༠༦ རྒྱལ་སྲས་ཞི་བ་ལྷའི་གསུང་འབུམ།

ལྷན་ཅིག་སྐྱེས་པའི་གླུ།

༄༅༅། །རྒྱ་གར་སྐད་དུ། ས་ཧཱ་ཛ་གཱི་ཏི། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་གླུ།བླ་མ་དམ་པ་ལ་ཕྱག་འཚལ་ལོ། །སྟོང་པའི་ནགས་ལས་མེ་ཏོག་རབ་རྒྱས་པ། །མེ་ཏོག་གཅིག་ལ་ཁ་དོག་སྣ་ཚོགས་ཏེ། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག༌དང་། །དེ་ལ་རྩ་བ་མེད་ཅིང་ཡལ་འདབ་མེད། །གྲོགས་དག་སེར་ཁ་བཟང་པོའི་ཕྱོགས་རྒྱལ་ལྟོས། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག༌དང་། །གེ་སར་བླངས་པ

མུ་མཐུད་ཀློགས།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

༄༅༅། །རྒྱ་གར་སྐད་དུ། བོ༌དྷི་སཏྭ་ཙརྱ༌ཨ་བ་ཏཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། ། ཕྱག་འོས་ཀུན་ལའང་གུས་པར༌ཕྱག་འཚལ་ཏེ། ། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། ། ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། ། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། ། དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། ། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། ། འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། ། བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། ། ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། ། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། ། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། ། ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །

མུ་མཐུད་ཀློགས།

སྤྱོད་འཇུག་སྨོན་ལམ་དབྱིན་བོད་ཤན་སྦྱར།

༄༅།།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བཞུགས་སོ།། 《 入 菩 薩 行 論 · 迴 向 品 》寂 天 菩 萨 造 བདག་གིས་བྱང་ཆུབ་སྤྱོད་པ་ལ།། 達吉 強秋 訣巴拉 我於趣入菩薩行 འཇུག་པ་རྣམ་པར་བརྩམས་པ་ཡི།། 糾巴 南巴 贊巴宜 造作論說一切善 དགེ་བ་གང་དེས་འགྲོ་བ་ཀུན།། 給哇 扛喋 卓哇袞 以此願令諸有情 བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག། 強秋 訣拉 糾巴修 皆得趣入菩薩行

མུ་མཐུད་ཀློགས།

བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་སཾ་བོད་ཤན་སྦྱར་དུ་བཀོད་པ།

༄༅། །བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་སཾ་བོད་ཤན་སྦྱར་དུ་བཀོད་པ། शिक्षासमुच्चय कारिका མཛད་པ་པོ། མཁན་པོ་ཞི་བ་ལྷ། བསྒྱུར་ཅིང་ཞུས་ཏེ་གཏན་ལ་འབེབས་པ་པོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། སླད་ཀྱིས་ཞུ་དག་པ། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ ། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ། ༄༅། །རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ་ཀཱ་རི་ཀཱ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ།

མུ་མཐུད་ཀློགས།