བཅུ་པ། བཟོ་རིག་སྐོར།
གཞན་རྗེས་སུ་འཛིན་པའི་གཉིས་པ་བཟོ་རིག་པའི་བསྟན་བཅོས།
༡༣༩༽ སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་དུ། དུ་པ་ཡོ་ག་རཏྣ་མ་ལ་ན་མ། བོད་སྐད་དུ། སྤོས་སྦྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༧ ལྡེབ་ ༢༩བ༡ ནས་ ༢༩བ༤ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༡ ཚེག་ཁྱིམ་ ༡༥༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༧ ལྡེབ་ ༢༨བ༤ ནས་ ༢༨བ༧ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༡ ཚེག་ཁྱིམ་ ༡༦༧། ག༽ བསྟན་འགྱུར་དཔེ་བསྡུར་མ། གསོ་བ་རིག་པ། ༼ཧེ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༣༧ ནས་ ༩༣༧ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་སྡེ་དགེ་དང་། ཅོ་ནེ་བསྟན་འགྱུར་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༡༤༠༽ སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པ་བཞུགས། གཞུང་གི་མཇུག་བྱང་ལས[1]། དེ་ལྟར་ཁོ་བོས་ཁྱོད་ལ་ཕན་པར་བྱ་ཕྱིར་སྣ་ཚོགས་རྣམ་པར་བརྟག་བྱས་པ། བདེ་བར་གཤེགས་པའི་ཕོ་བྲང་རྐྱེན་དུ་འོས་པའི་དྲི་དང་བདུག་པའི་སྦྱོར་བ་ཡིན། །དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་སྣར་ཐང་པུཎྱ་རསྨིས་བསྒྱུར་བར་གསལ་ལོ། །མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[3]། བཙུན་མོའི་དོན་དུ་སྤོས་ཡིག་ལ་སོགས་པ་མཛད། ཅེས་སྤོས་སྦྱོར་འདི་དག་བཙུན་མོའི་དོན་དུ་མཛད་པར་གསུངས་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༧ ལྡེབ་ ༡༨ན༢ ནས་ ༡༨བ༢ བར་ཡིག་ཕྲེང་ ༨ ཚིག་རྐང་ ༡༥-༤། ༡༧-༢༠ ཚེག་ཁྱིམ་ ༤༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༨ ལྡེབ་ ༢༩བ༤ ནས་ ༣༠ན༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༡༥-༤། ༡༧-༢༠ ཚེག་ཁྱིམ་ ༤༣༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༨ ལྡེབ་ ༢༨བ༧ ནས་ ༢༩བ༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༡༥-༤། ༡༧-༢༠ ཚེག་ཁྱིམ་ ༤༣༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༧ ལྡེབ་ ༡༨བ༢ ནས་ ༡༩ན༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༡༥-༤། ༡༧-༢༠ ཚེག་ཁྱིམ་ ༤༣༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༣༩ ནས་ ༩༤༠ བར་བཞུགས་པ་བཅས་སོ།།
༡༤༡༽ བཟོ་རིག་དང་བཅས་པའི་སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུཏྤཱ་དཱ་ནཱ་མ་ཙཀྲ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་བཞུགས་སམ། ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། སྡེ་བསྟན་དཀར་ཆག་ལས[4]། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ ༼མ་བྱུང༌།༽ ལག་གི་དེ་ཁོ་ན་ཉིད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བུདྡྷ་ཀ་ར་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༡༠ ལྡེབ་ ༣༢བ༣ ནས་ ༤༢བ༨ བར་ཡིག་ཕྲེང་ ༡༦༦ ཚེག་ཁྱིམ་ ༧༧༥༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༡༠ ལྡེབ་ ༣༡བ༥ ནས་ ༤༢ན༥ བར་ཡིག་ཕྲེང་ ༡༤༨ ཚེག་ཁྱིམ་ ༧༧༥༣། ག༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༤༩ ནས་ ༩༧༡ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་སྡེ་དགེ་དང་། ཅོ་ནེ་བསྟན་འགྱུར་གྱི་པར་མ་གཉིས་སུ་མི་གསལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༡༩༩༤ ལོ། ཤོག་གྲངས་ ༩༤༠
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༩༦
[3] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[4] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༠༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༥ ནས་ ༢༢༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།