གསུང་འབུམ་དཀར་ཆག

རྒྱལ་སྲས་ཞི་བ་ལྷའི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ་གཞན།

དེ་འཕྲོས་སྒྲ་སྒྱུར་ལོ་ཙཱ་བ་རྣམས་ནི། ༡༠༽ སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ་ལོ་ཆེན་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྐབས་སུ་བཀོད་ཟིན།

མུ་མཐུད་ཀློགས།

༩༽ འགོས་ལོ་ཙཱ་བ་གཞོན་ནུ་དཔལ།

༩༽ འགོས་ལོ་ཙཱ་བ་གཞོན་ནུ་དཔལ།   དེ་ཡང་སྤྱན་སྔ་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་ (1453-1524) མཛད་པའི་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུའི་ཞབས་ལ་བསྟོད་པ་ལས[1]། བླ་མེད་བྱང་ཆུབ་སེམས་ལ་ཐུགས་རྒྱུད་སྦྱངས། ། མང་དུ་ཐོས་ཤིང་སྒྲུབ་པ་སྙིང་པོར་མཛད། ། འཇིག་རྟེན་ལས་འདས་ཕུན་ཚོགས་ཀུན་མངའ་བའི། ། ནམ་མཁའ་བློ་གྲོས་ཞབས་ལ་མགོས་ཕྱག་འཚལ། །

མུ་མཐུད་ཀློགས།

༨༽ ལོ་ཙཱ་བ་ཐར་ལོ་ཉི་མ་རྒྱལ་མཚན།

༨༽ ལོ་ཙཱ་བ་ཐར་ལོ་ཉི་མ་རྒྱལ་མཚན།   གཙུག་ཏོར་གདུགས་དཀར་འདོན་ཐབས་སམ་སངས་རྒྱས་རྣལ་འབྱོར་དུ་བྱེད་པའི་མན་ངག་ལས[1]། དབུས་འགྱུར་ཚལ་དུ་བྷོ་ཊའི་བཙུན་གཅིག་པུར། ། གྲགས་པའི་རྔ་གསང་མཐོ་བའི་འཇིག་རྟེན་མིག ། ཐར་པ་ལོ་ཙཱ་ཉི་མ་རྒྱལ་མཚན་གྱི། ། གདམས་པ་ཟབ་མོ་བུ་སྟོན་ཡབ་སྲས་ལས། །

མུ་མཐུད་ཀློགས།

༧༽ ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་བ།

༧༽ ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་བ།   ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་མཚན་མཆོག་ནི། (འདི་མ་གཅིག་ཞ་མ་མིན།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད།

མུ་མཐུད་ཀློགས།