ང༽ མར་མེ་མཛད་བཟང་པོའི་གསུང་གི་དཀར་ཆག
དེ་ཡང་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་ལ་མཚོན་ན། ༡༽ རྒྱུད་ ༼དི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མཇུག་བྱང་ལས[1]།
སྡེབ་སྦྱོར་བྱས་པའི་ཚིགས་བཅད་ནི། །བཞི་བརྒྱ་ལྔ་བཅུ་པ་ཉིད་དུ། །
རབ་བྱེད་འཇིག་རྟེན་ལེགས་དྲན་ཕྱིར། །དཀྱིལ་འཁོར་ཆོ་ག་འདི་བྱས་སོ། །
དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[2]། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཞི་བརྒྱ་ལྔ་བཅུ་པ། སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་[3]ཡ་གྱལ་སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ། ཞེས་འབྱུང་ལ། གསུང་འདི་བསྟན་འགྱུར་པར་མ་བཞི་གར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དི༽ ཚན་གྲངས་ ༡༣ ལྡེབ་ ༦༩ན༤ ནས་ ༨༧ན༣ བར་ཡིག་ཕྲེང་ ༢༥༢ ཚིག་རྐང་ ༧-༡༧༧༠། ༡༣-༡༥། ཚེག་ཁྱིམ་ ༡༣༡༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏི༽ ཚན་གྲངས་ ༡༣ ལྡེབ་ ༨༣ན༦ ནས་ ༡༠༤བ༢ བར་ཡིག་ཕྲེང་ ༣༤༡ ཚིག་རྐང་ ༧-༡༧༦༧། ༡༣-༡༥། ཚེག་ཁྱིམ་ ༡༣༡༥༧། ག༽ སྣ་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏི༽ ཚན་གྲངས་ ༡༣ ལྡེབ་ ༨༢བ༦ ནས་ ༡༠༢བ༦ བར་ཡིག་ཕྲེང་ ༢༨༡ ཚིག་རྐང་ ༧-༡༧༦༧། ༡༣-༡༥། ཚེག་ཁྱིམ་ ༡༣༡༥༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དི༽ ཚན་གྲངས་ ༡༣ ལྡེབ་ ༦༩ན༥ ནས་ ༨༧ན༣ བར་ཡིག་ཕྲེང་ ༢༥༡ ཚིག་རྐང་ ༧-༡༧༧༠། ༡༣-༡༥། ཚེག་ཁྱིམ་ ༡༣༡༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ད༽ དེབ་ཨང་ ༢༡ པའི་ཤོག་གྲངས་ ༡༠༣༠ ནས་ ༡༠༧༣ བར་བཞུགས་པ་བཅས་སོ།།
༢༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། རཀྵ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། སྲུང་བའི་འཁོར་ལོ་སྒྲུབ་པའི་ཐབས་སམ། སྲུང་བའི་འཁོར་ལོའི་སྒྲུབ་ཐབས། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[4]། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བར་གསལ་ལོ།།
མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[5]། དེའི་དབྱར་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པ་རང་དུ་བཞུགས། གནས་བརྟན་དད་པ་བླ་མས་ཁོ་བོས་གཟིམ་ཁང་བྱེད་ཟེར་ནས་གནས་ཤིག་བརྩིགས། དེར་ཇོ་བོས་ཞག་ཅིག་བཞུགས་ཏེ་ད་ལྟ་གཟིམ་ཁང་ཟེར་བའི་གནས་ཆུང་ཞིག་ཡོད། དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་མཛད་བོད་སྟོན་བདུན་གྱིས་རིམ་པ་ཞུས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་དང་། དེའི་བསྲུང་བའི་འཁོར་ལོ་དང་། རིག་སྔགས་གཅད་པའི་ཆོ་ག་དང་། སེར་བ་བཟློག་པའི་ཆོ་ག་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལེའུ་དང་པོ་རྣམས་ཞུས་ནས་ཇོ་བོ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ། །སྐབས་དེར་ཇོ་བོས་མཛད་མིན་གསལ་ཁ་མི་སྣང་ཡང་། ཡེར་པར་བསྒྱུར་བར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༦ ལྡེབ་ ༣༨བ༡ ནས་ ༣༩བ༢ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༤༨༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༦ ལྡེབ་ ༤༧བ༨ ནས་ ༤༩ན༥ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༤༨༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༦ ལྡེབ་ ༤༠ན༡ ནས་ ༤༡ན༣ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༤༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༦ ལྡེབ་ ༣༨ན༡ ནས་ ༣༩བ༢ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༤༨༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼མི༽ དེབ་ཨང་ ༢༤ པའི་ཤོག་གྲངས་ ༡༠༧ ནས་ ༡༡༠ བར་བཞུགས་སོ།།
