དྲུག་པ། འདུལ་བའི་སྐོར།
གསུམ་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་
དགོངས་འགྲེལ་ལ། བཀའ་སོ་སོའི་དགོངས་འགྲེལ་དང་། སྤྱིའི་དགོངས་འགྲེལ་
གཉིས་ཀྱི་བཀའ་ལུང་སོ་སོའི་དགོངས་འགྲེལ་ལ། རྩ་བའི་ལུང་གི་
དགོངས་འགྲེལ་དང་། བཤད་པའི་ལུང་གི་དགོངས་འགྲེལ་
གཉིས་ལས། དང་པོ་ལ། རྩ་བའི་ལུང་སོ་སོར་
ཐར་པའི་དགོངས་འགྲེལ་ནི།
༡༢༩༽ འདུལ་བ་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨསྟི་བཱ་དེ་ཤྲ་མ་ཎེ་ཀཱ་རི་ཀཱ། བོད་སྐད་དུ།
འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། (ལྔ་བཅུ་པ།) སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྡེ་བསྟན་དཀར་ཆག་ལས[1]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་འདུན་བཟང་པོས་མཛད་ཀྱང་ཟེར་བ། ཞེས་བྱུང་བ་ལྟར། བསྟན་བཅོས་འདི་ཉིད་འཕགས་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་བཞེད་ཀྱང་། འགའ་ཞིག་གིས་ཁ་ཆེའི་བྱེ་བྲག་སྨྲ་བའི་སློབ་དཔོན་དགེ་འདུན་བཟང་པོས་མཛད་པར་བཞེད། གཞུང་འདིའི་མཚན་ལ་ལར་ཀཱ་རི་ཀཱ་ལྔ་བཅུ་པ་ཞེས་འབྱུང་བ་ལྟར་གཞུང་ཚད་ཀྱི་ཆ་ནས་མཚན་བཏགས་པ་གྲགས་ཆེ་ཡང་། གཞུང་གི་དཀྱུས་སུ་ཤླཽ་ཀ་དྲུག་ཅུ་ལྷག་ཙམ་བཞུགས་པས་ན། མཚན་འདི་ཉིད་གཞུང་ཚད་ཀྱི་ཆ་ནས་བཏགས་མིན་ལ་བརྟག་དགོས་ལ། འདི་ལ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཀལྱཱ་ལི་ཏྲས་མཛད་པའི་འགྲེལ་པ་སོགས་ཀྱང་བཞུགས་ཤིང་། བསྟན་བཅོས་འདི་ཉིད་རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼སུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤བ༣ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༢༥༦ ཚེག་ཁྱིམ་ ༡༩༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀཱ་རི་ཀཱ། པོད་རྟགས། ༼ཨུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༥ན༤ བར་ཡིག་ཕྲེང་ ༥༥ ཚིག་རྐང་ ༧-༢༥༦ ཚེག་ཁྱིམ་ ༡༩༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༥བ༤ བར་ཡིག་ཕྲེང་ ༤༨ ཚིག་རྐང་ ༧-༢༥༦ ཚེག་ཁྱིམ་ ༡༩༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼སུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤བ༣ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༧-༢༥༦ ཚེག་ཁྱིམ་ ༡༩༡༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༩༣ པ། ཤོག་གྲངས་ ༧༢༥ ནས་ ༧༣༡ བར་བཞུགས་པ་བཅས་སོ།།
༡༣༠༽ འདུལ་བ་ ༼སུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། བསླབ་པ་བཅུའི་ཆོ་ག །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། རྩེ་ཐང་ལོ་ཙཱ་བ་གཞོན་ནུའི་འགྱུར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼སུ༽ ཚན་གྲངས་ ༢༢ ལྡེབ་ ༢༥༢བ༦ ནས་ ༢༥༤བ༣ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༡༠༠༨། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼སུ༽ ཚན་གྲངས་ ༢༢ ལྡེབ་ ༢༥༡བ༦ ནས་ ༢༥༢ན༧ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༡༠༠༨། ག༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༩༣ པ། ཤོག་གྲངས་ ༡༤༤༣ ནས་ ༡༤༤༤ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་དང་། སྣར་ཐང་པར་མ་གཉིས་སུ་མི་གསལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༧༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༡ ནས་ ༢༡༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།