བཅུ་བཞི། སློབ་དཔོན་སེངྒེ་བཟང་པོའི་གསུང་གི་དཀར་ཆག
ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག
དང་པོ། ཤེར་ཕྱིན་གྱི་སྐོར།
༡༽ ཤེར་ཕྱིན་ ༼ག༽ ༼ང༽ ༼ཅ༽ གསུམ་ལ། རྒྱ་གར་སྐད་དུ། པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། གཞུང་དངོས་ཀྱི་མཛད་བྱང་ལས[1]། ལྟ་བ་མང་པོས་ཀུན་ཏུ་དཀྲུགས་པས་ད་ལྟར་རྩོད་པའི་དུས་འདིར་ཀློག་པའང་ཤིན་ཏུ་ཉུང་། །གླེགས་བམ་དུ་མའི་ཚིག་རྣམས་མི་མཐུན་ཐ་དད་གྱུར་པ་མཐོང་ནས་དད་པས་འདིར། །རྒོལ་བའི་གླང་པོའི་དབང་པོ་ཁྲོས་པས་འོང་བའི་ཀླད་འགེམས་སེངྒེ་བཟང་པོ་བདག །
གང་གིས་དག་པར་གཏུགས་པ་འཇིག་རྟེན་དོན་དུ་མཉམ་པར་གཞག་པ་མཁས་པས་བླང་བར་གྱིས། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ། ཞེས་གསལ་བ་ལྟར། སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཉི་ཁྲི་ལེ་བརྒྱད་མར་གྲགས་པ་བམ་པོ་བདུན་ཅུ་རྩ་བཞི་པ། བལ་ཡུལ་ཡམ་བུའི་བསོད་ནམས་རྒྱུན་འབྱུང་གི་གཙུག་ལག་ཁང་དུ་པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།། །།
སྟོད་ཆ། ཤེར་ཕྱིན། ༼ག༽ བམ་པོ་ ༡ ནས་ ༢༥ བར།
དང་པོ། ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ག༽ ཚན་གྲངས་ ༡ ལེའུ་ ༡ བམ་པོ་ ༡-༢༥ ལྡེབ་ ༡ན༡ ནས་ ༣༡༥ན༧ བར་ཡིག་ཕྲེང་ ༤༣༩༢ ཚེག་ཁྱིམ་ ༢༣༨༣༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼ག༽ ཚན་གྲངས་ ༡ ལེའུ་ ༡ བམ་པོ་ ༡-༢༥ ལྡེབ་ ༡ན༡ ནས་ ༣༦༣ན༨ བར་ཡིག་ཕྲེང་ ༥༧༨༡ ཚེག་ཁྱིམ་ ༣༤༠༤༣༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ག༽ ཚན་གྲངས་ ༡ ལེའུ་ ༡ བམ་པོ་ ༡-༢༥ ལྡེབ་ ༡ན༡ ནས་ ༣༤༧ན༦ བར་ཡིག་ཕྲེང་ ༤༨༦༩ ཚེག་ཁྱིམ་ ༢༤༠༤༣༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ག༽ ཚན་གྲངས་ ༡ ལེའུ་ ༡ བམ་པོ་ ༡-༢༥ ལྡེབ་ ༡ན༡ ནས་ ༣༣༣ན༤ བར་ཡིག་ཕྲེང་ ༤༦༤༡ ཚེག་ཁྱིམ་ ༢༣༨༢༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ག༽ དེབ་ཨང་ ༥༠ པ། ཤོག་གྲངས་ ༣ ནས་ ༧༧༣ བར་བཞུགས་པ་བཅས་སོ།། །།
བར་ཆ། ཤེར་ཕྱིན། ༼ང༽ བམ་པོ་ ༢༦ ནས་ ༥༠ བར།
གཉིས་པ། ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ང༽ ཚན་གྲངས་ ༡ ལེའུ་ ༢-༣ བམ་པོ་ ༢༦-༥༠ ལྡེབ་ ༡ན༡ ནས་ ༣༠༧ན༧ བར་ ༤༢༨༠ བར་ཡིག་ཕྲེང་ ༣༢༡༤༣༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼ང༽ ཚན་གྲངས་ ༡ ལེའུ་ ༢-༣ བམ་པོ་ ༢༦-༥༠ ལྡེབ་ ༡ན༡ ནས་ ༣༥༣ན༨ བར་ཡིག་ཕྲེང་ ༥༦༢༧ ཚེག་ཁྱིམ་ ༢༣༠༢༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ང༽ ཚན་གྲངས་ ༡ ལེའུ་ ༢-༣ བམ་པོ་ ༢༦-༥༠ ལྡེབ་ ༡ན༡ ནས་ ༣༦༨ན༥ བར་ཡིག་ཕྲེང་ ༥༡༢༤ ཚེག་ཁྱིམ་ ༢༣༠༢༡༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ང༽ ཚན་གྲངས་ ༡ ལེའུ་ ༢-༣ བམ་པོ་ ༢༦-༥༠ ལྡེབ་ ༡ན༡ ནས་ ༣༤༢ན༤ བར་ཡིག་ཕྲེང་ ༤༧༧༡ ཚེག་ཁྱིམ་ ༢༣༡༤༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ང༽ དེབ་ཨང་ ༥༠ ཤོག་གྲངས་ ༨༠༧ ནས་ ༡༥༩༥ བར་བཞུགས་པ་བཅས་སོ།། །།
