ཆ) ཇོ་བོའི་གསུང་ཐོར་བུ་ལས་སྒྲུབ་ཐབས་སྐོར།
༡༽ རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སྱ་བྷ་ག་ཝ་ཏེ་ཨ་བྷི་ས་མ་ཡ། བོད་སྐད་དུ། བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ། མཛད་བྱང་ལས། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། (གསུང་འདི་ཉིད། བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས། ཇོ་བོའི་གསུང་ཆོས་ཀྱི་སྐོར། ཞེས་པའི་ཁྲོད་དུ་བཞུགས་པས་ཇོ་བོའི་གསུང་མིན་ནམ་སྙམ་མོད།
མཛད་བྱང་དུ་སློབ་དཔོན་རྒྱུ་ལྟོ་ཞབས་ཀྱིས་མཛད་པར་གསལ་བས་ཇོ་བོའི་གསུང་ཡིན་མིན་དཔྱད་དགོས།) །བལ་པོའི་མཁན་པོ་སུ་མ་ཀིརྟི་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༨༤༠ ནས་ ༨༥༠ བར་བཞུགས་ཤིང་། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
༢༽ མངོན་པར་རྟོགས་པ་རྣམ་པར་འབྱེད་པ། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་བི་བང་གྷ་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། མཇུག་བྱང་ལས། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པས་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས་རྩ་བའི་དཀྱིལ་འཁོར་ཆེན་པོ་མཛད་པའི་དོན་རྒྱུད་ལྟར་བཀྲོལ་བ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །པཎྜི་ཏ་ཆེན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༨༥༠ ནས་ ༨༧༧ བར་བཞུགས་སོ།།
༣༽ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། འདི་ཉིད་སློབ་དཔོན་མར་མེ་མཛད་དཔལ་བཟང་པོས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷེ་ར་བ་ས་དྷ་ན་ནོ་སེ་ཀ་སཾ་ཀྵི་བ་ཏ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྒྲུབ་པའི་ཐབས་མདོར་བསྡུས་པ། མཛད་བྱང་ལས[1]། སློབ་དཔོན་ཤྲཱི་བྷི་ཛྙཱས་མཛད་པ་རྫོགས་སོ། །ཞེས་བྱུང་བས་དཔྱད་དགོས་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༨༧༨ ནས་ ༨༨༢ བར་བཞུགས་སོ།།
༤༽ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པའི་ཐབས། མཛད་བྱང་ལས། དཔལ་ལྡན་འདུས་པའི་རྗེས་འབྲངས་ཏེ། །འཇིག་རྟེན་དབང་པོ་སྒྲུབ་པའི་ཐབས། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །མན་ངག་མདོར་བསྡུས་འདི་བཤད་ཡིན། །འཇིག་རྟེན་མགོན་པོ་སྒྲུབ་པའི་ཐབས། སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱི་མན་ངག་རྫོགས་སོ། །ཞེས་བྱུང་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༡༦ ནས་ ༠༡༨ བར་བཞུགས་སོ།།
༥༽ འཕགས་པ་ཡི་གེ་དྲུག་པའི་སྒྲུབ་པའི་ཐབས་བཞུགས། རྒྱ་གར་སྐད་དུ། ཨཱརྱ་ཥ་ཊ་ཀཱ་རི་སཱ་དྷ་ན། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་པའི་ཐབས། མཛད་བྱང་ལས། ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༡༨ ནས་ ༩༢༢ བར་བཞུགས་སོ།།
༦༽ འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས། རྒྱ་གར་སྐད་དུ། ཤྲཱི་ཧ་ཡ་གྲི་ཝ་སཱ་དྷ་ན། བོད་སྐད་དུ། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། མཇུག་བྱང་ལས། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་བཟང་ཡེ་ཤེས་ཀྱིས་མཛད་པ། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༠ ནས་ ༩༣༢ བར་བཞུགས་སོ།།
