༡༽ མར་མེ་མཛད་བཟང་པོའི་གསུང་གི་མཚན་བྱང་།
༡༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དང་། ༢༽ སྲུང་བའི་འཁོར་ལོའི་སྒྲུབ་ཐབས། ༣༽ ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ༤༽ བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཟབ་མོ། ༥༽ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ། ༦༽ ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པའི་ལམ་སྟོན་པར་བྱེད་པ།
༧༽ འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་རབ་ཏུ་གནས་པའི་ཆོ་ག །༨༽ བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན། ༩༽ ཐེ་ཚོམ་མེད་པར་འགྲུབ་པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ། ༡༠༽ བསྒྲུབ་བྱ་སྐྲག་པའི་ལས་ཆུ་ཐིགས། ༡༡༽ འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་པའི་ཆོ་ག་འགལ་བ་མེའི་འཁོར་ལོ། ༡༢༽ ཀླུའི་ཆར་དབབ་པ་བདུད་རྩིའི་རྒྱུན། ༡༣༽ ཀླུ་རྣམས་མཉེས་པར་བྱེད་པ་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ། ༡༤༽ སེམས་ཅན་བསྲུང་བའི་ལས་སྤྲིན་དྲལ་བའི་འབྱུང་བ་གཅོད་བྱེད། ༡༥༽ བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲི།
༡༦༽ འཇིག་རྟེན་གྱི་ལྷ་མཉེས་པར་བྱེད་པ་དོན་གྲུབ་པ། ༡༧༽ ཚོགས་བདག་གི་སྒྲུབ་པ་དབུལ་བ་གཏེར་སྦྱིན། ༡༨༽ གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན། ༡༩༽ གཟའི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་བྱེད། ༢༠༽ གཟའ་བརྒྱད་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་ཆོ་ག་འདོད་པ་རབ་ཏུ་ཞི་བ། ༢༡༽ རྒྱུ་སྐར་ངན་པ་ཟློག་པར་བྱེད་པའི་ཆོ་ག །༢༢༽ རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ། ༢༣༽ ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ཐར་བར་བྱེད་པ། ༢༤༽ ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ། ༢༥༽ ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་གསང་བ། ༢༦༽ སྒྲ་ལ་གནས་པའི་བསམ་གཏན། ༢༧༽ སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ། ༢༨༽ སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བ་བཅད་པ། ༢༩༽ འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། བཅས་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་ཆོས་ཚན་ ༢༩ བཞུགས་ལ། ཆོས་ཚན་ ༣ པ་ནས་ ༢༨ བར་ནི་རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་ནང་ཚན་ཡིན་ནོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༤ ནས་ ༡༦༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།