ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ལ་ཅུང་ཟད་དཔྱད་པ། [གནད་བཏུས།] ཇོ་བོ་རྗེའི་ལོ་རྒྱུས་མདོར་བསྡུས་དང་འབྲེལ་ཏེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཁོང་ཇི་ལྟར་གདན་འདྲེན་ཞུས་པའི་གནས་ཚུལ་དང། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་བླ་མ་དྲན་ནས་བསྟོད་པ་ཇི་ལྟར་མཛད་ཡོད་པ་དང་། བསྟོད་རྩོམ་འདིའི་བརྗོད་བྱའི་སྙིང་པོ་དང། བརྩམས་ཆོས་ཀྱི་བསམ་བློ། རྩོམ་སྟངས་ཀྱི་ཁྱད་ཆོས་དག་ཅི་འདྲ་ཡིན་པ། ད་དུང་བསྟོད་རྩོམ་ཕྱི་མ་དག་གི་བརྗོད་བྱའི་ཐད་ལ་ཐེབས་པའི་ཤུགས་རྐྱེན་སོགས་ལ་དཔྱད་པ་བྱས་ཡོད།
མུ་མཐུད་ཀློགས།པཎ་གྲུབ་བསྟོད་ཚོགས།
རྒྱན་དྲུག་གི་བསྟོད་པ།
རྒྱན་དྲུག་གི་བསྟོད་པ། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། ། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། ། དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། རང་གི་ཅོད་པན་ཉིད་ཀྱི་དབུར་བཅིངས་ཏེ། ། རྒྱལ་ཚབ་ཉིད་དུ་དབང་བསྐུར་མཆོག་བརྙེས་པ། །རྣམ་འདྲེན་མ་ཕམ་མགོན་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།༄༅། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ་བཞུགས་སོ།།
གྲངས་མེད་བསྐལ་པ་མང་པོའི་གོང་རོལ་ནས། ། སྙིང་རྗེའི་ཐུགས་བསྐྱེད་དྲག་པོ་ཁུར་བཞེས་ཏེ། ། རྩོད་ལྡན་མུན་པའི་ཞིང་འདི་ཡོངས་བཟུང་བ། ། སྟོན་མཆོག་ཐུབ་པའི་དབང་པོ་དགོངས་སུ་གསོལ། །
མུ་མཐུད་ཀློགས།༄༅། །པཎ་ཆེན་སྨྲི་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན་ཞེས་བྱ་བ་བཞུགས།
༄༅། །པཎ་ཆེན་སྨྲི་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན་ཞེས་བྱ་བ་བཞུགས། རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། ། སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། ། སྐྱབས་གནས་ཀུན་འདུས་པཎ་ཆེན་སྨྲི་ཏིའི་ཞབས། ། རབ་བྱུང་ཆ་ལུགས་པཎ་ཞུ་མཉམ་བཞག་ཅན། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།