༧༽ རྒྱ་གར་སྐད་དུ། ཧ་ཡ་གྲི་བ་སཱ་དྷ་ན། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། མཇུག་བྱང་ལས། དཱི་པཾ་ཀ་རས་མཛད་པ། ལོ་ཙཱ་བ་གྱི་ཇོས་བསྒྱུར་བའོ། ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༥༨ ཕྲེང་ ༥ ནས་ ༩༥༩ ཕྲེང་ ༢ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།
༨༽ ཡི་གེ་བརྒྱ་པའི་སྒྲུབ་ཐབས། རྒྱ་གར་སྐད་དུ། ཤ་ཏ་ལི་ཁེ་སཱ་དྷཱ་ན། བོད་སྐད་དུ། ཡི་གེ་བརྒྱ་པའི་སྒྲུབ་ཐབས། མཇུག་བྱང་ལས། ཡི་གེ་བརྒྱ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༤ ནས་ ༩༣༥ བར་བཞུགས་སོ།།
༩༽ ཚེའི་སྒྲུབ་ཐབས། རྒྱ་གར་སྐ་དུ། ཨཱ་ཡུ་སཱ་དྷ་ན། བོད་སྐད་དུ། ཚེའི་སྒྲུབ་ཐབས། མཇུག་བྱང་ལས། ཚེའི་སྒྲུབ་ཐབས་སུ་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་ཞུས་ཅིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༥ ནས་ ༩༣༦ བར་བཞུགས་སོ།།
༡༠༽ རྒྱ་གར་སྐད་དུ། ཏཱ་རེ་ས་དྷ་ན། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས་སུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱི་བསྒྱུར་ཅིང་གཏན་ལ་ཕབ་པའོ། ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༦ ནས་ ༩༣༧ བར་བཞུགས་ལ། གཞུང་གི་ལུས་ཚིག་ལྷུག་ཅན་ནོ།།
༡༡༽ རྒྱ་གར་སྐད་དུ། མ་ཏི་ཨཀྵ་ར་སཱ་དྷ་ན། བོད་སྐད་དུ། བློ་གྲོས་མི་ཟད་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༨ ནས་ ༩༣༩ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མའོ།།
༡༢༽ རྒྱ་གར་སྐད་དུ། སིང་ཧ་ཤབ་ད་སཱ་དྷ་ན། བོད་སྐད་དུ། སེངྒེ་སྒྲའི་སྒྲུབ་ཐབས། དཱི་པཾ་ཀ་རས་མཛད་པ། ལོ་ཙཱ་བ་གྱི་ཇོ་བན་དེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༣༩ ནས་ ༩༤༠ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།།
༡༣༽ རྒྱ་གར་སྐད་དུ། བཛྲ་ཙཎྜ་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་སུ་དཱི་པཾ་ཀ་ར་དང་། གྱི་ཇོས་བསྒྱུར་བའོ། །ཞེས་པ་ལས་ཇོ་བོས་མཛད་ཚུལ་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༤༠ ནས་ ༩༤༡ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།
༡༤༽ རྒྱ་གར་སྐད་དུ། ཛཾ་བྷ་ལ་སཱ་དྷཱ་ན། བོད་སྐད་དུ། ནོར་སྦྱིན་པའི་སྒྲུབ་ཐབས། པཎྜི་ཏ་ཇོ་བོ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་པའོ། །ཞེས་པ་ལས་ཇོ་བོས་མཛད་ཚུལ་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༤༢ ནས་ ༩༤༣ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།
༡༥༽ རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་པས་མཛད་པའོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༤༧ ནས་ ༩༤༨ བར་བཞུགས་ལ། གཞུང་གི་ལུས་ནི་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་སུ་བཅད་པ་ ༩ བཞུགས་སོ། །འདི་མར་མེ་མཛད་ཀྱི་གསུང་གི་དཀར་ཆག་གི་རྒྱུད་ཀྱི་ཨང་ ༡༽ བཞུགས་པ་དང་འགའ་ཞིག་མཚུངས་ཀྱང་། ཚིགས་སུ་བཅད་པ་ལ་ལ་མི་མཚུངས་སོ།།
༡༦༽ ལས་སྒྲིབ་རྣམ་སྦྱོང་གི་སྒྲུབ་ཐབས་སམ་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ཀྱི་སྒྲུབ་ཐབས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་དང་། འགྱུར་བྱང་གང་ཡང་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༤༨ ནས་ ༩༤༩ བར་བཞུགས་ལ། གཞུང་གི་ལུས་ནི་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་སུ་བཅད་པ་ ༡༢ དང་། རྐང་པ་གཉིས་བཞུགས་སོ།།
