སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིལ་བུ་མི་མཐུན་ཀུན་འཇོམས་ནི། ཐར་ནུ་བཟང་བ་མཐེབ་ཚིགས་ཙམ། །དུར་བྱེད་དེ་དང་མཉམ་པ་གཅིག །རུ་རྟ་མགྲོན་བུ་ཆེ་བ་ཙམ། །ཤུ་དག་དེ་ལས་བག་ཙམ་ཆུང་། །ཨ་རུ་གསེར་མདོག་བཟང་བ་བཞི། །དེ་ཡི་བརྒྱད་ཆའི་སྨན་ཆེན་དང་། །གུ་གུལ་བཟང་བ་མགྲོན་བུ་ཙམ། །བྲག་ཞུན་བཟང་བ་མཐེབ་ཚིགས་ཙམ། །དན་རོག་རྡོག་པོ་ལྔ་ཡང་བཏང་། །
གླ་རྩི་བུལ་ཏོག་ཐུན་རེ་རེ། །སྦྲང་ངམ་བུ་རམ་གང་རུང་རྟ་བྱས་ལ། །མཛོ་མོའི་འོ་མས་སྤྲུས་བྱས་ཏེ། །རིལ་བུ་བྲ་རིལ་ཙམ་དུ་སྒྲིལ། །སྨན་ལྟོ་ཆེ་ན་ཉེར་གཅིག་དང་། །འབྲིང་བུ་བཅུ་བདུན་ཆུང་གྱུར་ན། །རིལ་བུ་བཅུ་གཅིག་གཏོང་བར་བྱ། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ཀུན་གྱི་གཉན་མགོ་བླ་མེད་ཡིན། །ཁྱད་པར་སྟེང་གདོན་འོག་གདོན་འཇོམས། །བད་ཀན་སྐྱ་སྨུག་སེར་གསུམ་འཇོམས། །མ་ཞུ་སྐྲན་དང་མགྲིན་སྐད་དང་། །ཁྲག་འགྲིལ་རིམས་འཁྲུགས་འབྲུམ་བུ་ནི། །དཀར་ནག་གག་ལྷོག་འབྲས་བུ་འཇོམས། །ཤུ་བ་བེམ་དང་གཡན་པ་དང་། །ཆུ་སེར་བསགས་པའི་ནད་ཀུན་འཇོམས། །རླུང་གི་ནད་ལ་མཆོག་ཏུ་འགྱུར། །སྦྲུམ་མ་དག་ལའང་བཏང་པས་མཆོག །རྒྱལ་བ་མགྲོན་པོ་དག་ལའང་བཏང་དུ་བཏུབ། །ཤིན་ཏུ་ནད་རྒྱས་གྱུར་པ་ལ། །དྲུག་ཅུ་མན་ཆད་ནང་རེ་བཏང་། །མ་ཟུག་མི་འཁྲུ་ཟུག་ན་འཁྲུ། །འདི་ལ་རྣམ་རྟོག་བྱ་མི་དགོས། །ནམ་ལངས་ཚ་གྲང་རྩི་མི་དགོས། །ནད་ཀུན་འཇོམས་པའི་བདུད་རྩིའོ། །ཤིན་ཏུ་ཟབ་པའི་རིལ་བུ་འདི། །མི་མཐུན་ཀུན་འཇོམས་ཞེས་བྱ་བ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཁྱད་ཆོས། ཨྠིྀ།། །།

དཔལ་ནཱ་ལེནྡྲ། བྱོན་པ་ལེགས།