ཁ༽ རྒྱལ་སྲས་ཞི་བ་ལྷའི་གསུང་གི་མཚན་བྱང་།
དེ་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་རྒྱུད་དང་། དབུ་མ། མདོ་སྡེ། སྣ་ཚོགས་བཅས་སྡེ་ཚན་བཞི་ཡི་ནང་དུ་ཆོས་ཚན་ ༡༣ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་དྲུག་སྟེ། ༡ གྲུབ་མཐའ་བདུན་པ་དང་། ༢ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ།
༣ དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། ༤ ལྷན་ཅིག་སྐྱེས་པའི་གླུ། ༥ བདེ་མཆོག་འཁོར་ལོའི་ཊཱིཀ་དང་། ༦ བདེ་གཤེགས་འཁོར་ལོའི་སྒྲུབ་པའི་ཐབས་བཅས་སོ།།
གཉིས་པ་དབུ་མའི་སྐོར་ལ་ཆོས་ཚན་ ༤ སྟེ། ༡ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། ༢ བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། ༣ བསླབ་པ་ཀུན་ལས་བཏུས་པ། ༤ བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་བཅས་དང་། གསུམ་པ་མདོ་སྡེའི་སྐོར་ལ་ཆོས་ཚན་གཅིག་སྟེ། ༡ འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ། བཞི་པ་སྣ་ཚོགས་ཀྱི་སྐོར་ལ་ཆོས་ཚན་གཉིས་ཏེ། ༡ མོ་རྩིས་འཇམ་པའི་དབྱངས་ཞེས་བྱ་བ་དང་། ༢ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་བཅས་ཁྱོན་ཆོས་ཚན་ཁག་ ༡༣ བཞུགས་ལས། བསྟན་འགྱུར་ནང་དུ་སྤྱོད་འཇུག་གི་སྨོན་ལམ་ཆོས་ཚན་གཅིག་ཏུ་བརྩིས་ནས་ལོགས་སུ་བཞུགས་པ་ལྟར་འདིར་ཡང་དེ་ལྟར་བྱས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༧ ནས་ ༧༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།