༡༧༽ བཅོམ་ལྡན་འདས་མི་འཁྲུག་པའི་སྒྲུབ་ཐབས། རྒྱ་གར་སྐད་མི་གསལ་ལ། མཇུག་བྱང་ལས། བཅོམ་ལྡན་མི་འཁྲུགས་པའི་སྒྲུབ་ཐབས་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༤༩ ནས་ ༩༥༠ བར་བཞུགས་སོ།།
༡༨༽ སྒྲོལ་མ་དཀར་མོའི་སྒྲུབ་ཐབས། རྒྱ་གར་སྐད་མི་གསལ་ཞིང་། ཇོ་བོ་ཨ་ཏི་ཤས་མཛད་པ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ། མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༠༡༢ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་ཕྱོགས་བསྒྲིགས་མཛད་པའི་པོད་སྨད་ཆ། ཤོག་གྲངས་ ༩༥༤ ནས་ ༩༥༨ བར་བཞུགས་ཤིང་། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
༡༩༽ རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་ཨ་བྷི་ས་མ་ཡ་པིཎྚཽ། བོད་སྐད་དུ། འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་བསྡུས་པ། མཇུག་བྱང་ལས། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་འཕགས་མ་སྒྲོལ་མའི་འདོན་ཐབས་མངོན་པར་རྟོགས་པའི་བསྡུས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༦༢ ནས་ ༩༦༤ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།
༢༠༽ སྒྲོལ་མའི་སྒྲུབ་ཐབས་བྱིན་བརླབ་མྱུར་འཇུག་མ། ཞེས་པ་ལས་རྒྱ་གར་སྐད་མི་གསལ། མཇུག་བྱང་ལས། ཇོ་བོ་རྗེ་ལ་སྒྲོལ་མས་ལུང་བསྟན་ཏེ་ཐུགས་དམ་དུ་མཛད་ནས་དངོས་གྲུབ་བརྙེས། དེ་ནས་རིམ་པས་བཀའ་གདམས་པ་ཐམས་ཅད་ཀྱིས་ཐུགས་དམ་མཛད། བར་ཆད་སེལ། དངོས་གྲུབ་དང་བྱིན་རླབས་འདི་ལས་ཆེ་བ་མེད་གསུང་ངོ་། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༦༤ ནས་ ༩༦༥ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།
༢༡༽ སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས། རྒྱ་གར་སྐད་མི་གསལ། བསྟན་བཅོས་ཀྱི་དབུར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཇོ་བོ་བོད་དུ་འབྱོན་པའི་དུས་སུ། རྡོ་རྗེ་གདན་དུ་སྐོར་བ་ལ་བྱོན་ནས་ཇོ་མོ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་གིས་བསྟོད་ཅིང་སྐོར་བ་བྱས་པས། སྒྲོལ་མས་ལུང་བསྟན་གྱི་མཆོད་རྟེན་གྱི་རྩར་ཇོ་མོ་དངོས་དང་མཇལ་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན་ནས་བོད་ལ་ཁྱེད་ཀྱིས་ཕན་ཐོགས་པར་ཡོད་པས། བསྟོད་པ་ཉི་ཤུ་རྩ་གཅིག་པོ་འདི་ལ་ཡིད་དམ་གྱིས་ཤིག །ཐུགས་དམ་ལ་བར་ཆད་མི་འབྱུང་གསུངས་ནས་ཤླཽ་ཀ་ཉི་ཤུ་རྩ་གཅིག་དང་སྦྱར་ནས་འདི་གནང་ངོ་། །ཞེས་དང་། མཇུག་བྱང་ལས། ཇོ་བོ་རྗེ་ལ་རྗེ་བཙུན་མས་ལུང་བསྟན་ནས་གནང་བ་ཡིན་ནོ། །འདིའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཇོ་བོ་རྗེ། འབྲོམ་སྟོན། པུ་ཏོ་བ། ཤ་ར་བ། འབྲོམ་སྟོན་དབང་ཕྱུག་གྲགས། སང་སྟོན་ཤཱཀྱ་གཞོན་ནུ། ཟླ་གྲགས་གསར་མ། རོང་སྟོན་ཤཱཀྱ་རྒྱལ་མཚན། མཁན་ཆེན་བློ་གྲོས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་ཟླ་གྲགས་གསར་མ། སློབ་དཔོན་ཤེས་རབ་དཔལ། རོང་སྟོན་བློ་བཟང་བ། དེས་བདག་ལའོ། །ཞེས་པ་ལས་འགྱུར་བྱང་མི་གསལ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༦༥ ནས་ ༩༧༢ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
༢༢༽ སྒྲུབ་ཐབས་སྤྱིའི་མན་ངག་གསལ་བར་བྱེད་པ། མཛད་བྱང་ལས། སྒྲུབ་ཐབས་སྤྱིའི་མན་ངག་གསལ་བར་བྱེད་པ། སློབ་དཔོན་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བར་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༨༤ ནས་ ༩༥ བར་བཞུགས་སོ།།