༣༽ རྒྱུད་ ༼པུ༽ པ་ལ། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ་ཞིང་། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༧༣ ནས་ ༧༥ བར་བཞུགས་པ་ལས། འགྱུར་བྱང་མི་གསལ་ལོ། །གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[6]། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༣༢བ། ༣༣བ། བར་བཞུགས་ཤིང་། པར་མ་ཁག་བཞིར་མར་མེ་མཛད་བཟང་པོའི་གསུང་ཡིན་པར་གསལ་ནའང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་[7] ཏུ་ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༤༽ རྒྱུད་ ༼པུ༽ པ་ལ། བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཟབ་མོ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༧༨ ནས་ ༨༡ བར་བཞུགས་ཤིང་། འདི་ལ་རྒྱ་གར་སྐད་དང་། འགྱུར་བྱང་གང་ཡང་མི་གསལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[8]། བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༣༥བ། ༣༧ན། བར་བཞུགས་ཤིང་། པར་མ་ཁག་བཞིར་མར་མེ་མཛད་བཟང་པོའི་གསུང་ཡིན་པར་གསལ་ནའང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ཏུ་ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༥༽ རྒྱུད་ ༼ པུ༽ པ་ལ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༩༢ ནས་ ༩༥ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[9]། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ། སློབ་དཔོན་ཇོ་བོ་རྗེས་མཛད་པ། ལྡེབ་གྲངས་ ༤༣ན། ༤༥ན། བར་བཞུགས་པར་གསལ་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༦༽ རྒྱུད་ ༼པུ༽ པ་ལ། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པའི་ལམ་སྟོན་པར་བྱེད་པ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གང་ཡང་མི་གསལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༩༥ ནས་ ༩༨ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[10]། ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སློབ་དཔོན་ཇོ་བོ་རྗེས་མཛད་པ། ལྡེབ་གྲངས་ ༤༥ན། ༤༦བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༧༽ རྒྱུད་ ༼པུ༽ པ་ལ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་རབ་ཏུ་གནས་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༡༠ ནས་ ༡༡༣ བར་བཞུགས་ཤིང་།
གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[11]། རབ་གནས་ཀྱི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༥༥ན། ༥༧། བར་བཞུགས་པར་གསལ་ལ། འདི་ཡང་ཇོ་བོའི་གསུང་ཡིན་པར་གསལ་ལོ།།
དེ་བཞིན་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[12]། དུས་དེར་དབུས་གཙང་པ་དང་ཁམས་པ་མང་པོས་སྐྱབས་འགྲོ་སེམས་བསྐྱེད་ཞུས། ལ་ལས་རིམ་པ་ཞུས། ལ་ལས་རབ་གནས་ཞུས། སེམས་བསྐྱེད་ཞུ་བ་ཚན་གཅིག་ལ་སྟོན་པ་འདི་ཀུན་ཆོས་ཞུ་བའི་རྒྱགས་འདུག་པ་ལ་མཆོད་པའི་ཡོ་བྱད་མི་འདུག་གསུངས། ཡང་ཁམས་པ་ཚན་གཅིག་གིས་རབ་གནས་ཞུས་པ་ལ་དགེ་བཤེས་སྟོན་པ་ཞལ་འཛུམ་འཛུམ་མཛད་ནས་ཇོ་བོ་ལ་གཟིགས་ཡང་ཁམས་པ་དེ་རྣམས་ལ་གཟིགས་ནས། བླ་མ་འདི་བཞིན་དུ་གསུང་ཞིང་གདའ་གསུངས་ནས་སྒྲ་བསྒྱུར་བ་ལ། ནན་ཏར་རབ་གནས་ཡང་དག་པ་ཞིག་བྱེད་ན། དང་པོ་རྒྱུ་འདི་ལྟར་དགོས། དེ་ནས་ལྷ་བཟོ་འདི་ལྟ་བུ་དགོས། དེ་ནས་སྐྱ་རིས་འདི་ལྟ་བུ་དགོས། དེ་ནས་སྤྱན་འབྱེད། དེ་ནས་རབ་གནས་འདི་ལྟར་བྱེད་དགོས་ཞེས་པ་ལ་སོགས་པ་རབ་གནས་ཀྱི་གདམས་པ་གསུངས་སོ། །དེའི་ཚེ་བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་དགེ་བཤེས་སྟོན་པས་བསྒྱུར་རོ། །ཞེས་བྱུང་ངོ་།།
༨༽ རྒྱུད་ ༼པུ༽ པ་ལ། བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གང་ཡང་མི་གསལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༢༥ ནས་ ༡༢༦ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[13]། བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༦༢ན། ༦༢བ། བར་བཞུགས་པར་གསལ་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༩༽ རྒྱུད་ ༼པུ༽ པ་ལ། ཐེ་ཚོམ་མེད་པར་འགྲུབ་པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༢༦ ནས་ ༡༢༧ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[14]། ཐེ་ཚོམ་མེད་པར་འགྲུབ་པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༦༢བ། ༦༣ན། བར་བཞུགས་པ་དང་། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༠༽ རྒྱུད་ ༼པུ༽ པ་ལ། བསྒྲུབ་བྱ་སྐྲག་པའི་ལས་ཆུ་ཐིགས་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༢༧ ནས་ ༡༢༨ བར་བཞུགས་སོ།།