སྨད་ཆ། ཤེར་ཕྱིན། ༼ཅ༽ བམ་པོ་ ༥༡ ནས་ ༧༤ བར།
གསུམ་པ། ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཅ༽ ཚན་གྲངས་ ༡ ལེའུ་ ༤-༨ བམ་པོ་ ༥༡-༧༤ ལྡེབ་ ༡ན༡ ནས་ ༣༤༢ན༦ བར་ཡིག་ཕྲེང་ ༤༧༦༩ ཚེག་ཁྱིམ་ ༢༨༠༨༠༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼ཅ༽ ཚན་གྲངས་ ༡ ལེའུ་ ༤-༨ བམ་པོ་ ༥༡-༧༤ ལྡེབ་ ༡ན༡ ནས་ ༤༠༣ན༧ བར་ཡིག་ཕྲེང་ ༦༤༢༧ ཚེག་ཁྱིམ་ ༢༨༡༢༤༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅ༽ ཚན་གྲངས་ ༡ ལེའུ་ ༤-༨ བམ་པོ་ ༥༡-༧༤ ལྡེབ་ ༡ན༡ ནས་ ༣༨༨ན༥ བར་ཡིག་ཕྲེང་ ༥༤༠༤ ཚེག་ཁྱིམ་ ༢༨༡༢༧༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཅ༽ ཚན་གྲངས་ ༡ ལེའུ་ ༤-༨ བམ་པོ་ ༥༡-༧༤ ལྡེབ་ ༡ན༡ ནས་ ༣༥༨ན༧ བར་ཡིག་ཕྲེང་ ༤༩༩༤ ཚེག་ཁྱིམ་ ༢༨༡༠༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཅ༽ དེབ་ཨང་ ༥༡ ཤོག་གྲངས་ ༣ ནས་ ༨༤༩ བར་བཞུགས་པ་བཅས་སོ།། །།
(དཀར་ཆག་གི་ཟུར་མཆན། བསྟན་འགྱུར་དཔེ་བསྡུར་མར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
ཉི་ཤུ་ལྔ་པ། ཤེར་ཕྱིན་ ༼ག༽ ༼ང༽ ༼ཅ༽ གསུམ་ལ་སྟོད་སྨད་བར་གསུམ་ཆ་བགོས་
ཀྱིས་བཞུགས་པ་ལྟར་བསྡུར་འབྲས་ཀྱང་དེ་ལྟར་སོ་སོར་བཀོད་པའོ།།)
༢༽ ཤེར་ཕྱིན་ ༼ཆ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་པྲ་ཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ། མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ། ཤླཽ་ཀ་སྟོང་ཕྲག་བརྒྱད་པ། དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་ལྷ་བཙན་པོ་ཁྲི་བཀྲ་ཤིས་ལྡེ་བཙན་གྱི་བཀས། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས། (བར་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ནས་བཅོས་པ་ལ། (ཕྱི་འགྱུར།) དུས་ཕྱིས་པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ་ཞེས་བྱ་བ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བསྒྱུར་ཅིང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
མི་དབང་ཕོ་ལྷ་བའི་གསེར་བྲིས་བསྟན་འགྱུར་[2]སྲིད་ཞིའི་རྒྱན་གཅིག་གི་དཀར་ཆག་ལས[3]། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་བའི་འགྲེལ་ཆེན། སློབ་དཔོན་སེངྒེ་བཟང་པོས་མཛད། རྒྱ་གར་གྱི་པཎྜི་ཏ་དྷཱི་ར་བཱ་ལ་དང་། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། ལྡེབ་གྲངས། ༡ན། ༥༢༣ན། བར་བཞུགས་པར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཆ༽ ཚན་གྲངས་ ༡ སྐབས་ ༨ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༣༤༡ན༡ བར་ཡིག་ཕྲེང་ ༤༧༥༩ ཚེག་ཁྱིམ་ ༢༩༨༧༥༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས་ ༼ཆ༽ ཚན་གྲངས་ ༡ སྐབས་ ༨ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༢༤༦ན༧ བར་ཡིག་ཕྲེང་ ༤༧༩༤ ཚེག་ཁྱིམ་ ༢༩༩༥༠༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཆ༽ ཚན་གྲངས་ ༡ སྐབས་ ༨ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༤༠༧ན༤ བར་ཡིག་ཕྲེང་ ༥༦༧༢ ཚེག་ཁྱིམ་ ༢༩༩༥༠༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཆ༽ ཚན་གྲངས་ ༡ སྐབས་ ༨ ལེའུ་ ༣༢ ལྡེབ་༡ན༡ ནས་ ༣༦༠ན༧ བར་ཡིག་ཕྲེང་ ༥༠༢༢ ཚེག་ཁྱིམ་ ༢༩༩༣༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ ཤོག་གྲངས་ ༨༩༡ ནས་ ༡༧༢༨ བར་བཞུགས་པ་བཅས་སོ།།
༣༽ ཤེར་ཕྱིན་ ༼ཇ༽ པ་ལ། རྒྱ་གར་སྐད་དུ། བྷ་ག་བཱན་རཏྣ་གུ་ཎ་སཉྩ་ཡ་གཱ་ཐཱ་ནཱ་མཿཔཉྩི་ཀཱ། བོད་སྐད་དུ། མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་པའམ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སེང་གེ་བཟང་པོས་མཛད་པ། གཞུང་དངོས་ཀྱི་མཛད་བྱང་ལས[4]། བརྒྱད་པའི་སྡེབ་སྦྱོར་ངེས་བཅིངས་པའི། །ཚིགས་སུ་བཅད་པ་ཡོངས་བརྩིས་ན། །ཕྱེ་ན་སྟོང་ཕྲག་གཉིས་དག་དང་། །བརྒྱ་ཡིས་འདི་ལྷག་ཤེས་པར་བྱ། །ཞེས་གསུངས་པ་ལྟར། གཞུང་ཚད་ལ་ཤླཽ་ཀ་ཉིས་སྟོང་ཆིག་བརྒྱ་པ། བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[5]། རྒྱན་སྣང་མ་ཚང་བ། སེངྒེ་བཟང་པོའི་སྡུད་འགྲེལ་མ་ཚང་བ། ཞེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཇ༽ ཚན་གྲངས་ ༡ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༧༨ན༧ བར་ཡིག་ཕྲེང་ ༡༠༧༦ ཚེག་ཁྱིམ་ ༥༤༤༢༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས་ ༼ཇ༽ ཚན་གྲངས་ ༡ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༢༩ན༦ བར་ཡིག་ཕྲེང་ ༡༤༣༠ ཚེག་ཁྱིམ་ ༥༤༦༠༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཇ༽ ཚན་གྲངས་ ༡ ལེའུ་ ༣༢ ལྡེབ་ ༡ན༡ ནས་ ༨༨ན༡ བར་ཡིག་ཕྲེང་ ༡༡༧༠ ཚེག་ཁྱིམ་ ༥༤༦༢༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཇ༽ ཚན་གྲངས་ ༡ ལེའུ་༣༢ ལྡེབ་ ༡ན༡ ནས་ ༨༣བ༤ བར་ཡིག་ཕྲེང་ ༡༠༧༩ ཚེག་ཁྱིམ་ ༥༤༤༣༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ ཤོག་གྲངས་ ༣ ནས་ ༡༩༠ བར་བཞུགས་པ་བཅས་སོ།།
༤༽ ཤེར་ཕྱིན་ ༼ཇ༽ པ་ལ། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ནཱ་མ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤཿཤཱསྟྲ་བྲིད་ཏི། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། བམ་པོ་ལྔ་པ། གཞུང་དངོས་ཀྱི་མཇུག་བྱང་ལས[6]། མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས། །ཞེས་གསུངས་པ་ལྟར། སློབ་དཔོན་སེང་གེ་བཟང་པོས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་བིདྱཱི་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །(ཕྱི་འགྱུར།) སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པའོ། །བུ་སྟོན་ཆོས་འབྱུང་ལས[7]། དཀར་ཆག་མཆིམས་ཕུ་མ་དང་འཕང་ཐང་མར་མངོན་པར་རྟོགས་པའི་རྒྱན་རྒྱ་ཆེར་འགྲེལ་པ་བམ་པོ་དྲུག་ཅེས་བྱུང་བ་དེ། འདི་ལ་འཁྲུལ་ལམ་གཞན་ཡོད་བརྟག་པར་བྱའོ། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[8]། མཁས་གྲུབ་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་དུ་གྲགས་པའི་ལེགས་པར་བཤད་པ་ཆེན་མོ་དེའི་བཤད་ཁྲིད། བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་ནི་ལམ་རིམ་གྱི་རྩ་བའི་གཞུང་ཡིན་ལ། དེ་ཉིད་ཀྱི་བཤད་བྱ་རྩ་བའི་མདོ་སྡུད་པ་དང་སྦྱར་ནས་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་གྱིས་གནང་བ་ལྟར་གྱི་བཤད་ལུང་། ཤེས་རབ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་རྣམས་ཀྱི་ནང་ནས་གཞན་ལས་ཁྱད་ཆོས་བཞི་ཡིས་ཁྱད་པར་དུ་འཕགས་པ་སློབ་དཔོན་སེངྒེ་བཟང་པོའི་འགྲེལ་པ་དོན་གསལ་གྱི་བཤད་ལུང་། ཞེས་གསལ་བ་ལྟར། འགྲེལ་པ་དོན་གསལ་གྱི་བཤད་ལུང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པར་གསུངས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཇ༽ ཚན་གྲངས་ ༢ སྐབས་ ༨ བམ་པོ་ ༥ ལྡེབ་ ༧༨ན༧ ནས་ ༡༤༠ན༧ བར་ཡིག་ཕྲེང་ ༨༦༨ ཚེག་ཁྱིམ་ ༥༣༧༢༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས་ ༼ཇ༽ ཚན་གྲངས་ ༢ སྐབས་ ༨ བམ་པོ་ ༥ ལྡེབ་ ༩༢ན༦ ནས་ ༡༦༠བ༨ བར་ཡིག་ཕྲེང་ ༡༠༩༢ ཚེག་ཁྱིམ་ ༥༣༦༥༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཇ༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༨༨ན༡ ནས་ ༩༥༤ན༧ བར་ཡིག་ཕྲེང་ ༩༡༠ ཚེག་ཁྱིམ་ ༥༣༦༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས་ ༼ཇ༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༨༣བ༤ ནས་ ༡༤༧ན༤ བར་ཡིག་ཕྲེང་ ༨༧༣ ཚེག་ཁྱིམ་ ༥༣༧༣༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ ཤོག་གྲངས་ ༢༠༥ ནས་ ༣༥༤ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཅ༽ དེབ་ཨང་ ༥༡ པ། ༡༩༩༥ ལོ། ཤོག་གྲངས་ ༨༤༨
[2] གསེར་བྲིས་བསྟན་འགྱུར་ནི། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་གནང་སྟེ་ཕྱི་ལོ་ ༡༧༣༤ ལོའི་ཡས་མས་ལ་གསེར་ཞུན་གྱིས་བྲིས་པ་ཞིག་དང་། ཁྱོན་ཤོག་གྲངས་ ༩༨༤༥༡ དང་། དེ་ལ་ཆོས་ཚན་རྣམ་གྲངས་ ༣༩༣༤ ལ་པོད་ ༢༢༥ ཡོད། ད་ལྟ་རི་བོ་དགེ་ལྡན་དུ་བཞུགས་ཤིང་། ཕྱི་ལོ་ ༡༩༥༩ ལོ་ནས་ ༡༩༨༨ བར་རྒྱ་ནག་མི་རིགས་ཕོ་བྲང་དཔེ་མཛོད་ཁང་དུ་བཞུགས་རིང་ངག་དབང་ནོར་བུས་མི་དབང་ཕོ་ལྷ་བའི་གསེར་བྲིས་བསྟན་འགྱུར་སྲིད་ཞིའི་རྒྱན་གཅིག་གི་དཀར་ཆག་འདི་བྲིས་པ་ཞིག་ཡིན།
[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༦༦
[4] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༡༩༩༥ ལོ། ཤོག་གྲངས་ ༡༩༠
[5] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༢
[6] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༡༩༩༥ ལོ། ཤོག་གྲངས་ ༣༥༣
[7] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༢
[8] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་ ༤༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༧ ནས་ ༤༦༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།