༢༽ ལོ་ཙཱ་བ་བནྡེ་བཟང་སྐྱོང་།
ལོ་ཙཱ་བ་བནྡེ་བཟང་སྐྱོང་མཆོག་ནི། ལེགས་སྦྱར་གྱི་མཚན་ལ་དགེ་སློང་བྷ་དྲ་པཱ་ལ་དང་། བོད་སྐད་དུ་ལོ་ཙཱ་བ་བཟང་སྐྱོང་ཞེས་ཞུ། ཕྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན་ལ། སྒྲ་སྒྱུར་ལ་མཁས་པར་མཁྱེན་པས་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་ནི། བཀའ་འགྱུར་ལས། འཕགས་པ་ཉི་མའི་སྙིང་པོ་བམ་པོ་བཅུ་གསུམ་པ་དང༌། འཕགས་པ་རྡོ་རྗེ་འཕགས་པའི་མདོ་བམ་པོ་གཉིས་པ།
འཕགས་པ་སྐྱེས་བུ་དམ་པའི་མདོ་ཤླཽ་ཀ་ཉིས་བརྒྱ་པ། བསྟན་འགྱུར་ལས། གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་བཙུན་པ་དབྱིག་གི་བཤེས་གཉེན་གྱིས་མཛད་པ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བཅས་བཞུགས་སོ།།[1] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༣༡༠། ༣༡༡ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༤ ནས་ ༣༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།