༄༅། །བྱིས་པའི་ནད་ལ་བཅོས་ཐབས་བཞུགས་སོ།།[1]
༄༅། །ན་མོ་གུ་རུ་པདྨ་སིདྷ་ཡ། མཁས་པ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱིས་པའི་ནད་ལ་བཅོས་ཐབས་ནི། མིའི་གླུད་ནག་རེ་ཝ་ནག་གཅིག་གི་བཞོན། སྟེང་གི་བྱ་ནག་ལྡིང་བ། ལག་པ་གཡས་ལ་ཁྲམ་ཤིང་ནག་པོ་འཛིན་པ། གཡོན་དུ་ཝ་ནག་ཁྲིད་པ། སྦྱིན་བདག་གི་གླུད་དང་ལན་ཆགས་མཐེབ་ཀྱུ་གསུམ་གསུམ་བཤམས་པ་དང་། །དང་པོ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས།
ཤེར་སྙིང་ཚེ་གྲངས། རང་ཉིད་རྡོ་རྗེ་སེམས་དཔར་གྱུར། །ཨཱ་མྲྀ་ཏས་བསངས། སྭབྷ་ཝས་སྦྱངས། སྟོང་པའི་ངང་ལས་གླུད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨཱཿཧཱུཾ་སྭཱཧཱ། ལན་གསུམ་བརྗོད། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་x དགེ་འདུན་གྱི་x གསང་སྔགས་དང་། རིགས་སྔགས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་འདི་བྱིས་པའི་ནད་གདོན་བདུད་གྲིབ་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་ཧཱུཾ་ཛཿཛཿ ལན་གསུམ་བརྗོད། ཨོཾ་མཎི་ཙི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་ས་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཉེར་གཅིག་བཟླས། ཨོཾ་སུམྦྷཱ་ནི། ཞེས་པ་ནས། ཧཱུྃ་ཕཊ། མེ་ཏོག་འཐོར་བ་ལ་བགེགས་བྲལ་བར་བྱའོ། །
ཀྱཻ། ཡི་དམ་ལྷ་ཚོགས་མཐུ་སྟོབས་ཀྱིས། །མ་དང་མཁའ་འགྲོ་མཐུ་སྟོབས་ཀྱིས། །ཆོས་སྐྱོང་སྲུང་མ་མཐུ་སྟོབས་ཀྱིས། །མགོ་བོ་ཚལ་པ་བརྒྱ་རུ་འགས། །མགྲོན་དུ་འོས་པ་ཐམས་ཅད་ལ། །འདི་ཡི་གླུད་དེ་འདི་བཞེས་ལ། །ཁྱེད་ཅིག་མགུ་ཞིང་ཚིམ་གྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ལུས་ནི་དུམ་བུར་སྟོང་དུ་བཏུབ། །དེ་བས་རང་རང་གནས་སུ་དེངས། །འདྲེ་ལྔའི་ཕྱོགས་སུ་གཏོང་། །དེའི་མཇུག་ཏུ། ཤེར་སྙིང་འདོན་བཟློག་པ་བྱ། བསྲུང་འཁོར་ནི། ཨོཾ་མ་ཎི་དྷ་རི་x སྭཱཧཱ། ཨོཾ་བཛྲ་ཙཀྲ་རཀྵ་རཀྵཿ སྲུང་འཁོར་འདིའི་རྗེས་དངོས་གྲུབ་ཞུ་བར་བྱའོ། །འདི་མཁས་པ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཞལ་ཤེས་དམིགས་རིམ་འགའ་ཞིག་སོགས། ༼༡༽ ཤོག་གྲངས་ ༡༤༥ ནས་ ༡༤༨ བར་བཞུགས་པའི་དབུ་ཅན་བྲིས་མ་ཤོག་བུ་གཉིས་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།