༡༡༽ རྒྱུད ༼པུ༽ པ་ལ། འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་པའི་ཆོ་ག་འགལ་བ་མེའི་འཁོར་ལོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༢༩ ནས་ ༡༣༠ བར་བཞུགས་སོ།།
༡༢༽ རྒྱུད་ ༼པུ༽ པ་ལ། ཀླུའི་ཆར་དབབ་པ་བདུད་རྩིའི་རྒྱུན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༥༦ ནས་ ༡༥༦ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[15]། ཀླུའི་ལས་ཆར་དབབ་པ་བདུད་རྩིའི་རྒྱུན། དཔལ་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༧༨བ། ༧༩ན། བར་བཞུགས་ཤིང་། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༣༽ རྒྱུད་ ༼པུ༽ པ་ལ། ཀླུ་རྣམས་མཉེས་པར་བྱེད་པ་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༥༦ ནས་ ༡༥༩ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[16]། ཀླུ་རྣམས་མཉེས་པར་བྱེད་པ་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་ཐིགས་པ། དཔལ་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༧༩ན། ༨༠བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༤༽ རྒྱུད་ ༼པུ༽ པ་ལ། སེམས་ཅན་བསྲུང་བའི་ལས་སྤྲིན་དྲལ་བའི་འབྱུང་བ་གཅོད་བྱེད་ཅེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༥༩ ནས་ ༡༥༩ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[17]། སེམས་ཅན་བསྲུང་བའི་ལས་སྤྲིན་དྲལ་བའི་འབྱུང་བ་གཅོད་བྱེད། དཔལ་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༨༠བ། ༨༠བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༥༽ རྒྱུད་ ༼པུ༽ པ་ལ། བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲི་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༦༧ ནས་ ༡༦༩ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[18]། བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲི། དཔལ་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༨༥ན། ༨༦ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༦༽ རྒྱུད་ ༼པུ༽ པ་ལ། འཇིག་རྟེན་གྱི་ལྷ་མཉེས་པར་བྱེད་པ་དོན་གྲུབ་པ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༨༧ ནས་ ༡༨༩ བར་བཞུགས་སོ།།
༡༧༽ རྒྱུད་ ༼པུ༽ པ་ལ། ཚོགས་བདག་གི་སྒྲུབ་པ་དབུལ་བ་གཏེར་སྦྱིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༩༥ ནས་ ༡༩༦ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[19]། ཚོགས་བདག་གི་སྒྲུབ་པ་དབུལ་བ་གཏེར་སྦྱིན། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༠༠ན། ༡༠༡ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༡༨༽ རྒྱུད་ ༼པུ༽ པ་ལ། གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༡༩༧ ནས་ ༢༠༠ བར་བཞུགས་སོ།།
༡༩༽ རྒྱུད་ ༼པུ༽ པ་ལ། གཟའི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་བྱེད་ཅེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༠༠ ནས་ ༢༠༡ བར་བཞུགས་སོ།།
༢༠༽ རྒྱུད་ ༼པུ༽ པ་ལ། གཟའ་བརྒྱད་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་ཆོ་ག་འདོད་པ་རབ་ཏུ་ཞི་བ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༠༡ ནས་ ༢༠༢ བར་བཞུགས་སོ།།
