༄༅། །ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རཱ་ཤི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་ལས།

 

ཁལ་མུག་ཏུ་གཙུག་ལག་ཁང་དང་པཎ་གྲུབ་བཅུ་བདུན་གྱི་སྐུ་བརྙན་བཞེངས་པ་ནས་ད་ལན་མགོན་པོ་ཀླུ་སྒྲུབ་ཀྱི་འདྲ་སྐུ་མཇལ་རྒྱུ་བྱུང་བ་རེད། ཁལ་མུག་གནམ་གཤིས་གྲང་མོ་ཡིན་སྟབས་མགོན་པོ་ཀླུ་སྒྲུབ་སྐུ་བསིལ་གྱི་མེད་དམ་སྙམ་པ་དྲན་བྱུང་།

གང་ལྟར་མགོན་པོ་ཀླུ་སྒྲུབ་གཙོ་བོར་གྱུར་པའི་པཎ་གྲུབ་བཅུ་བདུན་རྣམས་ཞལ་བཞུགས་མེད་ཀྱང་། པཎ་གྲུབ་དེ་དག་གི་གསུང་རྣམས་ད་ལྟ་ཡང་སློབ་སྦྱོང་བྱ་རྒྱ་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ནི་ཧ་ལས་པ་ཞིག་ཆགས་ཡོད། དེས་ན་མགོན་པོ་ཀླུ་སྒྲུབ་བྱོན་ནས་ལོ་ངོ་སྟོང་ཕྲག་ཕྱིན་ཡོད་ཀྱང་གསུང་དེ་དག་གིས་ད་དུང་ཡང་གསོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། ངོས་ཀྱི་བསམ་བློའི་ནང་རྩ་བ་ཤེས་རབ་དང་། རིན་ཆེན་ཕྲེང་བ་སོགས་ལ་རྟག་ཏུ་བསམ་བློ་བཏང་སྟེ་སེམས་ཐག་ཧ་ཅང་ཉེ་པོ་ཆགས་སྐབས་མགོན་པོ་ཀླུ་སྒྲུབ་ཉེ་འཁྲིས་སུ་ཡོད་པ་ལྟ་བུའི་སྣང་བ་འཆར་གྱི་འདུག དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པ་དང་། རྒྱལ་སྲས་ཞི་བ་ལྷ་ཡང་དེ་བཞིན་རེད། ཅེས་བཀའ་སྩལ་ཏོ།།  །།

Leave a Reply

Your email address will not be published. Required fields are marked *