༢༣༽ རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་མི་གཡོ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་བཞུགས། མཇུག་བྱང་ལས། བླ་མ་གསེར་གླིང་པས་མཛད་པ་རྫོགས་སོ། །སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རང་འགྱུར་དུ་མཛད་ནས། དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་བའོ། ། (ཞེས་འབྱུང་བས། གསེར་གླིང་པ་དང་ཇོ་བོ་གང་གི་གསུང་ཡིན་དཔྱད་དགོས་པར་སྣང་ངོ་།།) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༧༣ ནས་ ༩༧༨ བར་བཞུགས་ལ། གཞུང་གི་ལུས་ནི་གཟུངས་སྔགས་ལས་དེ་མིན་ཚིགས་སུ་བཅད་པ་ཤ་སྟག་གོ །སྡེ་དགེ་བསྟན་འགྱུར་ལྟར་ན། ཆོས་ཚན་འདི་ཉིད་ཇོ་བོའི་བསྒྱུར་གཞུང་ཡིན་པར་གསལ་ལོ།།
༢༤༽ རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ཀྲོ་དྷ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྒྲུབ་པའི་ཐབས། མཇུག་བྱང་ལས། སློབ་དཔོན་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༧༨ ནས་ ༩༩༥ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[2]། དེའི་དུས་ན་ཇོ་བོའི་བླ་མཆོད་དགེ་བཤེས་དགོན་པ་བས་དབུ་མཛད་བུར་གྱི་ཉམས་དགའ་མོར་བཞུགས་ཏེ་ཇོ་བོ་སྐབས་སུ་བླ་མཆོད་རྣམས་ཞལ་ལྟ་ཟེར་གསུངས་ནས་དེར་ཡང་ཡང་བྱོན། ནུབ་ཅིག་འུར་སྒྲ་ཆེན་པོ་ཞིག་བྱུང་བའི་རྗེས་ལ་ས་འོག་ནས་སྡིག་པ་ཆེན་པོ་ཞིག་བྱུང་ཤིག་ཤིག་བྱུང་། དགེ་བཤེས་དགོན་པ་བས་ཇོ་བོ་ལ་གསོལ་བ་བཏབ་པས་མེད་དེ་སོང་། དེའི་ནངས་པར་སྔ་མོར་ཇོ་བོ་བྱོན་ནས་ཁྱོད་ང་སྦྲོན་ཞིང་འདུག་པ་ཅི་བྱེད་གསུངས། བྱུང་ཚུལ་གསོལ་བས་ཇོ་བོས་རྣལ་འབྱོར་སྲུང་བའི་སྐོར་ཞེས་པ་མི་གཡོ་བའི་གདམས་པ་མ་ལུས་པ་དགོན་པ་བ་ལ་གནང་བས་ལོ་ཙཱ་བ་དང་དགེ་བཤེས་སྟོན་པ་གཉིས་ཞལ་འཁང་ཡང་དེ་ལ་མཛད། ཅེས་བྱུང་ངོ་།།
༢༥༽ རྗེ་བཙུན་ཛཾ་བྷ་དཀར་པོའི་སྒྲུབ་ཐབས་བཞུགས་སོ། །ཞེས་པ་ལས། རྒྱ་གར་སྐད་མི་གསལ། ལོ་ཙྪ་བ་རྒྱ་བརྩོན་འགྲུས་སེངྒེའི་ཞལ་ནས། ཇོ་བོའི་ཆོས་སྐོར་འདི་ཚོ་ལ་ཆོས་བཞི་ཡོད་གསུངས། ནག་ཚོ་ལོ་ཙྪ་བས་ཞུས་པས་དེ་བཞི་བཀའ་གནང་བ་ལགས། བཞིར་དྲིལ་ན་སྲོག་མཐུ་རླུང་གི་སྤུ་གྲི་དང་གཅིག །ཚེ་སྒྲུབ་བདུད་རྩི་འཁྱིལ་བ་དང་གཉིས། དབང་བསྡུས་ཕོ་རྐྱང་མོ་རྐྱང་བཙན་ཐབས་སུ་བསྒྲུབས་པ་དང་གསུམ། ནོར་སྒྲུབ་རིན་ཆེན་སྤུངས་པ་དང་བཞི་ཡིན་གསུངས། ནོར་སྒྲུབ་རིན་ཆེན་སྤུངས་པ་ཞེས་བྱ་བ་རྒྱ་བརྩོན་འགྲུས་སེངྒེས་ཕྱག་ལེན་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་གསལ་བར་མི་སྣང་ངོ་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༩༩༥ ནས་ ༡༠༠༢ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
༢༦༽ སྨན་བླའི་སྒྲུབ་ཐབས། རྒྱ་གར་སྐད་དུ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷ་ཀ་ར་བིདྷི། བོད་སྐད་དུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པར་བྱེད་པའི་ཆོ་ག་ཞེས་བྱ་བ་སྨན་བླའི་སྒྲུབ་ཐབས་བཞུགས་སོ། །མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༡༠༠༢ ནས་ ༡༠༠༣ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༨༨༢
[2] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༤༧ན༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༩ ནས་ ༢༡༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།