༢༡༽ རྒྱུད་ ༼པུ༽ པ་ལ། རྒྱུ་སྐར་ངན་པ་ཟློག་པར་བྱེད་པའི་ཆོ་ག །དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༠༢ ནས་ ༢༡༠ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[20]། རྒྱུ་སྐར་ངན་པ་ཟློག་པར་བྱེད་པའི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༠༥བ། ༡༠༨ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༢༽ རྒྱུད་ ༼པུ༽ པ་ལ། རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༡༠ ནས་ ༢༡༢ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[21]། རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༠༨ན། ༡༠༩ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༣༽ རྒྱུད་ ༼པུ༽ པ་ལ། ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ཐར་བར་བྱེད་པ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༡༣ ནས་ ༢༡༦ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[22]། ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ཐར་བར་བྱེད་པ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༡༠བ། ༡༡༡བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༤༽ རྒྱུད་ ༼པུ༽ པ་ལ། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ[23]། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༡༦ ནས་ ༢༡༧ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[24]། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༡༡བ། ༡༡༢ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༥༽ རྒྱུད་ ༼པུ༽ པ་ལ། ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་གསང་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་གས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༡༧ ནས་ ༢༢༡ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[25]། ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་གསང་བ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༡༢ན། ༡༡༤བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༦༽ རྒྱུད་ ༼པུ༽ པ་ལ། སྒྲ་ལ་གནས་པའི་བསམ་གཏན་ཞེས་བྱ་བ། སློབ་དཔོན་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༣༠ ནས་ ༢༣༥ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[26]། སྒྲ་ལ་གནས་པའི་བསམ་གཏན། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༡༩ན། ༡༢༢བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༧༽ རྒྱུད་ ༼པུ༽ པ་ལ། སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༣༥ ནས་ ༢༤༠ བར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[27]། སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༢༢བ། ༡༢༥བ། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།།
༢༨༽ རྒྱུད་ ༼པུ༽ པ་ལ། སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བ་བཅད་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[28]། སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བ་བཅད་པ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༢༥བ། ༡༢༩ན། བར་བཞུགས་ལ། ཇོ་བོའི་གསུང་ཡིན་པར་གསལ་ལོ།། (གོང་གསལ་ཆོས་ཚན་ཨང་ ༣ ནས་ཨང་ ༢༨ བར་རྣམས་ནི། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་ནང་ཚན་ཡིན།)
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༦ སྒྲུབ་ཐབས། ༡༠༨ ལྡེབ་ ༡༦ན༦ ནས་ ༩༦ན༧ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༤ སྒྲུབ་ཐབས། ༡༠༨ ལྡེབ་ ༡༧ན༨ ནས་ ༡༠༨བ༧ བར་ཡིག་ཕྲེང་ ༤༥ ཚེག་ཁྱིམ་ ༡༥༢༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༤ སྒྲུབ་ཐབས། ༡༠༨ ལྡེབ་ ༡༦ན༦ ནས་ ༡༠༢ན༤ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༥༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༦ སྒྲུབ་ཐབས། ༡༠༨ ལྡེབ་ ༡༥བ༢ ནས་ ༩༧ན༢ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་། ༣༨ པའི་ཤོག་གྲངས་ ༢༤༠ ནས་ ༢༤༦ བར་བཞུགས་ཤིང་། གོང་གསལ་རྒྱུད་ ༼པུ༽ ནང་གསལ་བའི་ཆོས་ཚན་ ༣༨ རྣམས་སྒྲུབ་ཐབས་བརྒྱ་རྩའི་ཁོངས་སུ་གསལ་བ་རྣམས་ཡིན་ཅིང་། ཆོས་ཚན་དེ་དག་སོར་བསྡུར་འབྲས་མེད་པར་ཐུན་མོང་དུ་གཅིག་ལྕོགས་སུ་བཀོད་པ་ལགས་སོ།།
