པཎ་གྲུབ་བསྟོད་ཚོགས།

༄༅། །འཕགས་པ་ཐོགས་མེད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན་བཞུགས།

ཨེ་མ་ཧོ༔ གཉིས་འཛིན་བྲལ་བ་ཆོས་ཀྱིས་དབྱིངས༔ འཛིན་རྟོག་བྲལ་བའི་པཎྜི་ཏ༔ ཕྱག་གཡས་ཆོས་འཆད་ཕྱག་རྒྱ་མཛད༔ གཡོན་པས་མཉམ་བཞག་པོ་ཏི་འཛིན༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ རིགས་བདག་བྱམས་པ་མགོན་པོ་ལས༔ བདུད་རྩི་ཆོས་ཀྱི་ཆར་ཆེན་འབེབས༔ ལུང་དང་རྟོགས་པའི་མན་ངག་འཆང་༔

མུ་མཐུད་ཀློགས།

འཕགས་པ་ཐོགས་མེད་ཀྱི་རྟོགས་བརྗོད་ངེས་དོན་ཟླ་ཟེར་དཀར་པོའི་ཕྲེང་བས་སྙིང་གི་གདུང་བ་འཕྲོག་བྱེད།

ཇི་ལྟའི་དོན་ལ་འཕགས་པའི་ཐུགས་མངའ་ཞིང༌། ཇི་སྙེད་འཆད་ལ་ཐོགས་པ་མེད་པའི་གསུང༌། །ཇི་ལྟར་བཞེད་བཞིན་བྱམས་མགོན་གཟིགས་པའི་སྐུ། །ཇི་སྐད་གསུངས་བཞིན་འཛིན་ལ་ཕྱག་བགྱིའོ། །མི་ཕམ་ཞལ་གྱི་བདུད་རྩི་གསོལ་བ་ལས། །དབུ་སེམས་ཤིང་རྟའི་སྲོལ་ཆེན་གཉིས་གཟིགས་ནས། །ཐེག་ཆེན་ཆོས་ཀྱི་ངེས་དོན་གསལ་མཛད་པ། །བརྩེ་ཆེན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

༄༅། །མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་།

  ༄༅། །མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་[1]། ༼རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པ།༽   བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །ཐུབ་པའི་གསུང་རབ་མཐའ་དག་ཐུགས་ལ་རྫོགས། །དབུ་མའི་རིང་ལུགས་སྨྲ་བའི་མཆོག་གྱུར་པ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་རྒྱལ། །མི་རིགས་ཚར་གཅོད་རིགས་པ་སྨྲ་བའི་དབང་། །ཕས་རྒོལ་ཟིལ་གྱིས་གནོན་པའི་བློ་ཐོབ་ཅིང་། །སྟོང་ཉིད་རྟོགས་པའི་མཁྱེན་པ་རབ་ཏུ་གསལ། །

མུ་མཐུད་ཀློགས།

༄༅། །མཁན་ཆེན་བླ་རྣལ་བདུད་རྩིའི་ཆར་རྒྱུན་བཞུགས་སོ།།

  ༄༅། །མཁན་ཆེན་བླ་རྣལ་བདུད་རྩིའི་ཆར་རྒྱུན་བཞུགས་སོ།།[1] ༼གཏེར་ཆེན་རིག་འཛིན་ཉི་མས་ (འཁྲུངས་དུས།1931) མཛད་པ།༽   ཨ༔ བདག་སྣང་མི་དམིགས་གཞི་རྩ་ཀུན་དང་བྲལ༔ མཚན་འཛིན་རྟོག་པའི་དྲ་བ་དབྱིངས་སུ་ནུབ༔ མི་ཤིག་ཆོས་བདུན་ཚང་བའི་པཎྜི་ཏ༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པས་པོ་ཏི་འཛིན༔ ཞབས་གཉིས་དཀྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་འོད་ཟེར་དབུ་ལ་འབེབས༔ གདུལ་བྱའི་ཤེས་རྒྱུད་བྱིན་གྱིས་བརླབས་པ་དང་༔ བྱང་ཆུབ་སེམས་གཉིས་འབྱུང་བར་བྱིན་གྱིས་རློབས༔

མུ་མཐུད་ཀློགས།