གསར་འཇུག

དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ།

༄༅༅། །རྒྱ་གར་སྐད་དུ། རཏྣ་ཀ་རཎྜ་ཨུངྒྷ་ཊེ་མ་དྷྱ་མ་ནཱ་མ་ཨུ་པ་དེ་ཤ །བོད་སྐད་དུ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ།རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་བརྒྱུད་པའི་གདམས་ངག༌བྲི་བར་བྱའོ། །འདི་ནི་སྐྱེས་བུ་གང་ཞིག་བདག་དང་འགྲོ་བ་མ་ལུས་པའི་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་རྗེས་སུ་དྲན་པས་ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་མི་འཛིན་པ། འཇིག་རྟེན་

མུ་མཐུད་ཀློགས།

དབུ་མའི་མན་ངག

༄༅༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བ།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པའི། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས། རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ

མུ་མཐུད་ཀློགས།

དྲན་པ་གཅིག་པའི་མན་ངག

༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་སྨྲྀ་ཏི་ཨུ་པ་དེ་ཤ །བོད་སྐད་དུ། དྲན་པ་གཅིག་པའི་མན་ངག །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ལ་གུས་བཏུད་དེ། །འཕགས་པ་ཀླུ་སྒྲུབ་ཕྱག་འཚལ་ནས། །ཨ་བ་དྷཱུ་ཏཱི་བདག་གིས་ནི། །ཅིག་ཅར་འཇུག་པའི་མན་ངག་བྲི། །འདིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དབང་བསྐུར་ཆེན་པོ་མ་ཐོབ་ཀྱི་བར་དེ་སྲིད་དུ་དེའི་བྱ་བ་ནི་གཉིས་ཏེ། ཤེས་རབ་ཀྱི་བྱ་བ་དང་། ཐབས་ཀྱི་བྱ་བའོ།

མུ་མཐུད་ཀློགས།

བདེན་པ་གཉིས་ལ་འཇུག་པ།

༄༅༅། །རྒྱ་གར་སྐད་དུ། ས་ཏྱ༌དྭ་ཡཱ་བ་ཏཱ་ར། བོད་སྐད་དུ། བདེན་པ་གཉིས་ལ་འཇུག་པ།ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱིས༌ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དེ་བཞིན་དོན་དམ་བདེན་པའོ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། །དང་པོ་གཉིས་ཏེ་ཆུ་ཟླ་དང་། །གྲུབ་མཐའ་ངན་པའི་རྟོག་པའོ། །མ་བརྟགས་གཅིག་པུ་ཉམས་དགའ་བའི། །སྐྱེ་བ་དང་ནི་འཇིག༌པའི་ཆོས། །དོན་བྱེད་ནུས་ད

མུ་མཐུད་ཀློགས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ།

༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་པིཎྜཱརྠ་པྲ་དཱི་བ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ།བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ༌ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཕྱག་འཚལ་ནས་ནི་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པའི་བསྡུས་དོན་བཤད། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །མཁྱེན་པ་གསུམ་དང་ཆོས་སྐུ་ལ། །མངོན་སུམ་རྟོགས་པས་མངོན་རྟོགས་ཏེ། །སྦྱོར་བ་བཞི་ནི་མངོན་ཕ

མུ་མཐུད་ཀློགས།

རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིབ་མོར་བཀོད་པ།

༄༅༅། །ཨོཾ་སྭ་སྟི། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འ་རྨཱ་བཱ་ཥཱ་ན་ཐཱ་ཥཱཉྩ་བཱ་དཱི་ཧཱ་བརྒྱད་ཤད་གཅིག་ཚེག་དྲག་གཅིག །ཡ་བཏགས་གཅིག་དང་ཧ་བདུན་ནི། །རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཡིན། །ཡིག་འབྲུ་སུམ་ཅུ་སོ་ལྔ་ལ། །འཐུག་པོ་གསུམ་དང་ལོག་པ་གསུམ། །འཁྲུལ་མེད་སྒྲ་ཡི་སྲང་ནས་གདོན། །ཏེ་ཥཱཉྩ་ཞེས་པ་ཐུར་ལ་སྦྱར། །གདངས་ནི་གུ་རུའི་

མུ་མཐུད་ཀློགས།

ནོར་བདག་གཙོ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབེབས་ཞེས་བྱ་བ།

༄། རྗེ་བཙུན་ལྷ་ལྔའི་བསྟོད་པ་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། བ་སུ་པ་ཏི་ཨུ་པ་དྷྱ་པཉྩ་སྟོཏྟྲ་བ་སུ་མེ་གྷ་ཨ་བེ་ཤ་ནཱ་མ། བོད་སྐད་དུ། ནོར་བདག་གཙོ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབཻབས་ཞེས་བྱ་བ།འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨེ་མ།འཇིག་རྟེན་དབང་ཕྱུག་ནོར་བདག་སྐུ་སྤྲུལ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་གྱེན་རྫེས་ནོར་བུས་བརྒྱན། །ཤ་རྒྱས་བསུས་འཆང་སྣ་ཚོགས་དར

མུ་མཐུད་ཀློགས།

ཚོགས་བདག་གསང་སྒྲུབ།

༄། ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། ༄༅༅། །རྒྱ་གར་སྐད་དུ། གྷ་ན་པ་ཏི་གྷུ་ཧ་ས་ངྟ་ན་མ། བོད་སྐད་དུ། ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ།གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འགྲོ་དོན་སྤྱོད་པ་སྦྱོང་བ་ལ་མཛད། །བསོད་ནམས་ཚོགས་ཚད་མེད་པ་སོགས༌དགོས་པའི་ཕྱིར། །ཚོགས་ཀྱི་བདག་པོ་བསྒྲུབ་པར་བྱ། མི་སྐད་ཁྱི་སྐད་མི་ཐོས་པའི། །གནས་ནི་གངས་རི་མཐོ་པའི་རྩེར། ལྷ་ཆེན་གནས་བའི་ས་ཡིན་ཏེ། །ཚོགས་ཀྱི་བ

མུ་མཐུད་ཀློགས།

དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས།

༄། ཚོགས་བདག་དཀར་པོའི་སྒྲུབ་ཐབས་མན་ངག་ཆ་ལག་དང་བཅས་པ་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། ཤྲི་ག་ན་པ་ཏི་ཤན་ཏ་ན་ས་དྷ་ན་མ། བོད་སྐད་དུ། དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས།འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དང་པོར་གནས་དབཻན་ཞིང་ཡིད་དུ་འོང་བར། མཎྜལ་གྲུ་བཞི་པ་བ་ཡི་རྣམ་ལྔས་བྱུག་གོ། །སྨན་དང་དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། ཙནྡན་དཀར་པོའི་དྲིའི་ཐིག་ལེ་གཅིག་བྱ། མེ་ཏོག་དཀར་པོའི་ཚོམ་བུ་གཅིག་དགོད། མར་མེ་དང་དྲི

མུ་མཐུད་ཀློགས།

ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ།

༄། ཤིན་ཏུ་མྱུར་བའི་ལྷ་ཆེན་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། ༄༅༅། །རྒྱ་གར་སྐད་དུ། བུ་ཎ་དེ་ཝ་མ་ཧཱ་བི་གྷ་རཱ་ཛཱ་སཱ་དྷ་ནཱ་མ། བོད་སྐད་དུ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ།བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ཉམས་དགའ་བའི་ས་ཕྱོགས་སུ། ཡིད་དུ་འོང་བའི་ཁང་པར། འདོད་པ་བསྒྲུབ་པའི་བྱ་བ་བརྩམ་པ་ནི། དང་པོར་ཐང་ཀ་དགྲམ་ཞིང་། མཆོད་པ་དང་གཏོར་མ་བཤམས་ལ། རང་སྟན་བདེ་བ་ལ་རོལ་པའི་འདུག་སྟངས་ཀ

མུ་མཐུད་ཀློགས།