༢༩༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་ཝཱི་བྷ་བ་ན་བི་དྷིསྟ་ར། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། སློབ་དཔོན་ཆེན་པོ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[29]། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། སློབ་དཔོན་ཇོ་བོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་བསྒྱུར། ལྡེབ་གྲངས་ ༤༥༧ན། ༤༦༦ན། བར་བཞུགས་པར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༢ ལྡེབ་ ༣༡༧ན༥ ནས་ ༣༢༢བ༡ བར་ཡིག་ཕྲེང་ ༧༤ ཚིག་རྐང་། ༡༣-༣༠༡། ཚེག་ཁྱིམ་ ༤༠༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༣ ལྡེབ་ ༤༡༧བ༧ ནས་ ༤༢༤བ༢ བར་ཡིག་ཕྲེང་ ༡༠༨ ཚིག་རྐང་། ༡༣-༣༠༡། ཚེག་ཁྱིམ་ ༤༠༧༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༣ ལྡེབ་ ༣༧༡ན༤ ནས་ ༣༧༦བ༣ བར་ཡིག་ཕྲེང་ ༧༦ ཚིག་རྐང་། ༡༣-༣༠༡། ཚེག་ཁྱིམ་ ༤༠༧༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༢ ལྡེབ་ ༣༢༤ན༤ ནས་ ༣༢༩བ༡ བར་ཡིག་ཕྲེང་ ༧༤ ཚིག་རྐང་། ༡༣-༣༠༡། ཚེག་ཁྱིམ་ ༤༠༦༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ པའི་ཤོག་གྲངས་ ༡༤༥༡ ནས་ ༡༤༦༤ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ༡༩༩༥ ལོ། ཤོག་གྲངས་ ༡༠༧༣
[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༢༡
[3] མྱ་ངན་ལས་འདའ་བ་བཞི་ཡོད་དེ། མར་མེ་མཛད་བཟང་པོ་དང་། རབ་ཏུ་ཞི་བའི་བཤེས་གཉེན་དང་། སྒྲ་གཅན་འཛིན་བཟང་པོ་དང་། རྡོ་རྗེ་བདེ་བ་ཆེན་པོ་འོ། །དེ་རྣམས་བདག་ཅག་གི་དང་པོའི་གཞུང་ལྟར་དེ་བླ་མ་ཆེན་པོའི་རིམ་པ་ཇི་བཞིན་པའི་ཕྱིར་རོ། །ཞེས་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པའི་མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པའི་ཤོག་ ༡༡༩༤ ལས་འབྱུང་ངོ་།།
[4] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༧༤
[5] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༡༣བ༤
[6] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༦
[7] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༦
[8] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༦
[9] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༧
[10] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༧
[11] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༧
[12] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༤༩བ༡
[13] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༨
[14] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༨
[15] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༡
[16] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༡
[17] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༡
[18] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༢
[19] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༢
[20] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥
[21] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥
[22] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥
[23] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ༢༠༠༨ ལོ། ཤོག་གྲངས་ ༢༡༧ ཐོག་གི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པའི་མཇུག་བྱང་དུ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ་ཞེས་གསལ་ལོ།།
[24] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥
[25] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥
[26] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༦
[27] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༦
[28] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༦
[29] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༧༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༩ ནས་ ༡༦༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།