ཅ༽ ཀླུ་སྒྲུབ་ཀྱི་གསུང་ལས་རྩོད་ཅན་ཁ་གཡར་གྱི་བསྟན་བཅོས། (ཆོས་ཚན་ ༡༠)

ཅ༽ རྩོད་ཅན་ཁ་གཡར་གྱི་བསྟན་བཅོས།

དེ་ལྟར་བསྟན་འགྱུར་དུ་བཞུགས་པའི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་མཛད་བྱང་གསལ་བའི་བསྟན་བཅོས་རྣམ་གྲངས་ ༡༥༣ ཡོད་པ་ལས། ཆོས་ཚན་ཨང་། ༣༤༽ དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་དང་། ༣༥༽ ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། ༣༨༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག ། ༤༣ ༽ རིམ་པ་ལྔ་པ། ༥༠༽ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། ༥༡༽ ཕྱག་རྒྱ་བཞི་གཏན་ལ་དབབ་པ།

༨༧༽ ཞེན་ལོག་སྒྲོན་མ། ༡༠༨༽ ག་ལས་འཇིགས་མེད། ༡༢༩༽ འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། ༡༥༣༽ དབང་ཕྱུག་བྱེད་པོ་ཉིད་སེལ་བ་དང༌ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་བཅས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ཅེས་གསལ་ནའང་། སྔོན་བྱོན་མཁས་པ་རྣམས་ཀྱིས་དཔྱད་པ་མཛད་པ་ཆོས་ཚན་སོ་སོའི་སྐབས་སུ་བཀོད་ཟིན་ལ། གོང་གསལ་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་ ༡༠ པོ་འདི་དག་ཀླུ་སྒྲུབ་ཀྱིས་མཛད་མིན་དོགས་སློང་མཛད་དེ་བསྟན་འགྱུར་དཀར་ཆག་དང་། སྔོན་བྱོན་མཁས་པའི་གཞུང་ལུགས་ཁག་ཏུ་རྩོད་ཅན་དང་། ཁ་གཡར། ཐེ་ཚོམ་གྱི་གཞི། མཚན་གཡར་བ་སོགས་གསལ་བས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།། །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༧ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *