན། །ནམ་མཁའི་འཇའ་བཞིན་ས་ལེ་མཐོང་། །སྔུན་མ་ལ་ཡང་དེ་བཞིན་རྟག །དེ་ནས་ནད་པའི་རྩར་སྡད་[བསྡད]ལ། །སྔགས་འདི་ཡིད་ཀྱིས་ལན་གསུམ་བཟླས། །མ་ཡེངས་རྩེ་གཅིག་རྩ་བལྟས་པས། །འཚོ་འཆི་འདྲེ་དང་མྱ་ངན་དང་། །ན་དང་མི་ན་གོད་ཁ་གདོན། །དབང་ཐང་ཚེ་ནི་རིང་ཐུང་དང་། །ལེགས་ཉེས་རྣ་བའི་ནང་དུ་སྟོན། །དེ་ནི་སྨྲ་བར་མ་གྱུར་ཀྱང་། །རྨི་ལམ་ཉམས་སྣང་ས་ལེར་འབྱུང་། ། (ཤོག་ ༥ན) སྨན་བླ་དྲང་སྲོང་སྒྲུབས་ཐབས་འདི། །འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད། །འདི་ཉིད་སྒྲུབ་པའི་གང་ཟག་ལ། །དྲང་སྲོང་དྲུག་བཅུ་[ཅུ]རྩ་གཉིས་ཀྱིས། །རྟག་ཏུ་བུ་བཞིན་དགོངས་པར་མཛད། །དྲང་སྲོང་གི་རྩ་སྒྲུབ་རྟག་སྒོམ་མངོན་ཤེས་ཅན་བརྒྱུད་པ། བསྟོད་ལུངས་[སྟོད་ལུང]ཡོག་ཐང་གི་མུ་དོ་ཚུལ་ཤེ་ལ། བྲང་ཏི་རྒྱལ་བ་བཟང་པོས་ཞུས། དེ་ལ་བྲང་ཏི་དཔལ་ལྡན་མཚོ་[འཚོ]བྱེད་ཀྱིས་ཞུས། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས་སོ་ཨྠི།། །།
༈ སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །རྩའི་སྤྲ་[པྲ]སྒྲུབ་ཆེ་ཆུང་གི་མན་ངག་ལ། །དང་པོ་སྨན་གྱི་ལྷ་མོ་སྤུན་གསུམ་གྱི་རྩའི་སྤྲ་[པྲ]སྒྲུབ་པར་འདོད་ན། གནས་ཡིད་དང་ཐུན་[མཐུན]པར་མཎྜལ་ཁྲུ་གང་གྲུ་བཞི་སྒོ་བཞི་བྱས་ལ། དབུས་སུ་པདྨ་འདབ་བརྒྱད་བྱ། །དེའི་གེ་སར་ཤིང་སྟག་པ་ལ་བྱས་པའི་བུ་ཆུང་ཚོན་གང་བ་གཅིག་བཞག །དེ་ལ་དར་དཀར་གྱི་རལ་ཁ་བཀོན་ལ་སྨན་སྣ་ཚོགས། དར་སྣ་ལྔ། ཨ་རུ་ར་གསུམ། རྩའམ་རྐང་གི་གླིང་བུ་གཅིག་གཞག་གོ །དེ་ནས་སྐ་[སྐད]ཅིག་གིས་སྟོང་པར་བསམ་ལ། དེའི་ངང་ལས་བདག་ཉིད་སངས་རྒྱས་སྨན་གྱི་ལྷ་གཡས་སྨན་གྱི་ལྷུང་བཟེད། གཡོན་སྨན་གྱི་གླིང་བུ་བསྣམས་པ། རིན་པོ་ཆེའི་ (ཤོག་ ༥བ) རྒྱན་གྱིས་བརྒྱན་པར་སྒོམ། དེ་ནས་བདག་གི་མདུན་དུ་སྨན་གྱི་ལྷ་མོ་སྐུ་མདོག་དཀར་པོ་གསུམ་བསྐྱེད། གཡས་གསུམ་ན་གླིང་བུ། གཡོན་གསུམ་ན་ཨ་རུ་ར་གསེར་མདོག་བསྣམས་པ། དེ་གསུམ་གྱི་བདག་གི་དོན་སྒྲུབ་པར་བསྒོམ་མོ། །དེ་ནས་སྔགས་འདི་ཞག་གསུམ་བཟླས་སོ། །ཨོཾ་ཙ་མུན་ཏ་ཧྲི་ཏ་ས་མ་ཡ་དུན་བྷྱོ། ཨ་མ་རྩི་ར་ངུ་མ་རྩི་ར་ཧྲིལ་ལ་ཕོབ། སྲིད་པ་ཤོད། སྲིད་པ་སྟོན། མ་མ་ཏྲིང་ཏྲིང་ཛ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། ཏྲི་མ་ཏྲི་མ། ཏྲིའུ་ཏྲིའུ་ཛ། སྲིད་པ་སྟོན་ཞེས་པ་ཁྲི་ཚོ་གཅིག་བཟླས་པས། ངས་ཅི་བྱ་ཟེར་བ་དང་། ནད་ཀྱིས་[ཀྱི]རྒྱུ་རྐྱེན་འདི་ཡིན་ཟེར་བ་དང་། སྒྲ་ལྷང་ལྷང་པ་[བ]འོང་། །དེ་བྱུང་པ་དང་སེམས་ཅན་རྣམས་ཀྱི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བདག་གིས་བང་ཆེན་པའི་ལག་པའི་རྩ་བ་བཟུང་ཙམ་གྱི་[གྱིས]ཤེས་པར་བསྟོན་[སྟོན]ཅིག །ཅེས་བརྗོད་དེ། སྔགས་འདི་ཞག་གསུམ་དུ་བཟླས་སོ། །ཨོཾ་སི་ཏི་རུ་རུ་སིག །མ་མ་ཏྲིང་ཏྲིང་ཛ། ཞེས་བཏགས་ལ་བཟླས་སོ། །དེའི་དུས་སུ་འཇིག་རྟེན་པ་ཐམས་ཅད་ཅི་བསམ་པ་ཤེས་འོང་ངོ་། །དེའི་དུས་སུ་སྔགས། མ་མ་རྩི་ཏྲི་ཏྲི་སུ་བུ་ཛ། ཞེས་པ་འདི་བཏགས་ལ་བཟླས་སོ། །དེའི་དུས་སུ་ནད་གང་ཡིན་ཝལ་གྱིས་དྲན་ནས་འོང་ངོ་། །ལྷང་ཀྱིས་[གིས]ཐོས་ནས་འོང་ངོ་། །དེ་ནས་སྔགས་གསུམ་དྲིལ་ལ་ཞག་གསུམ་བཟླས་སོ། །དེའི་དུས་སུ་རྩ་ལྟ་བ་དང་མོ་འདེབས་པ་གང་བྱེད་ཀྱང་སྙིང་ (ཤོག་ ༦ན) གིས་དྲན་པ་དང་། རྣ་བར་ཐོས་ཏེ་འོང་ངོ་།།
དེ་ནས་ཤིང་སྟག་པའི་མི་ཆུང་དང་རྫས་ཚོ་དྲིལ་གོང་ཁུག་གཡས་སུ་བཞུག་[བཞག]། ཉིན་རེ་ལ་སྔགས་གསུམ་དྲིལ་བ་སྟོང་ཚོ་རེ་མ་ཆག་པར་བཟླས་སོ། །རྩ་ལྟ་བའི་དུས་སུ་ཨ་རུ་ར་ལ་བག་ཙམ་རེ་བཞར་[ཞར]ལ་མེ་དུ་བ་མེད་པ་ལ་བསྲེག །སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་བང་ཆེན་པ་དང་། ཕ་མ་བུ་ཚ་དང་། ཁྱོ་དང་ཆུང་མ་ལ་སོགས་པའི་ངོ་མཚར་གྱི་རྩ་བདུན་དང་ནད་གང་ཡིན་པ་དང་། སོས་མི་སོས་དང་། ཅི་ཕན་ཅི་གནོད་ཐམས་ཅད་སྟོན་ཅིག །ཅེས་ཡིད་ལ་བྱའོ། །དེས་ཐམས་ཅད་སྟོན་པར་འགྱུར་རོ། །ཨ་རུ་ཪ་མ་ཟད་བར་དུ་ནད་ངོས་མི་ཟིན་མི་སྲིད་དོ། །རྣ་བ་དལ་དུ་མི་སྟེར་བར་སྟོན་ན་སྟག་པའི་མི་ཆུང་ལ་ཞར་རེ་བསྲེགས་པས་ཉུང་དུ་སྟོན་པར་འགྱུར་རོ། །མི་ཟློས་པ་འདོན་ན་རྫས་ཚོ་ཆུ་ལ་བསྐྱུར། ཨ་རུ་ཪ་ཟད་ནས་མ་ཐོང་[མཐོང]ན་ཡང་བསྐྱར་ལ་བསྒྲུབ་པོ་[བོ]། །སློབ་དཔོན་བེ་[བཻ]རོ་ཙ་ནས་རྒྱ་ནག་ཡུལ་ནས་རྒྱུར་[བསྒྱུར]། དེ་ནས་གྲྭ་པ་དངོས་[མངོན]ཤེས། དེ་ནས་གཡུ་ཐོག་གྷོན་[མགོན]པོ་ནས་རིམས་[རིམ]པར་རྒྱུད་[བརྒྱུད]དེ་བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་མཚོ་[འཚོ]བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གི་[གིས]ཞུས། བུ་རྣམས་[རྣམ]རྒྱལ་དཔལ་ (ཤོག་ ༦བ) བཟང་པོའི་ཆེད་དུ་ཡི་གེར་བཀོད་པ། སྨན་གྱི་ལྷ་མོ་སྤུན་གསུམ་གྱི་སྒྲུབ་ཐབས་རྩའི་སྤྲ་[པྲ]བསྒྲུབ་[སྒྲུབ]རྫོགས་སྷོ། །ཨྠི།། །།
༈ མན་ངག་དངོས་ཀྱུས་[དཀྱུས]ན་གབ་པ་ཞལ་གདམས་ལག་ལེན་འཛུག་[མཛུབ]ཁྲིད་དུ་བསྟན་པ་ནི། སའི་སྟེགས་བུ་མདའ་གྲུ་བཞི་པ་གཅིག་གི་དབུས་སུ། ཁྱེའུ་ཆུང་གཙང་མས་བཀྲ་ཤིས་པའི་ཕྱོགས་ནས་བླངས་པའི་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པ་དབུས་ཐིང་[མཐིང]ཁར་ཡོད་པ་གཅིག་བྱ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་པ་གཅིག་བྱ། དེའི་ཕྱི་རོལ་དུ་[ཏུ]གཞལ་ཡས་ཁང་གྲུ་བཞི་རྟ་བབས་དང་བཅས་པ་གཅིག་བྲིས་ལ། རྡུལ་ཚོན་གྱིས་ཁ་དོག་གང་ལེགས་བསྒྱུར། པདྨའི་དབུས་སུ་སྨན་གྱི་ལྷུང་བཟེད་ཀྱི་ནང་དུ་གཞི་སྨན་ག་བུར། ཨྱི། ཨ་རུ་ར། དགུག་པའི་རྫས་གསུམ་ནི། རྒྱ་ཚ་གྷིང་གུར་གུར་གསུམ། དབང་དུ་བསྡུ་བའི་རྫས་གསུམ་ནི། ཀ་ར་བུ་རམ་ཤིང་མངར་གསུམ། འདྲེན་པའི་རྫས་བཟང་དྲུག་རྣམས་ལྷུང་བཟེད་དུ་བླུགས་ལ། དེའི་སྟེང་དུ་ཤིང་སྟག་པའི་ལ་[པ་ལས]བྱས་པའི་མི་ཆུང་མཚོན་གང་པ་སྐུ་མདོག་སྔོ་ལྗང་ལྟ་ན་སྡུག་པ། དར་དཀར་གྱིས་རལ་ཁ་དང་ཤམ་ཐབས་གསོལ་བ། རང་ནས་བརྒྱན་ཅིང་བཞེངས་པ། ཕྱག་གཡས་གླིང་བུ། གཡོན་ན་རིན་པོ་ཆེ་བརྣམས་[བསྣམས]པ་བཞག །དེའི་མཐར་ (ཤོག་ ༧ན) ཨ་རུ་ར་གསེར་མདོག་ཤ་ཆེན་མཆུ་སྙུང་གསུམ་རྣམས་སྨན་གྱི་ལྷུང་བཟེད་ཀྱི་ནང་དུ་གཞག་[བཞག]། པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཁང་པ་ལ་རིན་ཆེན་བརྡར་བ་ལ་ལུག་གཟུགས་བརྒྱད་བྱས་ལ་རེ་རེ་བཞག །འཁོར་ལོའི་སྟེང་དུ་གཡག་གི་གཟུགས་བརྒྱད་གཞག་[བཞག]། འཁོར་ལོའི་རྩིབས་མཆན་ལ། མདའ་བྱ་རྒོད་ཀྱི་སྒྲོ་ཅན། སྒྲོ་མེ་ལ་ཤོར་བ་ལ། དར་སྣ་ལྔ་དང་། གཟིག་ཕྲེང་ཁྲ་བོ་དང་། མི་ལོང་མི་ལག་མ་བརྒྱུད་པ་བཏགས་ལ། སྟག་པའི་མི་ཆུང་གི་མདུན་དུ་སོང་བར་བྱ། ཤིང་བ་ལུ་དང་། སྙུག་[སྨྱུག]མ་གཙང་མ་ཚིགས་བདུན་པ་ལ་དར་སྣ་ཕོད་ཙམ་བཏགས་པ་ལྔ་དྲུག་གིས་མཐོར་[མཐའ]བསྐོར། བཅུ་ཐིག་ཁ་བུན་དཀར་ནག་བྱས་པ་གཅིག་ཀྱང་གདགས། ཙྭའམ་རྐང་གི་གླིང་བུ་གསུམ་ཡང་གཞག་[བཞག]། དཀྱིལ་འཁོར་གྱི་སྟེང་དུ་དར་དཀར་གྱི་གུར་དབུབ། དེ་རྣམས་བཅའ་བཞིའི་[གཞིའི]ལག་ལེན་གྱི་རིམ་པའོ། །རང་ཉིད་སྤོས་ཆུས་ལུས་དག་པར་བཀྲུས་ཏེ་དྲི་བཟང་ཀྱིས་[གིས]བདུགས་ལ།
གཉིས་པ་བསྐྱེད་པའི་རིམ་པ་ནི། སྟོང་པའི་ངང་ལས་རང་ཉིད་སངས་རྒྱས་སྨན་གྱི་བླ། སྙིང་པོ། གཡས་སྨན་གྱི་ལྷུང་བཟེད། གཡོན་སྨན་གྱི་གླིང་བུ་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་ (ཤོག་ ༧བ) བརྒྱན་པར་བསྒོམས་ལ། སྨན་གྱི་བླའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དཀྱིལ་འཁོར་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསམ་ལ། དེ་ནས་བདག་གི་མདུན་དུ་དཀྱིལ་འཁོར་གྱི་དབུས་སུ་སྟག་པའི་གེ་སར་ལ་[ལས]བྱས་པའི་ཁྱེ་[ཁྱེའུ]ཆུང་དེ་ཉིད་སྐུ་མདོག་སྔོ་ལྗང་ལྟ་ན་སྡུག་པ། ཕྱག་གཡས་ན་མི་རྐང་གི་གླིང་བུ། གཡོན་ན་རིན་པོ་བསྣམས་པ། དར་དཀར་གྱི་རལ་ཁ་གསལ། ཤིན་དུ་[ཏུ]མཚར་བ་གཅིག་བསམ། ཨ་རུ་ར་གསེར་མདོག་ལ་ལྷ་མོ་སེར་མོ། ཤ་ཆེན་ལ་ལྷ་མོ་དམར་མོ། མཆུ་སྙུང་ལ་ལྷ་མོ་དཀར་མོ། གཡས་གསུམ་ན་གླིང་བུ། གཡོན་གསུམ་ན་ཨ་རུ་ར་གསེར་མདོག་བསྣམས་པ། ཁྱེ་[ཁྱེའུ]ཆུང་གི་འཁོར་དུ་བསྐྱེད་ལ། བདག་གི་དོན་སྒྲུབ་པར་བསམ་མོ། །རང་ཉིད་སྨན་གྱི་བླའི་སྐྱེད་[བསྐྱེད]རིམས་[རིམ]གསལ་བའི་ངང་ནས་སྔགས་འདི་ཞག་གསུམ་བཟླས་སོ། །ཨོཾ་རྩ་མུན་ཏ། ཧྲི་ཏ་ས་མ་ཡ། དུན་བྷྱོ། ཨ་མ་ཙི་ར། དུ་མ་ཙི་ར། ཧྲིལ་ལ་ཕོབ། སྲིད་པ་ཤོད། སྲིད་པ་སྟོན། མ་མ་ཏྲིང་ཏྲིང་ཛ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། ཏྲི་མ་མ། ཏྲིའུ་ཏྲིའུ་ཛ། སྲིད་པ་བསྟོན[སྟོན]། སྲིད་པ་ཁྲོལ། མ་མ་རྩ་ཀྲི། རྩ་ཏྲི། དམ་ལ་འདུས། ཅེས་ཁྲི་ཕྲག་གཅིག་བཟླས་པ། ངས་ཅི་བྱ་ཟེར་ (ཤོག་ ༨ན) བ་དང་། ནད་ཀྱི་རྒྱུ་དང་རྐྱེན་འདི་ཡིན་ཟེར་བ་དང་། སྒྲ་ལྷང་ལྷང་པ་[བ]འོང་། དེ་བྱུང་པ་དང་། སེམས་ཅན་གྱི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བདག་གི་བང་ཆེན་པའི་ལག་པའི་རྩ་ལ་ཟུང་[བཟུང]བ་ཙམ་གྱིས་ཤེས་པར་སྟོན་ནོ། །ཅེས་[ཞེས]པ་ནས་སྔགས་ལ། སྟག་པའི་མི་ཆུང་ལ་དོར་ལ། རྩ་སྔགས་ཀྱིས་ཤམ་བུར་སྔགས་འདི་བཏགས་ལ་ཞག་གསུམ་བཟླས་སོ། །ཨོཾ་སི་ཏི་ཀྱུ་རུ་སིག །མ་མ་ཏྲིང་ཏྲིང་ཛ་ཛ། ཅེས་[ཞེས]བཏགས་ནས་བཟླས་པས། འཇིག་རྟེན་པ་ཐམས་ཅད་བསམ་པ་ཤེས་ཏེ་འོང་། དེ་ནས་སྔགས་འདི་སྦྲེལ་ལ་ཞག་གསུམ་བཟླས་སོ། །ཨ་ཏྲི་མ་ཏྲི་ཏྲིའུ་ས་མ་ཡ་ཨ་ཨ། མ་མ་ཙ་ཏྲི་ཙ་ཏྲི། ཏྲི་ཏྲིའུ་དུན་དུན་བུ་ཛ། ཞེས་བཏགས་ལ་བཟླས་པས་དེས་[དེའི]དུས་ན་ནད་གང་ཡིན་ཝལ་གྱིས་དྲན་ནས་འོང་། ལྷངས་ཀྱིས་[ལྷང་གིས]ཐོས་ཏེ་འོང་། ཨོཾ་ཙཀྵུ། ཙཀྵུ་ཛྙ་ན་ཙཀྵུ་ཀུ་རུ་ཧཱཱུཾ་སྭཱཧཱ། ཞེས་བཏགས་ལ་བཟླས་པས། རབ་ལྷ་མོ་རང་དངོས་སུ་འབྱུང་[བྱུང]སྟེ། དངོས་གྲུབ་སྟེར།
དེ་ནས་གྲུབ་པ་དང་སེམས་ཅན་གྱི་ནད་ཀྱི་རྐྱེན་ལ་སོགས་པ། རྒྱུན་དུ་སྟོན་པའི་ཆད་བྱ་སྟེ། རྡོ་རྗེ་དམྱལ་བ་ལ་ཚད་བཙུགས་ལ་སྣ་དགག་གོ །འབྲིང་ནད་རྐྱེན་འཚོ་འཆི་རྣ་བར་སྟོན། ཐ་མ་རྨི་ལམ་དུ་འབྱུང་། སྒྲུབ་པའི་དུས་སུ་གཙང་སྦྲ་ཤིན་དུ་[ཏུ]ཆེ་ཞིང་། (ཤོག་ ༨བ) རྣ་བར་མི་གསལ་བར་དིར་དིར་སྟོན་ན། གོང་གི་སྔགས་རྣམས་ཀྱི་ཤམ་བུར། ཨོཾ་རེ་ལེ་རེ་ལེ་སྨྲ་ར་ཧཱུཾ། ཞེས་པའི་སྔགས་བཏགས་ལ་བཟླས། སྨྲ་བ་དཀའ་ན། ཨོཾ་ཙི་ཏུ་ཤུ་ཤ་ཀ་ར་ན་ཤུ་ཙ་ཛྙ་ན་ཙཀྵུ་སྭཱཧཱ། ཞེས་གོང་མ་རྣམས་ལ་བཏགས་ལ་བཟླས། སྒྲུབ་པ་བྱས་པས་འགོར་ཅིང་[ཞིང]འགྱང་ན་སྤོགས་ཆོག་འདི་བྱའོ། །རང་ཡི་དམ་ཁྲོ་བོ་གང་ཡིན་དུ་བསྒོམས་ལ། ཨོཾ་ཀང་ཀོ་ལ་ཀོ་ལ་ཤ་ན་ཀ་ཀོ་ལ། གང་འདིར་ནང་འདིར་ཤ་ན་གང་འདིར། སྨྲ་རུ་ཆུག །ཆུ་བུར་མིག་གི་གསོལ། ལྷའི་མིག་རྣམས་[རྣམ]པར་དག་པ་སྩལ་དུ་[ཏུ]གསོལ། མཧཱ་པདྨ་སྨྲ་རུ་ཆུག །ཁམས་གསུམ་སྲིད་གསུམ་བདག་ལ་སྟན་[བསྟན]དུ་གསོལ། ཞེས་བརྒྱ་རྩ་བཟླས་ལ་ནས་ལ་སྔགས་ལ་སྟག་པའི་མི་ཆུང་བྲབ། ཡང་གོང་གི་རྩ་སྔགས་ནས་སྐྱར་[བསྐྱར]ལ་བྱ། འགོར་ན་དུས་གསུམ་སྤོགས་ཆོག་གི་སྔགས་བརྒྱ་རྩ་རེས་བྲབ་བོ། །དེ་ནས་མི་འགྲུབ་མི་སྲིད་དོ། །སྒྲུབ་པ་ལ་འཇུག་དུས་ནས་བརྩམས་ཏེ་སྔ་དྲོ་ཉིན་ཕྱེད་ཐོ་རངས་གསུམ་སྨན་སྣ་འདི་རྣམས་ཀྱི་དུད་པ་རེ་བཏང་། ག་བུར། ཙནྡན་དཀར་དམར། ཨ་ཀ་རུ། ཨ་སྐྱ། གུར་གུམ། ལི་སུག །སེ་འབྲུ། འཛ་[རྫ]ཏི། སྤོས་དཀར་རྣམས་ཕྱེ་མ་བྱས་པའི་དུད་པ་རེ་བཏང་། དེས་མི་ (ཤོག་ ༩ན) འབྲལ་བར་འཁོར་བར་བླ་མ་དྲིན་ཅན་གསུང་ངོ་།།
ཡང་རྣ་བ་ཚ་ན་རང་གི་ལུས་ཀྱི་དྲི་མ་བཞར་བའི་དུད་པ་བཏང་ན་རྒྱུན་པར་མི་འབྱུང་པའི་[བའི]གནད་དོ། །སྔ་དྲོ་ཉི་ཕྱེད་དགོངས་[དགོང]ཀ་གསུམ། དཀར་གཏོར་གཙང་མ་གཅིག་བྱས་ལ་ལྷ་མོ་གསུམ་ལ་དབུལ། དམར་གཏོར་གཅིག་གཞི་བདག་ལ་ཕུལ་ལ་བདེན་པ་བརྡར། ཕྲིན་ལས་གཞོལ། བགེགས་གཏོར་དགོངས་[དགོང]རེ་བཞིན་བཏང་ལ་བགེགས་བསྐྲད། ཡང་ཐུན་འཇོག་ཁར་རང་གི་སྔགས་ཀྱི་འོད་ཟེར་འཕྲོས་པས། མི་ཆུང་ལ་འཕོག་མི་ཆུ་[ཆུང]ཧྲིར་གྱུར། ཧྲི་དེ་རང་གི་ཐུགས་ཁར་[ཀར]བསྡུ། ཡང་རང་གི་ཐུགས་ཁ་[ཀ]ནས་འོད་ཟེར་འཕྲོས་པས་ལྷ་མོ་གསུམ་པོ་ལ་ཕོག །ལྷ་མོ་གསུམ་པོ་རང་ལ་འཁོར་ཞིང་འདུད་པར་བསམ་ལ། སྣང་སྲིད་སྟོན་ཅིག་ཅེས་པའི་བཀའ་བསྒོ་བ་མ་ཡེངས་པར་བྱའོ།།
དེ་ལྟར་ལག་ལེན་གྱི་རིམས་[རིམ]པ་དེ་རྣམས་ཀྱིས་གྲུབ་པའི་མཚན་མའི་རྟགས་ཐོན་ནས། རྩ་ལྟ་བ་དང་མོ་འདེབས་པ་གང་བྱེད་ཀྱང་ཡིད་ལ་ཝལ་གྱིས་འབྱུང་བ་དང་། རྣ་བས་ལྷང་ཀྱིས་[ལྷང་གིས]ཐོས་ནས་འབྱུང་ངོ་། །དེ་ནས་ཤིང་སྟག་པའི་མི་ཆུང་དང་རྫས་ཚོ་དྲིལ་ལ་གོང་ཁུ་གཡས་སུ་གཞུག །ཐོ་རང་[རངས]སྐྱེད་[བསྐྱེད]རིམས་[རིམ]གོང་བཞིན་སྒོམས་ལ། སྔགས་གོང་མ་གསུམ་ཚོ་རེ་རྒྱུན་གྱི་ཡི་དམ་མ་ཆག་པ་གལ་ཆེ། རྩ་ལྟ་དུས་སུ་ཨ་རུ་ར་ནས་བག་ (ཤོག་ ༩བ) ཙམ་རེ་བཞར་ལ། སྣང་སྲིད་སྟོན་ཅིག་ཅེས་པའི་བཀའ་བསྒོ་བ་མ་ཡེངས་པར་བྱའོ། །མེ་དུ་བ་མེད་པ་ལ་སྲེག །སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་ངོ་མཚར་གྱི་རྩ་བདུན་དང་། ནད་གང་ཡིན་སོས་མི་སོས་ཅི་ཕན་ཅི་གནོད་བསྟེན་ཅིག་ཅེས་ཡིད་ལ་བྱའོ། །ཨ་རུ་ར་མ་ཟད་བར་དུ་སྟོན་ནོ། །ཡང་ཤིན་[ཤིང]དུ་བསང་པའི་[གསང་བའི་]མན་ངག་བླ་མའི་ཞལ་ཤེས་ལ། སྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་གནན་ཤེས་དགོས་སོ། །དེ་མ་ཤེས་ན་མི་འགྲུབ་ཅིང་འགོར་བ་དང་། ཁམས་སྐྱོན་ལ་སོགས་པའི་གེགས་སྣ་ཚོགས་བྱེད་པས། འགོང་པོའི་གཟུགས་དཔེ་ཆུང་ལྟར་བྲིས་པ། མཆོད་རྟེན་རབ་གནས་ཅན་གྱི་འོག་ཏུ་མནན་པ་ཤིན་ཏུ་གལ་ཆེ། རྩའི་ལྷ་མོ་སྤུན་གསུམ་གྱི་སྒྲུབ་ཐབས། ཀྱུས་[དཀྱུས]སུ་གབ་པ་དཀྲོལ་བའི་ལག་ལེན་གྱི་རིམས་[རིམ]པ་འདི་ཉིད། མཚོ་[འཚོ]བྱེད་གོང་མ་རྣམས་ཀྱི་སྙན་རྒྱུད་[བརྒྱུད]བར་མ་ཆད་པ་ཐུགས་ཉམས་སུ་བཞེས་ཤིང་། གསོ་བ་རིག་པ་ཕུལ་དུ་གྱུར་པ། བྲང་ཏི་དཔལ་ལྡན་མཚོ་[འཚོ]བྱེད་ཀྱི་གསུངས་[གསུང་]ངག་ཕྱག་ལེན་ཇི་བཞིན་དུ། བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གི་[གིས]སེམས་ཅན་ལ་ཕའི་ཕྱིར་རམ། བུ་དང་སློབ་མའི་དོན་དུ་ཡི་གེར་བཀོད་པ་འདིས་འགྲོ་བ་དུ་མ་ལ་ཕན་ཐོགས་པར་གྱུར་ཅིག །ཨྠི།། །།
༈ བྲམ་ཟེ་མ་ཆུ་ནག་མ་སྒྲུབ་པ་ལ། གསང་བ་ (ཤོག་ ༡༠ན) ཡིད་ཀྱི་རྩ་སྒྲུབ། གསང་རྟེན་དུ་རྟ་བྲ་ནག་གི་སྔ་མ་གཡས་སྐོར་བྱས་ལ་རྟ་ལྟག་གཡས་སུ་གདགས། བསྒྲུབ་[སྒྲུབ]རྫས་ལ་ཆེན་པོ་[མི་ཁྱི་རྟ་བོང་]བཞིའི་ཤ །བསི་དྲི་ཅན་[སྤྲེ་[སྲེ]མོང་པུ་ཤུད་ཝ་སྤྱང་]བཞིའི་ཤ །ཁམ་[སྤྱིན་པོ]པས་མགོ་བསྡུས་ལ། བྲམ་ཟེ་མོའི་གཟུགས་ཆག་གང་པ། མཆུ་སྔོ་ཡལ་ལེ་བ་བཅིག་[གཅིག]བྱས་ལ་མཎྜལ་གྱི་སྟེང་དུ་[གཡམ་པ་གཙང་མའི་ཁར]བཞག །དྲིའི་[བཟང་དྲུག་ཙནྡན་གླ་རྩི]ཆུ་གཡས་སུ་གཞག་[བཞག]། མི་ཁའི་གཏོར་[སྦང་མ་སྲན་མ་ཉུང་མ།]མ་གཅིག་གཡོན་དུ་བཞག །ལྕོ་གའི་སྒོ་ང་གཅིག་མདུན་དུ་བཞག །སྔགས་འདི་[སྨྲ་བཅད་བྱས་ལ། མི་ཁྱིའི་སྐད་མེད་གསར[སར]ལ་ཞག་བདུན་དུ་སྒྲུབ་བོ། །ཨོཾ་གར་ས་གར་ས་བྷྱོ། ཤ་རི་ཤ་རི་བྷྱོ། ཆུ་ཝུར་[སྦུར]མིག་གི་གསོལ། མཐོང་པ་[བ]ལྷའི་ཡུལ་དུ་སྟོན། བྲམ་ཟེ་མཆུ་སྔོན་མོ། ཞུང་ཞུང་རྒྱུག་རྒྱུག །མིང་པོའི་ལས་བགྱིས་པ། ཞག་ལྔ་ནས་རྟགས་འོང་པས་[བས]མ་འཇིགས་ཅིག་[ཤིག]། ཞག་བདུན་ནས་དངོས་སུ་འོང་། འབྲིང་རྨི་ལམ་དུ་འོང་། ཐ་མ་ཡིད་སྣང་དུ་འོང་ངོ་། །
རྩ་ལྟ་བའི་དུས་སུ་སོར་མོ་དྲུག་པོ་ལ་སྔགས་ལན་བདུན་བཏབ་ནས་ལྟས་[བལྟས]པས། ཨོཾ་ཁ་རོ་ཁ་རོ། ཛ་རོ་ཛ་རོ། ནི་ཤ་ནི་ཤ །མོན་[མི་གསལ་བར་རྣ་བར་དིར་དིར་དུ་སྟོན་ན་མིང་པོའི་སྔགས་འདི་སྦྲེལ་བ་བཟླས་སོ།།]བུ་རྡོ་རྗེ་ཐོག་སྨྲོས། རྣ་བར་སྟོན་པ་དང་ཡིད་ལ་ཝལ་གྱིས་གསལ་བར་འོང་ངོ་། །ནད་དང་ (ཤོག་ ༡༠བ) གདོན་དང་ངོ་མཚར་གྱིས་[གྱི]རྩ་བདུན་སྟོན་པར་འགྱུར་རོ། །དམ་ཚིག་ཏུ་རྣ་ལ་གཟེ་མོ། བྲམ་ཟེ་མོའི་རྩ་བསྒྲུབ་[སྒྲུབ]འདི། སློབ་དཔོན་བཱཻ་[བཻ]རོ་ཙ་ན་ཡིས། །རྒྱ་ནག་ཡུལ་ནས་བསྒྱུར་བ་ཡིས། །རྒྱུད་ནས་གསུངས་པའི་ངོ་མཚར་ཅན་གྱི་རྩ་བདུན་གསལ་བར་བྱེད་པའི་སྒྲོན་མེ་འདི། བཱཻ་[བཻ]རོ་ཙ་ནས་རྒྱུད་ཀྱི་བཙས་སུ་གཞག་[བཞག]གོ །ཨྠི།། བྲང་ཏི་དཔལ་ལྡན་མཚོ་[འཚོ]བྱེད་ཀྱི་གསུང་ངག་ཕྱག་ལེན་ཇི་བཞིན་དུ་བྲང་ཏི་དཔལ་ལྡན་རྒྱལ་མཚན་དག་གིས་ཞུས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། བྲིས་མ་དཔེ་རྙིང་། འདྲ་བཤུས་ཡིག་ཆ། ཤོག་གྲངས་ ༡ ནས་ ༡༠ བར་བཞུགས་པ་ལས་བཏུས་པའོ།།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༩ ནས་ ༤༧༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།